མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༡ ལོའི་༸གོང་ས་མཆོག་གི་མཛད་འཕྲིན་ཕྱོགས་བསྡུས།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

༢༠༡༡ ལོའི་ནང་༸གོང་ས་མཆོག་གིས་ཕྱོགས་ཕེབས་མཛད་འཕྲིན་བསྐྱངས་པའི་གནས་ཚུལ་ཁག་ཕྱོགས་བསྡུས།

ཟླ་དང་པོ། ཕྱི་ཚེས་ ༤ ཉིན་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་ཊེ་ཊེར་ (Twitter) དྲ་ལམ་བརྒྱུད་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་ཚོར་བཀའ་ལན་བསྩལ། ཚེས་ ༡༢ ནས་ ༡༦ བར་གནས་མཆོག་ཝ་རཱ་ཎ་སིར་བོད་ནས་ཆོས་ཞུ་བ་ ༡༨༠༠ གཙོས་པའི་ཁྱོན་མི་ ༣༠༠༠༠ ལྷག་ལ་བཀའ་ཆོས་གསུངས། ཚེས་ ༡༧ ཉིན་བྷིང་ལོར་སེན་ཇོ་སེབ་ཡེ་ཤུའི་སློབ་གྲྭའི་དགེ་ལས་སློབ་ཕྲུག་ ༣༠༠༠ ཙམ་ལ་འཛམ་གླིང་ཞི་བདེ་བསྐྲུན་ཐབས་སྐོར་དང་། མང་ཚོགས་ལ་དཀའ་རྙོག་གི་དུས་སུ་བདེ་སྐྱིད་འཚོལ་ཐབས་སྐོར་གྱི་བཀའ་སློབ་བསྩལ།

 ཟླ་གཉིས་པ། ཚེས་ ༡ ཉིན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ལས་བསྡོམས་ཚོགས་ཆེན་སྟེང་བོད་རིགས་མི་མང་ ༡༠༠༠༠ བརྒལ་བར་བཀའ་སློབ་དང་། གཞིས་ཆགས་དེའི་མང་ཚོགས་ཀྱིས་ཟམ་གདོང་རིན་པོ་ཆེར་གཟེངས་རྟགས་ཤིག་ཕུལ་བ་དེ་༧གོང་ས་མཆོག་སྐུ་དངོས་ཀྱིས་ཟམ་གདོང་རིན་པོ་ཆེར་བསྩལ། ཚེས་ ༩ ཉིན་རྒྱལ་པོ་ཇ་སིངྒ་གི་མཧཱ་ལཀ་ཤི་མེན་བུད་མེད་སློབ་གྲྭར་བུད་མེད་ཀྱི་ཀུན་སྤྱོད་སྐོར་བཀའ་སློབ་བསྩལ། ཚེས་ ༡༠ ཉིན་ཧ་རི་ཏཱ་ཇི་མགྲོན་ཁང་དུ་ཇོ་ཌ་པུར་རྒྱལ་པོའི་འཁོར་དང་གྲོས་ཚོགས་འཐུས་མི། གྲོང་ཁྱེར་སྤྱི་ཁྱབ། ས་གནས་བོད་མི་བཅས་ལ་བཀའ་སློབ་བསྩལ། ཚེས་ ༡༨ ཉིན་མུམ་བྷེ་སློབ་ཆེན་དུ་སྲོལ་རྒྱུན་ལེཊ་བཤད་དང་དེང་རབས་སློབ་གསོའི་སྐོར་བཀའ་སློབ་བསྩལ། ཚེས་ ༡༩ ཉིན་གྲོང་ཁྱེར་མུམ་བྷེ་རུ་ཀླད་ཁམས་ཚན་རིག་ཚོགས་ཆེན་ ༡༦ སྟེང་ཚོགས་ཞུགས་གནང་། 

 ཟླ་གསུམ་པ། ཚེས་ ༡༠ ཉིན་གསུམ་བཅུའི་དུས་དྲན་ཐེངས་ ༥༢ པའི་གསུང་འཕྲིན་བསྩལ། ཚེས་ ༡༤ ཉིན་ཏེ་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ཐེངས་ ༡༡ སྟེང་སྤྱི་འཐུས་ལྷན་ཚོགས་སུ་གསུང་འཕྲིན་བསྩལ་ཏེ། ཁོང་ཉིད་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་གི་དབུ་ཁྲིད་ལས་དགོངས་ཞུ་གནང་རྒྱུའི་བཀའ་སློབ་བསྩལ། ཚེས་ ༡༤ ཉིན་བཞུགས་སྒར་དུ་ཐའེ་ལན་ཌིའི་ཆོས་ཞུ་བ་གཙོས་པའི་མི་ ༧༠༠༠ ཙམ་ལ་བཀའ་ཆོས་བསྩལ། ཚེས་ ༢༣ ཉིན་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་ཕེབས། 

 ཟླ་བཞི་པ། ཚེས་ ༢ ཉིན་ལྡི་ལིར་ཚོགས་པའི་རྒྱ་གར་སྲིད་འཛིན་ཨར་ཝན་ཀ་ཊ་རཱ་མན་མཆོག་འཁྲུངས་ཏེ། ལོ་ ༡༠༠ འཁོར་པའི་མཛད་སྒོར་ཕེབས། ཚེས་ ༦ ཉིན་ཀང་ར་རྒྱལ་པོའི་འགྲེམས་སྟོན་དབུ་འབྱེད་མཛད་སྒོར་ཕེབས་ཏེ། རྒྱལ་པོའི་སྐུ་འཁོར་ལ་མཇལ་འཕྲད་དང་མང་ཚོགས་ལ་བཀའ་སློབ་བསྩལ། ཚེས་ ༡༣ ཉིན་ཡུ་རོབ་ཨར་ལན་ཌིར་སྐོང་ཚོགས་གནང་བའི་༢༠༡༡ ལོའི་བཅོས་བསྒྱུར་ཀྱི་གོ་སྐབས་ཞེས་པའི་ཚོགས་ཆེན་སྟེང་མཉམ་ཞུགས་གནང་། ཚེས་ ༢༢ ཉིན་བོད་གཞུང་སྲི་ཞུ་བ་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ། ཚེས་ ༢༩ ཉིན་ཉི་ཧོང་ས་ཡོམ་དང་མཚོ་ལྷགས་ཁྲོད་རྐྱེན་འདས་སུ་གྱུར་བ་ཚོར་བསྔོ་སྨོན་དང་ཐུགས་གསོ་གནང་།

 ཟླ་ལྔ་བ། ཚེས་ ༣ ཉིན་ལྐོ་ཀེ་ལི་ཕོར་ནི་ཡཱ་གཙུག་ལག་སློབ་ཆེན་དུ། སློབ་ཕྲུག་དང་མང་ཚོགས་ ༥༠༠༠ ཙམ་ལ་འཇིག་རྟེན་གྱི་བཟང་སྤྱོད་དང་འགྲོ་བ་མིའི་ཐོབ་ཐང་ཐོག་བཀའ་སློབ་བསྩལ། ཚེས་ ༧ ཉིན་ཨ་རིའི་མེ་ནི་སོ་ཊ་གཙུག་ལག་སློབ་ཁང་དུ། ས་གནས་བོད་མི་ ༢༠༠༠ ལྷག་ལ་བོད་མིའི་ཆབ་སྲིད་འགན་དབང་རྩིས་སྤྲོད་གནང་ཕྱོགས་ཐོག་བཀའ་སློབ་བསྩལ། ཚེས་ ༢༡ ནས་ ༢༤ ཉིན་བར་བཞུགས་སྒར་དུ་བཅའ་ཁྲིམས་བསྐྱར་བཅོས་དང་༧གོང་ས་མཆོག་གི་སྐུ་དབང་སྐོར་གྱི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཚོགས།

 ཟླ་དྲུག་པ། ཚེས་ ༣ ནས་ ༥ ཉིན་བར་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ། མཐོ་སློབ་འགྲིམས་བཞིན་པའི་བོད་རིགས་སློབ་ཕྲུག་དང་གཞོན་སྐྱེས་ ༣༠༠༠ ཙམ་ལ་ནང་ཆོས་ངོ་སྤྲོད་གནང་། ཚེས་ ༦ ཉིན་ནེའུ་ཛི་ལན་ཌིའི་ཁིར་སི་ཆར་ཅི་ (Christchurch) ཞེས་པའི་ས་ཡོམ་རྒྱག་སར་ཕེབས་ཏེ། མི་མང་ ༥༠༠༠ ལ་དཀའ་ངལ་ལ་གདོང་ལེན་བྱ་དགོས་སྐོར་བཀའ་སློབ་བསྩལ། ཚེས་ ༡༠ ཉིན་ཨོ་སི་ཊོ་ལི་ཡའི་མེལ་བྷོན་གྲོང་ཁྱེར་གྱི་བྱིས་པ་ཉམ་ཐག་ཐེབས་རྩ་ (Footscray) རུ་ཕེབས་ཏེ། བདེ་སྐྱིད་ཀྱི་མི་ཚེ་སྐྱེལ་ཐབས་སྐོར་གྱི་བཀའ་སློབ་གནང་སྟེ། ཐེབས་རྩ་དེར་ཨ་སྒོར་ ༡༠༠༠༠ ཞལ་འདེབས་གནང་། ཚེས་ ༡༡ ཉིན་མེལ་བྷོན་གྲོང་ཁྱེར་དུ་མི་མང་ ༣༠༠༠ ལ་སྤྱོད་འཇུག་བཀའ་ཁྲིད་གནང་། ཚེས་ ༡༢ ཉིན་ཡུལ་དེར་གནས་སྡོད་བོད་པ་དང་སོག་པོ། འབྲུག་པ་བཅས་ལ་བཀའ་སློབ་བསྩལ། ཚེས་ ༡༤ ཉིན་ཡུལ་དེའི་ཕྱོགས་འགལ་ཚོགས་པ་དང་རྒྱལ་ཡོངས་ཚོགས་པ། ལྗང་ཁུ་ཚོགས་པ། ཤེས་ཡོན་བློན་ཆེན་བཅས་ལ་མཇལ་འཕྲད་གནང་། ཚེས་ ༢༨ ཉིན་བཞུགས་སྒར་དུ་ཝེ་ཐི་ནམ་གཙོས་པའི་མི་ ༤༠༠༠ བརྒལ་བར་རྟེན་འབྲེལ་བསྟོད་པ་བཀའ་ཁྲིད་གནང་།

 ཟླ་བདུན་པ། ཚེས་ ༦ ཉིན་ཨ་རིའི་རྒྱལ་ས་ཝ་ཨིན་ཊོན་དུ་༧གོང་ས་མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་འཁྲུངས་སྐར་སྲུང་གཙི་དང་འབྲེལ། བོད་མི་ ༥༠༠༠ གཙོས་པའི་མི་ ༢༠༠༠༠ ལ་བཀའ་སློབ་བསྩལ། ཚེས་ ༡༣ ནས་ ༡༥ བར་རྒྱལ་ས་ཝ་ཤིན་ཊོན་དུ་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཆོས་ཞུ་བ་ཁྲི་ ༢ ལ་དུས་འཁོར་དབང་ཆེན་ཐེངས་ ༣༡ པ་བསྩལ། ཚེས་ ༡༧ ཉིན་ཆེ་ཁཱ་གྷོ་གྲོང་ཁྱེར་དུ་མི་མང་ ༡༠༠༠༠ བརྒལ་བར་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་བསྩལ།

 ཟླ་བརྒྱད་པ། ཚེས་ ༨ ཉིན་བཀའ་ཁྲི་གསར་པའི་ཁྲི་འདོན་ཉིན་མོར་ལོ་རྒྱུས་ཐོག་གི་བོད་མིའི་ཆབ་སྲིད་འགན་དབང་ཆ་ཚང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་རྩིས་སྤྲོད་གནང་། ཚེས་ ༡༣ ཉིན་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཁག་ལ་མཇལ་འཕྲད་གནང་རྗེས། གྲོང་ཁྱེར་ཐོ་ལོ་སིའི་ནང་མི་མང་ ༩༠༠༠ ལ་སྒོམ་རིམ་བར་མ་བཀའ་ཁྲིད་གནང་། ཚེས་ ༡༥ ཉིན་མི་མང་ ༡༥༠༠༠ ཙམ་ལ་བདེ་སྐྱིད་ཀྱི་འབྱུང་རྩ་སྐོར་གྱི་བཀའ་སློབ་བསྩལ། ཚེས་ ༢༡ ཉིན་འཇར་མན་གྲོང་ཁྱེར་ཧམ་བྷག་ཏུ་ཆིབས་བསྒྱུར་བསྐྱངས་ཏེ། རྒྱལ་སྤྱིའི་མཁས་པའི་ལྷན་ཚོགས་ཐོག་ཆིབས་བསྒྱུར་གནང་། ཚེས་ ༢༣ ཉིན་ཧ་སེ་མངའ་སྡེའི་གྲོས་ཚོགས་སུ་ཕེབས་ཏེ་བོད་དོན་ཐོག་བཀའ་སློབ་དང་གྲོས་ཚོགས་འཐུས་མི་ ༢༠ ལ་མཇལ་འཕྲད་གནང་། ཕྱི་དྲོ་གྲོང་ཁྱེར་ཨེ་སུ་ཕོ་ཞེས་པའི་བྷ་རོ་ཎ་ཚོགས་ཁང་དུ། མི་མང་ ༧༠༠༠ ཙམ་ལ་བྱམས་བརྩེའི་ནུས་སྟོབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ། ཚེས་ ༢༤ ཉིན་ཨིན་ངྷ་རཱ་གྷན་ངྡི་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པའི་ལག་འཁྱེར་བཞེས།

 ཟླ་དགུ་བ། ཚེས་ ༧ ཉིན་ཁེ་ན་ཌའི་མོན་ཁྲི་རིལ་ཧྥི་ལཱ་སེ་ཌེ་སི་ཀོ་རེ་ཚོགས་ཁང་དུ། ཁུལ་དེའི་མི་མང་སྟོང་ཕྲག་ལྷག་ལ་བཟང་སྤྱོད་ཐོག་བཀའ་སློབ་བསྩལ། ཚེས་ ༩ ཉིན་མེག་སི་ཁོའི་སྲིད་འཛིན་དང་སྲིད་འཛིན་ཟུར་པ་ཝེ་སེན་ཊ་པོ་སིེ་གཉིས་ལ་མཇལ་འཕྲད་དང་། རྒྱལ་ཁབ་དང་ས་གནས་འདྲ་མིན་གྱི་གསར་འགོད་པ་ ༤༠༠ ཙམ་ལ་བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་གནང་། ཚེས་ ༡༡ ཉིན་རྒྱལ་སའི་རྩེད་ཐང་ཆེན་མོར་མི་མང་སུམ་ཁྲི་ཙམ་ལ་རྙོག་འཛིང་གི་སྐབས་སུ་བདེ་སྐྱིད་འཚོལ་བ་ཞེས་པའི་བཀའ་སློབ་བསྩལ། ཚེས་ ༡༣ ཉིན་ཨར་ཅིན་ཊེ་ནར་ཕེབས་ཏེ། ཡུལ་དེའི་གྲོས་ཚོགས་འཐུས་མི་ཚོར་མཇལ་འཕྲད་དང་། མི་མང་ ༢༠༠༠ ཙམ་ལ་གཞོན་སྐྱེས་ཚོར་སློབ་གསོ་སྤྲད་དེ་འཛམ་གླིང་བཟང་དུ་གཏོང་ཐབས་ཞེས་པའི་བཀའ་སློབ་བསྩལ། ཚེས་ ༡༦ ཉིན་བྷར་ཛིལ་དུ་ཕེབས་ཏེ། ཡུལ་དེའི་བཟོ་ཚོང་སྡེ་ཁག་གི་མགོ་ཁྲིད་ཚོར་མཇལ་འཕྲད་དང་མང་ཚོགས་ལ་བཀའ་སློབ་བསྩལ། ཚེས་ ༢༢ ཉིན་གཞུགས་སྒར་དུ་ཚོགས་པའི་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཆེན་མོ་བཞི་དང་གཡུང་དྲུང་བོན་གྱི་ཚོགས་ཆེན་ཐེངས་ ༡༡ སྟེང་ཕེབས་ཏེ། རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་ཐོག་བཀའ་སློབ་བསྩལ།

 ཟླ་བཅུ་པ། ཚེས་ ༡ ཉིན་བཞུགས་སྒར་དུ་ཐེ་ཝན་གཙོས་པའི་ཆོས་ཞུ་བ་ ༦༠༠༠ ཙམ་ལ་ཆོས་དབྱིངས་བསྟོད་པ་བཀའ་ཁྲིད་གནང་། ཚེས་ ༡༩ ཉིན་གོང་ས་མཆོག་དབུ་བཞུགས་ཐོག་ངྷ་སའི་སེར་སྐྱ་མང་ཚོགས་ ༥༠༠༠ གིས་བོད་ནང་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་པ་ཚོར་ཟས་བཅད་སྨྱུང་གནས་གནང་། ཚེས་ ༢༣ ཉིན་བཞུགས་སྒར་དུ་ཀོ་རི་ཡ་གཙོས་པའི་མི་ ༤༣༣༦ ཙམ་ལ་ལམ་རིམ་ཆེན་མོ་བཀའ་ཁྲིད་གནང་། 

 ཟླ་བཅུ་གཅིག ཚེས་ ༡ ཉིན་ནས་བདུན་ཕྲག་གཅིག་རིང་ཉི་ཧོང་ས་ཡོམ་རྒྱག་ཡུལ་ (Sendai) དང་ (Osaka) བཅས་སུ་ཕེབས་ཏེ་མང་ཚོགས་ལ་ཐུགས་གསོ་དང་། ཉི་ཧོང་ཚན་རིག་པའི་བར་བགྲོ་གླེང་། གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པའི་ཚོགས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ཚེས་ ༣༠ ཉིན་ལྡི་ལིར་ཚོགས་པའི་འཛམ་གླིང་ནང་པའི་ཚོགས་ཆེན་སྟངས་ཕེབས་ཏེ། རྒྱལ་ཁབ་ ༤༢ ཙམ་གྱི་ཚོགས་ཞུགས་པ་ ༨༠༠ བརྒལ་བར་བཀའ་སློབ་བསྩལ།

 ཟླ་བཅུ་གཉིས། ཚེས་ ༡ ཉིན་ནུབ་བྷང་གྷིལ་རྒྱལ་ས་ཀ་ལི་ཀ་ཏར་ཡེ་ཤུའི་བཙུན་མ་ཁྲེ་རེ་སཱ་སྐུ་འཁྲུངས་ཏེ། ལོ་ ༡༠༠ འཁོར་བའི་དུས་དྲན་མཛད་སྒོར་ཕེབས། ཚེས་ ༢ ཉིན་ལྡི་ལི་ཌི་ཡཱ་མོ་ཊེ་ཐེབས་རྩ་ཁང་གིས་འདི་ལོའི་ཐེབས་རྩ་ཁང་དེའི་གཟེངས་རྟགས་༧གོང་ས་མཆོག་ལ་ཕུལ། ཕྱི་ཚེས་ ༣ ཉིན་ལྡི་ལི་ (Shiksha Kendra) ཤེས་ཡོན་བསྟི་གནས་ཁང་དུ་ཕེབས་ཏེ། སློབ་གྲྭའི་དགེ་སློབ་ཚོར་བཀའ་སློབ་གནང་སྟེ། ཧིན་སྒོར་འབུམ་ ༥ ཞལ་འདེབས་གནང་། ཚེས་ ༤ ཉིན་ལྷོ་ཕྱོགས་རྒྱུད་སྨད་གྲྭ་ཚང་དུ་བོད་ནས་ཕེབས་པའི་ཆོས་ཞུ་བ་གཙོས་པའི་མི་ ༡༠༠༠༠ ཙམ་ལ་གསང་འདུས་ཀྱི་འགྲེལ་བ་བཀའ་ཁྲིད་གནང་། ཚེས་ ༡༡ ནས་ ༡༣ བར་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཕེབས་ཏེ། ཡུལ་དེའི་སྲིད་འཛིན་ཟུར་བ་དང་ཕྱི་སྲིད་བློན་གཉིས་ལ་མཇལ་འཕྲད་དང་། ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་ཚོགས་འདུར་མཉམ་ཞུགས་དང་མང་ཚོགས་གཏམ་བཤད་གནང་། ཚེས་ ༡༩ ནས་ ༢༡ བར་བཞུགས་སྒར་དུ་ཨུ་རུ་སུའི་ནང་པའི་དད་ལྡན་པ་ ༢༠༠༠ ལ་བཀའ་ཆོས་གསུངས།

 

གསར་འགོད་པ། དཔལ་ལྡན།

༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད༽

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོག་བཞིན་པ། ༢༠༢༥།༡༡།༡ ཐད་གཏོང་ནས་པར་བླངས།
Mobile App

༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

གོ་སྟོན་རྒྱལ་ཡོངས་ཤེར་ཕྱིན་བགྲོ་གླེང་ཚོགས་ཆེན་འཚོག་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
Sikyong Penpa Tsering met with former U.S. Special Coordinators for Tibetan Issues. Photo Credit: Sikyong Penpa Tsering's FB Page.
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོར་ཐུག་འཕྲད་གནང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

མགོ་ལོག་གི་རྒྱལ་ལོ་དོན་འགྲུབ།

༢༠༢༥/༡༠/༣༡
Mobile App

ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་དབུས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

༢༠༢༥/༡༠/༣༡
U.S. President Donald Trump and Chinese President Xi Jinping walk as they leave after a bilateral meeting at Gimhae International Airport, on the sidelines of the Asia-Pacific Economic Cooperation (APEC) summit, in Busan, South Korea, October 30, 2025. REUTERS/Evelyn Hockstein Purchase Licensing Rights
Mobile App

ལོ་དྲུག་གི་རྗེས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱིས་ཐུག་འཕྲད་གནང་།

༢༠༢༥/༡༠/༣༠

མཆན། 3

  1. ནད་པ says:
    ལོ་ 14 སྔོན།

    རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར།།
    སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི།།
    འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན།།
    བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་འགྱུར་ཅིག། ཅེས་༸ རྒྱལ་བའི་ཡོངས་འཛིན་ཟུང་གིས་གསུངས།

    མཛད་པ་ཀུན་ལས་གསུང་གི་ནི།།
    མཛད་པ་མཆོག་ཡིན་དེ་ཡང་ནི།།
    དེ་ཉིད་ཡིན་ཕྱིར་མཁས་པ་ཡིས།།
    འདི་ལས་སངས་རྒྱས་རྗེས་དྲན་བྱོས།། ཞེས་རྗེ་ཙོང་ཁ་པས་གསུངས།།

    རྗེ་བཙུན་འཇམ་དཔལ་ངག་གི་དབང་པོའི་སྐུ།།
    སྙིང་རྗེའི་གཏེར་ཆེན་བློ་གྲོས་བཟང་པོའི་གསུང་།།
    ཡེ་ཤེས་མཐུ་སྟོབས་གསང་བའི་བདག་པོའི་ཐུགས།།
    ༸ རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོའི་སྡེ།།
    ཡོངས་རྫོགས་བསྟན་པའི་བདག་པོར་ཞབས་བརྟན་གསོལ།། ཞེས་སྔ་འགྱུར་རྙིང་མའི་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེས་གསུངས།

    Reply
  2. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཨོ་སྀ་ཁྲི་ལི་ཡའི་གྲོང་ཁྱེར་མེ་བྷོན་ནང་གིབྱིས་པ་ཉམ་ཐག་ཐེབ་རྩ་ཁང་ལ་ཨ་སྒོར་འབུམ་གཅིག་གནང་ཡོད་བསམ་བྱུང།

    Reply
  3. བློ་བཟང་རྒྱལ་མཚན། says:
    ལོ་ 14 སྔོན།

    ༢༠༡༢་ལོ་ལ་དེ་བས་ཁྱེད་ཀྱི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་བ་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese