འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁ་སང་ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པར་བྲག་མགོ་རྫོང་དུ་བོད་མི་ཚོས་ཞི་བའི་སྒོ་ནས་ངོ་རྒོལ་སྐད་འབོད་བྱས་སྐབས། རྒྱ་གཞུང་ཉེན་རྟོག་པས་བོད་མི་ཚོར་གང་བྱུང་མེ་མདས་བརྒྱབ་ཏེ་བོད་མི་ ༦ བསད་ཡོད་པའི་གནས་ཚུལ་བྱུང་བ་དང་བོད་མི་ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་པའི་གནས་ཚུལ་བྱུང་སྟབས། དམག་མི་དང་མི་མང་ཕན་ཚུན་འཁྲུག་འཛིང་ཤོར་བའི་གནས་ཚུལ་བྱུང་ཡོད་འདུག་ལ། ཁ་སང་གི་དོན་རྐྱེན་བྱུང་མ་ཐག་བྲག་མགོ་རྫོང་གི་ཉེ་འཁོར་དུ་ཡོད་པའི་རྟའུ་རྫོང་ནས་བོད་མི་རླངས་འཁོར་ ༤ ཙམ་དང་དཀར་མཛེས་རྫོང་གི་བོད་མི་བཅས་བསྡོམས་བོད་མི་སྟོང་ཕྲག་ཁ་ཤས་འདུ་འཛོམས་བྱུང་སྟེ། རྒྱ་གཞུང་གིས་བྲག་མགོ་རྫོང་གི་ས་གནས་གང་སར་དམག་མི་མང་པོ་འགྲེམས་འཇོག་གིས་དམ་དྲག་ནན་མོ་བྱེད་ཀྱི་ཡོད་འདུག
ཁ་སང་གི་དོན་རྐྱེན་ཁྲོད་ཉེན་རྟོག་པས། གེ་འཕན་ལུ་ཁོག་མའི་ལོ་རྒྱ་ ཚང་གི་བུ་དང་ནོར་པ་འབྲོག་སྡེ་ནས་ཡིན་ཞིང་ཆ་ནང་དགོན་པའི་སྤྲུལ་སྐུ་བྱམས་པ་མགོན་པོའི་སྤུན་ཆེ་བ་ཡོན་ཏན་བཅས་མི་ ༢ དང་། ད་དུང་མི་ ༤ ལྷག་བསད་ཡོད་པའི་གནས་ཚུལ་བྱུང་ཡོད་པ་མ་ཟད། བྲག་མགོ་དགོན་པའི་སྨན་པ་རྒན་བསྟན་འཛིན་དར་རྒྱས་ལགས་ལ་མེ་འདས་བརྒྱབ་ཏེ། བྲག་མགོ་དགོན་པའི་སྨན་ཁང་གིས་མདེའུ་འདོན་མ་ཐུབ་པར་ཛ་དྲག་གི་གནས་སུ་ལྷག་ཡོད་པ་མ་ཟད། མི་མང་གིས་ཁོང་གཙོས་རྨས་མ་གཞན་རྣམས་བྲག་མགོ་རྫོང་གི་སྨན་ཁང་དུ་བསྐྱལ་ཚེ། རྒྱ་གཞུང་གིས་གནོད་སྐྱོན་གཏོང་སྲིད་པ་དང་། གལ་སྲིད། རྨས་སྐྱོན་དྲག་སྐྱེད་བྱུང་ཚེ་བཙོན་ཁང་དུ་འཇུག་སྲིད་པའི་དོགས་གཞིའི་འོག་བྲག་མགོ་དགོན་པའི་སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་ཡོད་འདུག
ཁ་སང་ཉིན་གུང་རྗེས་ནས་བཟུང་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ལ་གནས་ཚུལ་མཁོ་སྤྲོད་བྱེད་སྲིད་པའི་དོགས་གཞིའི་འོག་དཀར་མཛེས་ཁུལ་དང་བྲག་མགོ་རྫོང་གི་བརྒྱུད་ལམ་ཡོངས་ལ་སྟངས་འཛིན་བྱས་ཡོད་འདུག
ཁམས་རྒོད་པོ་དམར་ཡག་སྟག་གི་བུ།།
སྟག་འཛུམ་ཀྲིག་འདི་ནས་མཐོང་གི་ཡོད།།
དགྲ་ནག་པོའི་སྙིང་རྩ་བདུད་ཀྱིས་ཟིན།།
བདུད་ཚེ་སྲོག་ཐལ་བའི་རྡུལ་བཞིན་རློག།
བོད་ནང་གི་ལས་འགུལ་དེ་དག་ལ་སྙིང་ནས་གུས་འདུད་ཞུ།་་མི་མངས་ནས་སེམས་ཤུགས་གནང་ནི་འབྱུང་འགྱུར་མི་རིགས་ལ་ཕན་པའི་བྱ་གཞག་རླབས་ཆེན་ཞིག་ཡིན།
ལས་འགུལ་འདི་བོད་ས་ཡོངས་ལ་ཁྱབ་ཆེད། ལས་འགུལ་གང་འདྲ་ཇི་ལྟར་སྤེལ་དགོས་ཚུལ་། ངཚོ་སོ་སོ་རང་རང་ཐད་ནས་འབྲེལ་ལམ་སྣ་ཚོགས་བརྒྱུད་དེ་་གང་ཡོང་ཡོང་སྤེལརོགས་ཞུ
ད་འདི་འདྲའི་སྐབས་ལ་བོད་མི་སྟོང་ཕྲག་ཁ་ཤས་ནས། རང་ས་ནས་ད་དུང་བོད་རིགས་ཁྲི་ཁྲག་ཁ་ཤས་དང་། ཉེ་འཁོར་ནས་བོད་རིགས་འབུམ་ཁྲག་ཁ་ཤས་དང་། བོད་ས་ཡོངས་ནས་ས་ཡ་ཁ་ཤས་མཉམ་འཛོམས་ཀྱིས་ཞི་བིའ་ངོ་རྒོལ་མཐར་ཕྱིན་པ་བྱེད་དགོས་པའི་དུས་ཚོད་རེད་དོ། །བོད་ནང་གི་བོད་རིགས་ཚོ་དང་བོད་རིགས་ཁ་འཐོར་བ་ཚོ། ཡར་ལོངས་ཤོག མི་མང་ལོངས་ཤོག ད་ལོངས་ཤོག །