མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་རྒྱལ་དར་མར་ཕབ་པ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་མགོ་ལོག་པདྨ་རྫོང་དབང་རུས་ཡུལ་ཚོ་བོད་རིགས་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཤིང་། རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ་མེར་བསྲེགས་བཏང་ཡོད་འདུག

ངྷ་སར་གནས་བཞུགས་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ། ཕྱི་ཚེས་ ༢༦ ཉིན་མགོ་ལོག་པདྨ་རྫོང་དབང་རུས་ཡུལ་ཚོའི་བོད་མི་ཚོས་རྒྱ་གཞུང་ལ་ཞི་རྒོལ་བྱས་ཤིང་། དབང་རུས་ཡུལ་ཚོའི་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ་མེར་བསྲེགས་བཏང་བ་དང་། དེའི་ཤུལ་དུ་ནང་པའི་ཆོས་དར་དང་༧གོང་ས་མཆོག་གི་སྐུ་པར་ཞིག་ཡར་ཕྱར་ཏེ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

གནས་ཚུལ་ཡོང་ཁུངས་ནས་བརྗོད་པ་ལྟར་ན། སྐབས་དེར་རྫོང་ཉེན་རྟོག་པ་དང་དམག་མི་རླངས་འཁོར་ཆེ་ཆུང་ ༡༦ ཙམ་འབྱོར་ནས་བོད་མི་ཞི་རྒོལ་བ་ཚོར་གཅར་རྡུང་འཛིན་བཟུང་ཚབས་ཆེན་བྱས་ཡོད་ཀྱང་། མི་སུ་དག་འཛན་བཟུང་བྱས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མ་སོང་ཟེར།

དེ་བཞིན་ཕྱི་ཚེས་ ༢༤ ཉིན་དབང་རུས་ཡུལ་ཚོའི་མི་སྐྱ་ ༦ གིས་པདྨ་རྫོང་ཐོག་ཏུ་ངོ་རྒོལ་སྐད་འབོད་སྐབས་འཛིན་བཟུང་བྱས་པ་དག་ལས་གཅིག་གི་མིང་ལ་ཚེ་བརྟན་དང་། གཅིག་གི་མིང་ལ་དམ་ཆོས་རྡོ་རྗེ་ཟེར་ཞིང་། ཚེ་བརྟན་ལགས་ཀྱི་ཕ་དང་སྤུན་མཆེད་གཉིས་ཀྱང་ཚུད་ཡོད་འདུག གནས་ཚུལ་ཡོང་ཁུངས་ཀྱིས་བརྗོད་ན། ཁོང་ཚོར་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ་ད་ཆར་སྲོག་ཉེན་ལ་ཐུག་ཡོད་པ་དང་། ལྷག་པར་དུ་ཚེ་བརྟན་གྱིས་ཁ་གྲགས་མི་ཐུབ་པའི་གནས་སྟངས་ཆགས་ཡོད་འདུག  

ཡང་ཕྱི་ཚེས་ ༢༦ ཉིན་པདྨ་རྫོང་སྡེ་ནང་ཡུལ་ཚོའི་གྲྭ་བ་ཞིག་གིས་རང་ལུས་ལ་རྡོ་སྣུམ་བླུགས་ཏེ། རྫོང་གི་སྲང་དཀྱིལ་དུ་སོང་སྟེ་རང་ལུས་མེར་བསྲེགས་གཏོང་རྩིས་བྱས་སྐབས། ཉེན་རྟོག་པ་དང་དམག་མིས་ཤེས་ཏེ་དེ་མ་ཐག་ཁོང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༤ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧

མཆན། 6

  1. ཤིང་ལོ། says:
    ལོ་ 15 སྔོན།

    དངོས་གནས་བྱས་ན་དེ་རེད།
    དར་དམར་པོའི་འོག་ན་བདེ་སྐྱིད་ཅིག་མེད།
    འོན་ཀྱང་ད་ཅི་བྱེད། མིག་གིས་བལྟས་བལྟས་ལ། རྣ་བས་ཉན་ཉན་ན་ལ།
    མྱང་གིན་འདུག་གཱ

    Reply
  2. འཇམ་བཟང་། says:
    ལོ་ 15 སྔོན།

    ཀཱི་ཀཱི་བསྭོ་བསྭོ་ལྷ་རྒྱལ་ལོ། །
    སངས་རྒྱས་བསྟན་པའི་དགྲ་བོ་རྣམས། །
    རྡུལ་ཕྲན་ཙམ་ཡང་མ་ལུས་པ། །
    སྐད་ཉིད་དུ་རྡུལ་དུ་རློགས། །
    ཀཱི་ཀཱི་བསྭོ་བསྭོ་ལྷ་རྒྱལ་ལོ། །
    གཞིས་ལུས་སྤུན་ཟླ་ཡོངས་རྒྱལ་ལོ། །
    བཟློག་གཅིག་བཟློག་གཅིག་ནག་ཕྱོགས་བཟློག །
    ནག་ཕྱོགས་བསྟན་དགྲ་རྒྱ་དམར་བཟློག །
    ཀཱི་ཀཱི་བསྭོ་བསྭོ་ལྷ་རྒྱལ་ལོ། །

    Reply
  3. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    རླབས་ཆེན་གྱི་ལས་འགན་དང་བྱ་བཞག་ཤིག་རེད། བོད་པ་ཚོ་སྙིང་རྗེ།

    Reply
  4. མང་ཐོས། says:
    ལོ་ 15 སྔོན།

    བུ་རྒོད་ཚོ་རང་དབང་རང་བཙན་རྩོད་སྟངས་ངོ་མ་འདི་འདྲ་ཞིག་ཡིན་ནི་རེད། ཉེན་ཁ་མ་བརྒྱུད་ནས་རང་དབང་རྩོད་པ་ནི་རང་དབང་རྩོད་ཁུལ་ཙམ་རེད། གཅིག་རྗེས་གཉིས་མཐུད་དུ་་་་

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ་་་་ དབང་རུས་ཡུལ་ཚོའི་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ་མེར་བསྲེགས་བཏང་བ་དང་། དེའི་ཤུལ་དུ་ནང་པའི་ཆོས་དར་དང་༧གོང་ས་མཆོག་གི་སྐུ་པར་ཞིག་ཡར་ཕྱར་ཏེ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག ་་་་་
    གནང་པ་འདི་ཤིན་ཏུ་ནས་ལེགས་པ་བྱུང་བ་རེད། རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ་མེར་བསྲེགས་བཏང་བ་དང་། དེའི་ཤུལ་དུ་བོད་ཀྱི་རྒྱལ་དར་མ་འཕྱར་བར།
    ནང་པའི་ཆོས་དར་དང་༧གོང་ས་མཆོག་གི་སྐུ་པར་ཞིག་ཡར་ཕྱར་ཏེ་ངོ་རྒོལ་སྐད་འབོད་བྱས་པ་འདི་དབུ་ལམ་དང་མཐུན་པའི་ཞི་བའི་ངོ་རྒོལ་ཚད་མཐོ་པོར་སླེབས་པའི་རྟགས་རེད་ལགས། དགེའོ། དགེའོོ། དགེ་བར་འགྱར་ཅིག །ཧ་ཧ། ཀྭི་ཀྭི་བསྭོ་བསྭོ། ལྷ་རྒྱལ་ལོ། །

    Reply
  6. རྩོམ་སྒྲིག་པ། says:
    ལོ་ 15 སྔོན།

    གོང་གསལ་གནས་ཚུལ་ཁོ་སྤྲོད་པ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱི་ཁ་པར་ཨང་། 9882603991 / 8679044405

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese