ཉེ་ཆར་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁང་གིས་གོ་སྒྲིག་འོག་རང་སྐྱོང་ལྗོངས་མངའ་ཁོངས་ཀྱི་དགོན་སྡེ་ཁག་ཏུ་དགུ་འཛོམས་ལས་དོན་ལག་བསྟར་བྱེད་པའི་ཚོགས་འདུ་ཞིག་ལྷ་སར་བསྡུས་ཡོད་ཅིང་། ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པ་དང་སྲིད་གྲོས། མི་རིགས་ཆོས་ལུགས་ལྷན་ཁང་གི་འཛིན་བློ་བཟང་འགྱུར་མེད་དང་བོད་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་མགོན་པོ་བཀྲ་ཤིས་བཅས་གནད་ཡོད་མི་སྣ་མང་པོ་ཚོགས་ཞུགས་གནང་འདུག སྐབས་དེར། བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་མགོན་པོ་བཀྲ་ཤིས་ཀྱིས། ཀྲུང་གུང་ཀྲུང་དབྱང་དམར་ཤོག་ཚོགས་པའི་རྒྱུན་ལས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལེན་དང་། བོད་རང་སྐྱོང་ལྗོངས་དམར་ཤོག་མགོ་གཙོ་ཁྲིན་ཆོན་ཀའོ། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་མགོ་གཙོ་པདྨ་འཕྲིན་ལས་བཅས་ཀྱིས་གཏན་འབེབས་བྱས་པའི་ ༼གྱོགས་མྱུར་ངང་དགོན་སྡེ་ཁག་གི་རྨང་གཞིའི་སྒྲིག་གཞི་དང་རིག་གནས་སྒྲིག་གཞི་འཛུགས་སྐྲུན་ལག་བསྟར་བྱེད་པའི་སྐོར་གྱི་ཡིག་ཆ ༽ གསལ་བསྒྲགས་གནང་འདུག
ཡིག་ཆ་དེའི་ནང། འདི་ལོའི་ལོ་མགོ་ནས་བཟུང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པས། བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་གིི་དགེ་འདུན་པ་རྣམས་ལ་སྔར་ལས་ལྷག་པའི་སྒོ་ནས་ཏང་དང་རྒྱལ་ཁབ་ལ་བརྩེ་བ་དང་ཐུགས་ཁུར་ལ་ཚོར་མྱོང་དང་། དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱིས་ཏང་གི་དབུ་ཁྲིད་ལ་སྲུང་སྐྱོབ་དང་སྐུལ་འདེད། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས། རྒྱལ་ཁབ་གཅིག་གྱུར་སོགས་སྲུང་སྐྱོབ་ཀྱི་འགན་འཁྲིའི་འདུ་ཤེས་ཇེ་བརྟན་དུ་གཏོང་ཆེད། དགོན་སྡེ་ཁག་ཏུ་མགོ་ཁྲིད་ཆེན་མོ་བཞིའི་སྐུ་པར་དང་རྒྱལ་དར། གཞུང་ལམ། ཆུ། གློག རྒྱང་བསྒྲགས་བརྙན་འཕྲིན། གློག་བརྙན། དཔེ་ཁང་། མི་དམངས་ཉིན་རེའི་ཚགས་པར་དང་བོད་ལྗོངས་ཉིན་རེའི་ཚགས་པར་བཅས་འཛོམས་པར་བྱ་རྒྱུ་མ་ཟད། དགུ་འཛོམས་ལས་གཞིའི་འགྲོ་གྲོན་ཆ་ཚང་རང་སྐྱོང་ལྗོངས་ནོར་སྲིད་ལྷན་ཁང་གིས་གཏོང་རྒྱུ་དང་། དེ་མིན་གྱི་དགོན་སྡེའི་རྨང་གཞིའི་སྒྲིག་གཞི་དང་རིག་གནས་སྒྲིག་གཞི་འཛུགས་སྐྲུན་བཅས་རིན་མེད་ཐོག་བསྒྲུབ་རྒྱུའི་གསལ་བསྒྲགས་བྱས་འདུག
ངན་པ་དགུ་འཛོམས་ནི།
༡༽ ཇག་དཔོན་ལག་དམར་བཞི་འདྲ་དཔར་བཙན་འགེལ་བྱ་རྒྱུ།
༢༽ རྒྱལ་དར་དམར་པོ་ཁྲག་གི་མུ་མཐུད་དམར་བྱུག་བྱ་རྒྱུ།
༣༽ གཞུང་ལམ་བཟོས་ནས་ཧན་རྒྱ་རིགས་བོད་ནང་ལ་ནང་འྡརེན་དང་། བོད་ཀྱི་གཏེར་དངོས་ཕྱིར་འདྲེན་བྱ་ཆེད་རེད།
༤༽ བོད་མི་དང་བོད་ཀྱི་དུད་འགྲོར་ཆུ་འཐུང་རྒྱུར་རང་དབང་མེད་ལ། བོད་ནང་གི་རྒྱ་རིགས་ས་ཡ་༧ལྷག་གི་འདོད་རྒུར་སྤྱོ་རྒྱའི་ཆེད་དུ་རེད།
༥༽ བོད་ཀྱི་ཆུ་བོར་ཆུ་མཛོད་བཙུགས་ནས་ཀློག་གིས་རྒྱ་རིགས་སྤྲང་འཁྱམས་པ་འི་ཆེ་དུ་བྱ་རྒྱུ།
༦༽ རྒྱང་བསྒྲགས་ནི། འཛམ་གླིང་ཀུན་གྱིས་གོ་ཐོས་ལྟར་གུང་ཁྲན་ཡང་དག་པའི་དུ་འཁྲིད་ཡིན་ཞེས་ཉིན་མཚན་མེད་པར་རྫུན་ཧམ་ཤོད་པ་ཕན་རྒྱུར་ངེས་པ་རེད།
༧༽གློག་བརྙན་ནང་ལ་ག་རེ་སྟོན་མིན་ངས་ཡག་པོ་མི་ཤེས་ལགས།
༨༽ རྒྱ་མིའི་དཔེ་ཁང་ནང་ལ་མའོ་ཇག་དཔོན་ལག་དམར་ཀླ་ཀློ་བཙན་་གཡེམ་པ་དེ་ཡི་འདྲ་པར་དང་། ཁོའི་རྒྱུག་ཁྱི་ཁྱུ་གཅིག་གི་ལོ་རྒྱུས་འགྲེམ་སྤེལ་ཆེད་དུ་ཡིན་པ་ནི་ཁོ་རང་ཚོར་དྲིས་ན་ཡང་ཤེས་ཐུབ་པ་རེད།
༩༽ མི་དམངས་ཉིན་རེའི་ཚགས་པར་དང་བོད་ལྗོངས་ཉིན་རེའི་ཚགས་པར་བཅས་ནང་ལ་དམར་གཞུང་གིས་ངན་བྱས་ཚང་མ་སྦས་རྒྱུ་དང་། མ་འོངས་པར་རྒྱ་རིགས་ལས་བྱེད་དང་། བོད་རིགས་ལས་བྱེད་མི་རིགས་ཆོས་ལུགས་ལྷན་ཁང་གི་འཛིན་༼བློ་བཟང་འགྱུར་མེད༽་དང་། བོད་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་༼མགོན་པོ་བཀྲ་ཤིས་༽བཅས་གནད་ཡོད་མི་སྣ་མང་པོ་ཚོགས་ཞུགས་གནང་འདུག སྐབས་དེར། བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་༼མགོན་པོ་བཀྲ་ཤིས་༽སོགས་ཀྱི་ཧམ་པ་དང་མ་རབས་འཆར་གཞི་རྣམས་གང་ཁྱབ་ཆེད་དུ་ཡིན་པ་ཚང་མས་མཁྱེན་གསལ་ལྟར་མིན་ནམ། ཧ་ཧ། རྒྱ་མིའི་སོ་པ་འདྲ་དུས་བབ་ནང་ལ་ཕེབས་པ་ཚོས་ཀྱང་ཐུགས་ལ་ཡག་པོ་འཇགས་པར་འཚལ་ལོ། དགེའོ། །
ཨ་ལ་ལ། ད་ཕྱི་ལོག་གི་བཟོ་རྒྱུ་ཆ་ཚང་ཞིག་བཟོས་རཱ། ནང་གི་བྱང་བུ་བརྗེ་མི་ཐུབ་པཱ།
ཨོ་ཡ་་་་ད་ཡིན་ན་ལག་བསྟར་བྱོས་་་་མུ་མཐུད་ལག་བསྟར་བྱོས་་་་བོད་མི་མ་རྫོགས་བར་དུ་ལག་བསྟར་འདྲ་མིན་བྱོས་་་་་
རྒྱ་ཇག་གི་མགོ་ཁྲིད་ཆེན་མོ་བཞི་བོ་ནི་སུ་སུ་རེད། འཆར་གཞི་དང་དམིགས་ཡུལ་ངན་བཅངས་ཀྱི་ལས་གཞི་གཏིང་ནག་དེར་ནམ་ཡང་ངོ་རྒོལ་ཡོད། བོད་རིགས་མགོན་པོ་བཀྲ་ཤིས་དང་པད་མ་འཕྲིན་ལས་གཉིས་ལྟ་བུའི་རྒྱལ་བཙོང་བ་རྣམས་རྒྱ་ཡན་དུ་མ་གཏོང་རོགས། ངན་རྒྱབ་ཇག་ལངས་ཀྱི་གཏེ་བོ་དེ་ཚོ་བོད་གྲས་ནས་ཕུད་དགོས།