མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༡ ལོའི་བཙན་བྱོལ་ནང་གི་གནས་ཚུལ་ཕྱོགས་བསྡུས།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

༢༠༡༡ ལོའི་བཙན་བོད་མིའི་སྤྱི་ཚོགས་ནང་གི་གལ་ཆེའི་གནས་ཚུལ་ཆེ་ཁག་དག་ཕྱོགས་བསྡུས།

ཟླ་དང་པོ། ཕྱི་ཚེས་ ༦ ནས་ ༡༠ བར་ས་རཱ་མཐོ་སློབ་ཏུ་རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་པ་དེ་ཚོགས་ཡོད་ཅིང་། ཚོགས་ཆེན་ཐོག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་རྒྱལ་བ་ཀརྨ་པ། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་བ་བཅས་ཀྱིས་མཐོ་སློབ་ཁག་ ༢༤ ནས་ཕེབས་པའི་སློབ་མ་ ༨༢ ཙམ་ལ་གཏམ་བཤད་གནང་། ཚེས་ ༡༩ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལྷན་ཁང་གིས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་། ཚེས་ ༢༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཏེ་རྒྱལ་བ་ཀརྨ་པའི་བླ་བྲང་ལ་དངུལ་གྱི་དོན་རྐྱེན་བྱུང་བར་གསལ་བཤད་བྱས།

 ཟླ་གཉིས་པ། རྡེ་ར་རྡུན་བོད་མིའི་གཞིས་སྒར་ནས་ཡིན་པའི་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་མཆོག་གི་བུ་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་ཁྲིམས་ཐོག་ནས་རྒྱ་གར་མི་སེར་ལག་ཁྱེར་ཐོག་མ་ཐོབ། རྒྱལ་བ་ཀརྨ་པའི་བླ་བྲང་ལ་དངུལ་གྱི་དོན་རྐྱེན་བྱུང་བ་དེའི་ཐོག་ནས། ཚེས་ ༡༥ ཉིན་རྒྱུད་སྟོད་དགོན་པའི་ས་ཆའི་བདག་དབང་ཧི་མ་ཅལ་མངའ་སྡེ་གཞུང་གིས་རྩིས་ལེན་བྱས། ཚེས་ ༢༢ ཉིན་སྟག་འཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུའི་ནང་མིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཕ་ཤུལ་བུ་འཛིན་དང་བུ་ཤུལ་ཚ་བོས་བཟུང་སྟེ། བོད་རང་བཙན་གྱི་གོམ་བགྲོད་མཇུག་བསྐྱང་རྒྱུའི་དམ་བཅའ་བཞག 

 ཟླ་གསུམ་པ། ཚེས་ ༡༦ ཉིན་བོད་གཞུང་ཟློས་གར་ཚོགས་ཁང་དུ་སྤྱི་འཐུས་འོས་མི་ ༡༢ ཙམ་གྱིས་སྐབས་བཅོ་ལྔ་པའི་སྤྱི་འཐུས་བགྲོ་གླེང་ཞེས་པའི་བརྗོད་གཞིའི་སྟེང་གཏམ་བཤད་སྤེལ། ཚེས་ ༢༤ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གྲོས་ཚོགས་ཚོགས་དུས་ཉིན་བཅུ་གཅིིག་པའི་ཉིན་བཅུ་བའི་སྟེང་། སྐབས་བཅུ་གཉིས་དང་བཅུ་གསུམ་གྱི་བཀའ་ཤག་གིས་མཐའ་མའི་གསལ་བཤད་གནང་།

 ཟླ་བཞི་པ། ཚེས་ ༤ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ལྔ་པ་ཚོགས། ཚེས་ ༢༥ ཉིན་དབུས་བོད་ཀྱི་གཞོན་ལྷན་ཚོགས་གཞོན་གཙོས་རྒྱུན་ལས་གསུམ་གྱིས་ལྡི་ལིར་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ཆེད་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱས། ཚེས་ ༢༦ ཉིན་ཀིརྟི་དགོན་པའི་དགེ་འདུན་པ་ ༡༠༠ ཙམ་གྱིས་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ཆེད་ངྷ་ས་ནས་ལྡི་ལི་བར་ཞི་བའི་གོམ་བགྲོད་བྱས། ཚེས་ ༢༧ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དབུས་འོས་བསྡུ་ལྷན་ཁང་གིས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་ཤིང་། བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་འོས་ཤོག་ ༢༧༠༥༡ ཐོབ།

 ཟླ་ལྔ་པ། ཚེས་ ༢ ཉིན་རྒྱ་གར་རྒྱལ་ཡོངས་ས་གནས་ཁག་ ༥༠ ནང་དགེ་འདུན་པ་ ༢༠༠༠༠ ལྷག་གིས་ཉིན་བརྒྱ་དུས་གཅིག་ལ་ཞི་བའི་གོམ་བགྲོད་གནང་། ཚེས་ ༦ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ ༡༠ འཁོར་བའི་དུས་དྲན་སྲུང་གཙི་བྱས། ཚེས་ ༥ ཉིན་བོད་གཞུང་ཟློས་གར་ཚོགས་རར་ ༢༠༡༡ ལོའི་བོད་ཀྱི་མཛངས་མའི་མཐའ་མའི་རྟིང་རྩོད་འགྲན་བསྡུར་བྱས་ཏེ། སུད་སི་ནས་ཡིན་པའི་བུ་མོ་བསྟན་འཛིན་དབྱངས་སྐྱིད་ལགས་སུ་ཨང་དང་པོ་ཐོབ། ཚེས་ ༢༤ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གཉིས་པ་དེ་བཞུགས་སྒར་ངྷ་སར་ཚོགས། ཚེས་ ༢༥ ཉིན་སྦེམ་ཇམ་བོད་རིགས་སྤྱི་མཐུན་ཚོགས་པས་བཀའ་ཟུར་ཟམ་གདོང་རིན་པོ་ཆེར་ཆེ་བསྟོད་གཟེངས་རྟགས་ཕུལ།

 ཟླ་དྲུག་པ། ཚེས་ ༢ ཉིན་སྨན་རྩིས་ཁང་དུ་སྨན་རྩིས་མཐོ་སློབ་དབུ་བརྙེས་ཏེ་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཏེ། རྒྱལ་བ་ཀརྨ་པས་མཛད་སྒོའི་གསུང་བཤད་གནང་། ཚེས་ ༨ ཉིན་རྒྱ་གར་ལྷོ་ཕྱོགས་ཚོགས་པ་ཁག་ལྔ་ཙམ་གྱིས་ཚོགས་མི་བཅོ་ལྔ་ཙམ་གྱིས་རྐང་འཁོར་ཞོན་ཏེ་མོན་གྷོ་ས་གནས་ནས་གྲོང་ཁྱེར་པུ་ཎ་བར་ཞི་བའི་གོམ་བགྲོད་གནང་། 

 ཟླ་བདུན་པ། ཕྱི་ཚེས་ ༣ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ། འོད་དཀར་དྲ་ཚིགས་ཀྱི་སྐབས་དང་པོའི་བོད་ཀྱི་སྙན་ངག་སྒྲོག་སྦྱངས་བྱས། ཚེས་ ༡༧ ཉིན་གངས་སྐྱིད་དཔེ་མཛོད་ནང་། བོད་སྐད་ཡིག་གི་ད་ལྟའི་གནས་བབ་དང་འབྱུང་འགྱུར་འཕེལ་ཕྱོགས་གླེང་བ་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས། ཚེས་ ༢༢ ཉིན་ངྷ་ས་ཁུལ་གྱི་བོད་མིའི་ཁྲོམ་སར་དཀའ་ངལ་འཕྲད་སྐབས། ནང་སྲིད་ལས་ཁུངས་དང་སྤྱི་འཐུས་རྒྱུན་ལས་ཁག་ཅིག་ཀང་རཱ་རྫོང་དཔོན་རིགས་ཚོར་འབྲེལ་གཏུག་གིས་བོད་མིའི་ཁྲོམ་ས་ ༡༢༩ ཙམ་གྱི་དཀའ་ངལ་སེལ། ཨ་རུ་ཎ་ཅལ་བསྟན་འཛིན་སྒང་གཞིས་ཆགས་བུ་མོ་རིག་འཛིན་དང་སྐྱེས་དམན་ཡོད་པའི་ཁྱོ་ག་ཞིག་གི་བར་ལུས་འབྲེལ་བྱུང་སྟབས། ཁྱོ་གའི་གཉེན་ཉེ་ཁག་ཅིག་གིས་བུ་མོ་རིག་འཛིན་གྱི་སྐྲ་བཅད་པ་དང་། སྣ་ལ་ཇེམ་ཙེ་བརྒྱབ་པ། ལུས་པོ་དམར་རྗེན་དུ་ཁྲོམ་སྐོར་བྱས།

 ཟླ་བརྒྱད་པ། ཚེས་ ༥ ཉིན་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་མཁྱེན་རབ་ཞུ་བ་ཞིག་གིས་སློབ་གྲྭའི་ཉེ་འཁོར་དུ་ཐ་མག་འཐེན་བཞིན་པ་རྒན་བདག་གིས་ཤེས་ཏེ་ཉེས་རྡུང་བཏང་སྟབས། མཁྱེན་རབ་ལགས་དྲན་པ་འཐོར་ཏེ་འདས་གྲོངས་སུ་ཕྱིན། ཚེས་ ༨ ཉིན་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་གཞུང་མང་ཚོགས་ཆེན་སྟེང་བཀའ་བློན་ཁྲི་པའི་ལས་འཁུར་དམ་བཅའ་འབུལ་བཞེས་མཛད། ཟླ་འདིའི་ནང་ངྷ་ས་ཚེ་མཆོག་གླིང་དགོན་པའི་ཕྱག་མཛོད་དང་གྲྭ་མང་བར་རྩོད་རྙོག་ཅིག་བྱུང་སྟེ། གྲྭ་བ་ ༦ ཉེན་རྟོག་པས་འཛིན་བཟུང་དང་གྲྭ་བ་ ༢༩ དགོན་པ་ནས་རྩ་དགོངས་བཏང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་བཅུ་གསུམ་པས་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སྦར་ཛིལ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་། ཟླ་འདིའི་ནང་ཁ་ན་ཌའི་གཞུང་གི་ལས་བྱེད་ཅིག་དང་ཡུལ་དེའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་བྱེད་གཉིས་ཨ་རུ་ཎ་ཅལ་དུ་ཕྱིན་སྟེ། འཆར་ལོའི་ཟླ་དང་པོའི་ནང་གཞིས་ཆགས་དེའི་ཁྱིམ་ཚང་ཚུད་པའི་བོད་མི་ ༡༠༠༠ ཁ་ན་ཌར་འཐེན་རྒྱུའི་ཐག་གཅོད་བྱས། ཚེས་ ༣༡ ཉིན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་སྙིང་ནད་དང་ཁྲག་ཤེད་ནད་གཞིའི་རྐྱེན་པས་སྐུ་གྲོངས།

 ཟླ་དགུ་པ། ཚེས་ ༡༨ ཉིན་རྒྱ་གར་འབྲས་ལྗོངས་དང་བལ་བོད་ཀྱི་ས་གནས་ཁག་ཅིག་ལ་ས་ཡོམ་རིམ་པ་ ༦།༨ ཅན་ཞིག་བརྒྱབ་སྟེ་བོད་མི་ཚུད་པའི་མི་ ༡༠༠ འདས་གྲོངས་སུ་ཕྱིན། ཚེས་ ༢ ཉིན་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་སྐུ་གཤེགས། ཚེས་ ༢ ཉིན་བཞུགས་སྒར་དུ་བོད་གཞུང་མང་གཉིས་ཀྱི་མང་གཙོ་དུས་དྲན་སྲུང་གཙི་བྱས། ཚེས་ ༢༩ ཉིན་བཀའ་དྲུང་ཡིག་ཚང་གིས་གསལ་བསྒྲགས་བསྐྱངས་ཏེ། བདམས་ཐོན་བྱུང་བའི་བཀའ་བློན་རྣམས་ལྷན་ཁང་ཁག་ཏུ་ལས་བགོས་བྱས། ཚེས་ ༢༢ ཉིན་ངྷ་སའི་སི་ར་ཡཱ་མགྲོན་ཁང་དུ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་གྱི་ཚོགས་ཆེན་ཐེངས་ ༡༡ ཚོགས། ཚེས་ ༢༨ ཉིན་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་སྐབས། མདོ་སྨད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་སྙིང་ནད་དང་ཁྲག་ཤེད་ཀྱིས་གློ་བུར་དུ་སྐུ་གྲོངས།

 ཟླ་བཅུ་པ། ཚེས་ ༧ ཉིན་གངས་སྐྱིད་རྩེད་ཐང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ ༤༢ འཁོར་བའི་དུས་དྲན་སྲུང་གཙི་བྱས། ཚེས་ ༢༦ ཉིན་ངྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་སྒྱུ་རྩལ་པ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བོད་ནས་དབོར་འདྲེན་བྱས་པའི་ས་སྤྱི་རྒྱ་ཁྲི་ ༢ འགྲེམས་སྟོན་བྱས། ཚེས་ ༡༩ ཉིན་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ཀྱི་དབུ་ཁྲིད་པའི་བོད་མི་ ༣༥༠༠ ཙམ་གྱིས་བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཞི་བའི་གོམ་བགྲོད་བྱས། ཧྥ་རན་སིའི་སྟོབས་ཆེན་རྒྱལ་ཁབ་ ༢༠ ཚོགས་འདིའི་སྐབས་བོད་པ་གཙོས་ཡུ་གུར་དང་རྒྱ་ནག་མང་གཙོ་དོན་གཉེར་བརྒྱ་ཕྲག་དུ་མས་རྒྱ་ནག་སྲིད་འཛིན་ཧུའུ་ལ་ངོ་རྒོལ་བྱས། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན་ཏེ་སུད་སི་དང་ཨ་རི་བཅས་སུ་བོད་མིའི་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ། 

 ཟླ་བཅུ་གཅིག ཚེས་ ༡༣ ཉིན་བོད་གཞུང་ཟློས་གར་ཚོགས་ཁང་དུ་འོད་དཀར་དྲ་ཚིགས་ཀྱི་སྙན་ངག་སྒྲོག་སྦྱང་འགྲན་བསྡུར་གྱི་མཐའ་མའི་རྟིང་རྩོད་འགྲན་བསྡུར་བྱས་ཏེ། ཨང་དང་པོར་ཧིན་སྒོར་ཁྲི་ ༦ གསོལ་རས་གནང་། ཚེས་ ༡༤ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསལ་བསྒྲགས་ཤིག་སྤེལ་ཏེ། བོད་ཕྱི་ནང་གི་བོད་མི་ཚོས་བོད་ཆུ་འབྲུག་ལོའི་ལོ་གསར་མི་གཏོང་བའི་འབོད་སྐུལ་ཞུས།

 ཟླ་བཅུ་གཉིས། ཚེས་ ༡༠ ཉིན་ངྷ་སར་བོད་གཞུང་མང་གཉིས་ཀྱིས་༧གོང་ས་མཆོག་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་སྟེ་མི་ལོ་ ༢༢ འཁོར་བའི་དུས་དྲན་སྲུང་གཙི་བྱས།

 

གསར་འགོད་པ། དཔལ་ལྡན།

༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད༽

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 5

  1. གཅན་དཔལ་ལྡན། says:
    ལོ་ 14 སྔོན།

    དྲ་གྲོགས་དཀར་མཛེས་གཉིད་དུང་དང་ཀརྨ་རྡོ་རྗེ་ལགས་གཉིས་སུ་གསལ་བཤད་ཞུ་རྒྱུར། དུས་བབ་གསར་ཁང་ནི། སྒྲིག་གཞི་དང་འགྲོ་སྟངས་ཚགས་ཚུད་ཡོད་པའི་ཚད་ལྡན་ལས་ཁུངས་ཞིག་དང་། བོད་ཀྱི་རྩ་དོན་དང་ཆོལགསུམ་བོད་རིགས་ཡོངས་ལ་ཞབས་ཞུ་གང་ལེགས་བསྒྲུབ་ནུས་པའི་ལས་ཁུངས་ཤིག་ཡིན་སྟབས། གསར་འགོད་པ་ཚོས་གསར་འགྱུར་འབྲི་དགོས་ནའང་གསར་འགྱུར་གཞུང་ལུགས་དང་བསྟུན་དགོས་པ་དང་། གལ་ཆེའི་ཐ་སྙད་བེད་སྤྱོད་གཏོང་སྐབས་ཀྱང་གཅིག་གྱུར་ཐོག་དུས་བབ་ཀྱིས་རྩ་འཛིན་ལྟར་འབྲི་དགོས་པ་ལས་གང་བྱུང་དུ་བྲིས་ན་འགྲིག་གི་ཡོད་མ་རེད གཞན། ལོ་སྔོན་མའི་གསར་འགྱུར་ཕྱོགས་བསྡུས་དེའང་། ལས་ཁུངས་ཀྱི་རྩ་འཛིན་དང་དུས་བབ་གསར་ཁང་གི་གཞི་རྩའི་ལངས་ཕྱོགས་རེད། ལོ་གཅིག་གི་བཙན་བྱོལ་གསར་འགྱུར་ཕྱོགས་བསྡོམས་བྱས་ཏེ་བྲིས་ན་ཁྱེད་ལ་ག་རེ་གནོད་ཀྱི་རེད།

    Reply
  2. དཀར་མཛེས་གཉིད་དུང་། says:
    ལོ་ 14 སྔོན།

    དཔལྡན་ལགས་གནས་ཚུལ་བསྐྱར་བཟླས་བྱས་ན་ཕན་ཐོགས་གང་ཡོད་དམ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གསར་འགོད་པ་དཔལ་ལྡན་ལགས་ཀྱིས།
    སྲུང་རྩི་ལ་སྲུང་གཙི་དང་། འགྲན་བསྡུར་ལ་རྟིང་རྩོད། ཅེས་པའི་ཚིག་འདི་གཉིས་ལ་བོད་ཀྱི་སྤྱི་སྐད་ཁུངས་སུ་འགྲོ་མི་ཐུབ་པས་དགོངས་པ་བསྐྱར་བཞེས་གནང་ཐུབ་ན་དགེ་མཚན་མི་ཆེའམ། དཔལ་ལྡན་རྒྱལ་ལགས།

    Reply
  4. རིག་པའི་རལ་གྲི says:
    ལོ་ 14 སྔོན།

    བོད་ཀྱི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་བཀའ་ཁྲི་གསར་འདེམས་དང་། གོང་ས་མཆོག་གིས་སྲིད་དོན་གྱི་ཁྲི་ལས་བགྲེས་ཡོལ་ཆ་ཚང་ཞུས་པ། བོད་ལས་རྒྱ་གར་དུ་བོད་ས་ཁྱེར་ནས་བཙན་བྱོལ་གྱི་བོད་མི་མང་པོར་བོད་སའི་ཐོག་གོམ་པ་སྤོ་བའི་གོ་སྐབས་སྤྲད་པ་སོགས་རྒྱལ་རབས་ལོ་རྒྱུས་ལ་འཁོད་འགྱུར་གྱི་གནས་ཚུལ་མང་པོ་བྱུང་ཡོད་ནའང། ཡོན་པོའི་སྤྱན་དང་། འཁྱོག་པོའི་དྲན་ལམ་ནས་ལུས་ཤག

    Reply
  5. ཤིང་ལོ། says:
    ལོ་ 14 སྔོན།

    དཔལ་ལྡན་ལགས་ལ་ཐུགས་རྗེ་ཆེ། གནས་ཚུལ་རགས་བསྡུས་ཀྱི་རིགས་གལ་ཆེན་རེད། ཡར་མར་ལ་འཚོལ་བཤེར་བྱེད་མི་དགོས་པར། ཡང་བསྐྱར་ངེས་སླ་བོ་རེད་པཱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese