མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་གནོན་ལ་འདོད་པ་མ་ཁེངས་པ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༡/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཕྱི་སྡོད་རྒྱ་རིགས་ཤེས་ཡོན་ཅན་སྐོར་ཞིག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་ཞིག་བསྐངས་འདུག

ཨ་རིར་གནས་སྡོད་རྒྱ་རིགས་ཤེས་ཡོན་ཅན་ཁག་ཅིག་གི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་གྲོང་ཁྱེར་ནེའུ་ཡོག་ཏུ། ཉེ་ལམ་རྒྱ་གཞུང་གིས་ཁམས་བྲག་མགོ་དང་གསེར་རྟ། རྔ་པ་རྫོང་དང་འཛམ་ཐང་རྫོང་བཅས་སུ་བོད་མི་དམར་གསོད་བཏང་བའི་གནད་དོན་ཐོག་བགྲོ་གླེང་ཚོགས་འདུ་ཞིག་བསྐངས་ཡོད་འདུག་ལ། ཚོགས་འདུའི་སྟེང་ནེའུ་ཡོག་གཙུག་ལག་སློབ་ཆེན་གྱི་མཁས་དབང་ཞཱ་མིན་ལགས་དང་། རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་མཁས་དབང་ཀྲང་སྦོ་ཧྲུའུ། ཆབ་སྲིད་དཔྱད་གཏམ་པ་ཧུའུ་ཕིང་། རྩོམ་པ་པོ་ཁྲིན་ཕོ་ཁུང་སོགས་རྒྱ་རིགས་ཤེས་ཡོན་པ་ཁག་ཅིག་དང་། ཨ་རིའི་ཀོ་ལིམ་སྦི་ཡ་གཙུག་ལག་སློབ་ཆེན་གྱི་བོད་གནས་ཉམས་ཞིབ་པ་རཱོ་བྷིར་ཊི་བྷིར་ནེ་ཊི་ (Robert Bernett) ལགས། ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་བཅས་ཕེབས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཏམ་བཤད་སྤེལ་ཡོད་འདུག་ལ། ཚོགས་འདུ་དེར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཀྱང་མཉམ་ཞུགས་བྱས་འདུག 

ཐོག་མར་ཚོགས་འདུ་གཙོ་སྐྱོང་བ་ཞཱ་མིན་ལགས་ཀྱིས་ཚོགས་ཞུགས་པ་ཚོར་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་རྗེས། ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས། འདས་པའི་ལོ་གཅིག་རིང་བོད་ནང་བོད་མི་ ༡༧ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བའི་རྒྱུ་མཚན་གསལ་བཤད་དང་། བོད་ནང་གི་བོད་མི་ཚོས་ངོ་རྒོལ་ལས་འགུལ་བསྟུད་མར་སྤེལ་བཞིན་པ་དེ། ༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་སྐུལ་སློང་བྱས་པ་མིན་ཚུལ། གལ་སྲིད་དངོས་ཡོད་གནས་ཚུལ་ཞིབ་འཇུག་བྱ་འདོད་ཡོད་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་འགྱུར་གནང་རྒྱུ་ཡིན་སྐོར་སོགས་བརྗོད་འདུག  

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱིས་དགོས་འདུན་ཁག་ཅིག་བཏོན་ཡོད་པ་ནི། “ རྒྱ་གཞུང་གིས་བོད་མིའི་སྐུ་ཚབ་དང་ལྷན་དུ་དོན་དམ་གྱི་གྲོས་མོལ་བྱས་ཏེ་ཡུན་རིང་ལྷག་པའི་བོད་ཀྱི་དཀའ་རྙོག་སེལ་དགོས་རྒྱུ། བོད་རིགས་མང་ཚོགས་ལ་སྤུན་ཟླའི་འདུ་ཤེས་བཟུང་སྟེ་ལས་དོན་རྣམས་ལྷག་བསམ་རྣམ་དག་གིས་བསྒྲུབ་དགོས་རྒྱུ། བོད་ནང་གི་དངོས་ཡོད་གནས་ཚུལ་གསལ་པོ་བཟོ་ཆེད་རང་དབང་ལྡན་པའི་ཚོགས་སྡེ་ཁག་བོད་དུ་བཏང་སྟེ་ཞིབ་འཇུག་མཐིལ་ཕྱིན་བྱ་རྒྱུ། རྒྱ་ནག་སྲིད་འཛིན་གཞོན་པ་ཞིས་ཅིན་ཕིན་ཨ་རིར་འཚམས་གཟིགས་སུ་བསྐྱོད་སྐབས་ཨ་རིའི་གཞུང་གིས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་རྒྱུ་ ” བཅས་ཡིན་འདུག

ཨ་རིའི་ཀོ་ལིམ་སྦི་ཡ་གཙུག་ལག་སློབ་ཆེན་གྱི་བོད་གནས་ཉམས་ཞིབ་པ་སྐུ་ཞབས་རཱོི་བྷིར་ཊི་བྷིར་ནེ་ཊི་ (Robert Bernett) ལགས་ཀྱིས་བརྗོད་ན། བོད་ནང་དུ་ཐབས་སྡུག་གི་གནས་ཚུལ་བསྟུད་མར་འབྱུང་བཞིན་པར་རྒྱ་གཞུང་གིས་འགྲེལ་བཤད་སྟབས་བདེ་རེ་རྒྱག་བཞིན་ཡོད་ནའང་། དོན་དངོས་ཐོག་གནས་ཚུལ་དེ་དག་ནི། རྒྱ་གཞུང་གི་དུས་ཡུན་རིང་པོར་བོད་མི་ཚོར་དྲག་གནོན་སྲིད་བྱུས་སྤེལ་བ་ལས་བྱུང་བ་ཞིག་ཡིན་སྐོར་དང་། རྒྱ་གཞུང་གིས་དྲག་གནོན་སྲིད་བྱུས་ཀྱིས་གནད་དོན་ཐག་མི་ཆོད་པ་ཤེས་པར་བྱས་ཏེ། འདས་པའི་བོད་མིའི་སྲིད་བྱུས་ལ་བསྐྱར་ཞིབ་བྱ་དགོས་པའི་ནན་སྐུལ་བྱས་འདུག

མཇུག་ཏུ་རྒྱ་རིགས་ལོ་རྒྱུས་ཉམས་ཞིབ་པ་ལི་ཅང་ལིན་ལགས་ཀྱིས་། ད་ལྟ་བོད་ནང་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་མཁན་དང་རང་ལུས་མེར་བསྲེགས་གཏོང་མཁན་མང་ཆེ་བ་བོད་རིགས་གཞོན་སྐྱེས་གཞོན་སྐྱེས་ཆགས་ཡོད་སྐོར་དང་། གཞོན་སྐྱེས་ཚོས་བོད་ཀྱི་སྤྱི་ཚོགས་རྙིང་པ་མཐོང་མྱོང་མེད་སྟབས། ངོ་རྒོལ་བྱེད་དོན་ནི་ཞིང་བྲན་ལམ་ལུགས་བསྐྱར་གསོའི་བྱ་ཆེད་མིན་པར། བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་འདོད་པ་མ་ཁེངས་པ་སྟོན་གྱི་ཡོད་སྐོར་སོགས་བརྗོད་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༨ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༡ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༡༤ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese