མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤིན་ཅང་དུ་སྡེ་བ་རེའི་ནང་དམག་མི་རེ་འཇོག་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༡/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཤིན་ཅང་ནང་དམག་མི་ ༨༠༠༠ བསྡུ་རུབ་བྱས་ཏེ།  སྡེ་བ་རེའི་ནང་ཉུང་མཐར་དམག་མི་རེ་གཏན་སྡོད་ཀྱི་དམ་དྲག་སྲིད་ཇུས་ལག་བསྟར་བྱ་བཞིན་འདུག

ཉེ་ཆར་རྒྱ་གཞུང་གིས་ཤིན་ཅང་ས་ཁུལ་གྱི་གྲོང་རྡལ་ཁག་ཏུ་སྲང་ལམ་དོ་དམ་ཁང་དང་། གཞི་རིམ་སྡེ་བ་སོ་སོའི་ནང་ཉེན་རྟོག་ལས་ཁུངས་རེ་གསར་འཛུགས་ཀྱི་མགོ་བརྩམས་ཤིང་། ཉེན་རྟོག་དམག་མི་ ༨༠༠༠ ལྷག་བསྡུ་རུབ་ཀྱིས་སྡེ་བ་རེའི་ནང་དམག་མི་གཅིག་རེ་དང་། ཡང་ན། དམག་མི་འགའ་རེ་གཏན་སྡོད་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ཤིན་ཅང་གི་ས་ཁུལ་སོ་སོའི་ནང་མང་ཚོགས་ཀྱི་འགྲུལ་བཞུད་ལ་ལྟ་རྟོག་དྲི་གཅོད་དང་། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་སྔར་བའི་བཀག་སྡོམ་གྱི་སྲིད་ཇུས་སྤེལ་མགོ་བརྩམས་འདུག

ཟླ་འདིའི་ཕྱི་ཚེས་ ༣༡ ཉིན་རྒྱ་ནག་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཤིན་ཅང་རང་སྐྱོང་ལྗོངས་ས་གནས་རྒྱ་གཞུང་དམར་ཤོག་རྒྱུ་ལས་ཀྱིས་ཐག་གཅོད་ལྟར། ད་ལོ་ཤིན་ཅང་ནང་ཉེན་རྟོག་དམག་མི་ ༨༠༠༠ ལྷག་བསྡུ་རུབ་ཀྱིས་གཞི་རིམ་ས་ཁུལ་ཁག་ནང་། “སྡེ་བ་རེའི་ནང་དམག་མི་གཅིག་རེ་དང་། སྡེ་བ་རེའི་ནང་དམག་མི་འགའ་རེ་”  ཡི་སྲིད་ཇུས་གསར་བ་ལག་བསྟར་བྱས་ཏེ། གྲོང་རྡལ་ཁག་ཏུ་སྲང་ལམ་དོ་དམ་ཁང་དང་། སྡེ་བ་ཁག་ནང་ཉེན་རྟོག་ཁང་གསར་འཛུགས་བྱ་རྒྱུ་ཡིན་པ་མ་ཟད། ཆེད་མངགས་ཉེན་རྟོག་དམག་མི་ ༣ དང་དམངས་དམག་ ༦ ལས་མི་ཉུང་བའི་མཉམ་འབྲེལ་རུ་ཁག་བཙུགས་ཏེ། གཞི་རིམ་གྲོང་སྡེ་དང་ས་ཁུལ་ཁག་ནང་སྐོར་བསྐྱོད་ཀྱིས་མང་ཚོགས་ཀྱི་འགྲུལ་བཞུད་ཐད་ཕྱོགས་ཡོངས་ནས་ལྟ་རྟོག་ཞིབ་བཤེར་གྱི་ལས་གཞིར་ཤུགས་བསྣན་དེ་སྤྱི་ཚོགས་བརྟན་ལྷིང་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག 

རྒྱ་གཞུང་གིས་ཤིན་ཅང་ནང་དམག་མིས་དམ་དྲག་སྒྲིག་གཞི་སྔར་བས་ཤུགས་ཆེ་གཏོང་བཞིན་པའི་ཐད། འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ཏིས་ལིས་ཞཱ་ཏིས་ཀྱིས། “ ང་ཚོས་ངོས་འཛིན་ནི་རྒྱ་ནག་གཞུང་ལ་ཤིན་ཅང་གི་གནད་དོན་སེལ་འདོད་ཀྱི་ལྷག་བསམ་རྩ་བ་ནས་མི་འདུག  དེང་སྐབས་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྤྱི་ཚོགས་བརྟན་ལྷིང་གི་ལས་གཞི་དེ་དག་གིས་ཡུ་གུར་མི་མང་ལ་ཆབ་སྲིད་ཀྱི་འཇིགས་འཇིགས་སྣང་ཞིག་སྐྱེད་བཞིན་ཡོད་ལ། ཅང་ཤིང་ནང་ཟང་ཟིང་འབྱུང་རྐྱེན་མཐའ་དག་ནི་ད་ལྟའི་རྒྱ་གཞུང་གི་སྲིད་ཇུས་དེ་དག་ལ་བརྟེན་ནས་བྱུང་བ་རེད། ” ཅེས་བརྗོད་པར་མ་ཟད། ཁོང་གིས་གལ་སྲིད་རྒྱ་གཞུང་ལ་ལྷག་བསམ་རྣམ་གི་ཐོག་ནས་གནད་དོན་སེལ་འདོད་ཡོད་ན། ཐོག་མར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཡུ་གུར་མི་རིགས་ལ་ཆབ་སྲིད་ཐད་ནས་རང་དབང་གདམ་ག་བྱ་རྒྱུའི་དབང་ཆ་ཡོད་པ་དེར་བརྩི་བཀུར་བྱ་དགོས་པ་དང་། གཉིས་ནས་དཔལ་འབྱོར་ལམ་ལུགས་ཐད་ནས་རང་མོས་སྒྲིག་འགོད་ཀྱི་ཁེ་དབང་སྤྲོད་དགོས་པ་ནན་བརྗོད་བྱས་འདུག

ལོ་སྔོན་མའི་ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་དམག་མི་ ༣༠༠༠ ལྷག་ཤིན་ཅང་གཞི་རིམ་ས་ཁུལ་ཁག་ནང་ཆེད་གཏོང་འགྲེམས་འཇོག་བྱས་ཡོད་འདུག དེང་སྐབས་ས་གནས་ཡུ་གུར་མི་རིགས་ཀྱིས་ཤིན་ཅང་ས་ཁུལ་ནང་ཡོད་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༤༠ མ་གཏོགས་ཟིན་གྱི་མེད་པ་རེད།

 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༢ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 3

  1. ནད་པ says:
    ལོ་ 14 སྔོན།

    རྒྱ་ནག་གིས་ངོས་ནས་བརྗོད་ན་ཐམས་ཅད་ལས་ལྷག་པའི་གནད་དོན་གལ་འགངས་ཅན་གཅིག་རང་ཡོད་པ་དེ་སྤྱི་ཚོགས་བདེ་འཇགས་ཟེར་བ་དེ་ཁོ་ན་ཡིན་པ་རེད།

    ཡིན་ནའང་བདེ་འཇགས་ཀྱི་ཆེད་དུ་དྲག་པོའི་དམ་དྲག་ཆེ་དྲགས་ན་དེ་བས་མི་རྣམས་ཀྱི་སེམས་སྣང་འཇིགས་སྣང་དང་དངངས་སྐྲག་ཆེ་རུ་འགྲོ་བ་དེ་སྤྱི་ཚོགས་ཀྱི་ཆོས་ཉིད་གཅིག་རེད།

    བྱས་ཙང་ཤིང་ཅང་། བོད་ལྗོངས། ནང་སོག རྒྱ་ནག་བཅས་ཀྱི་ནང་དུ་ཇི་ཙམ་གིས་དམ་དྲག་ཆེ་ན་དེ་ཙམ་གྱིས་མི་རྣམས་ལའང་རང་དབང་ཆུང་བའི་དབང་གིས་ཡང་ནས་བསྐྱར་དུ་ངོ་རྒོལ་ཟེར་བ་དེ་འབྱུང་འགྱུར་ཐེ་ཚོམ་མེད་པ་རེད།

    མའོ་ཙེ་ཏུང་གིས་བཤད་པ་ལྟར་རེད། གང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒཽལ་ཡོད། ཅེས་པ་དེ་བོད་ལྗོངས་ཀྱི་གཙོས་པའི་གྲངས་ཉུང་མི་རིགས་ཙམ་མ་ཟད་རྒྱ་ནག་ནང་ཁུལ་ལའང་ངོ་རྒོལ་བསྟུད་མར་ཡོང་རྒྱུ་ཡིན་པའི་རྒྱུ་རྐྱེན་གསོག་འཇོག་བྱེད་བཞིན་པ་རེད།

    བྱ་དངོས་གང་ཞིག་ཡིན་ཡང་རྒྱུ་རྐྱེན་བསགས་པ་ལ་བརྟེན་ནས་རྒྱུ་ཚོགས་པ་ལས་འབྲས་བུ་བྱུང་ཟེར་བའི་ཆོས་ཉིད་ཀྱི་རྣམ་གཞག་དེ་འདྲ་ཞིག་རེད།

    ང་ཚོའི་ངོས་ནས་བཤད་ནའང་ཇི་ཙམ་གྱིས་དམ་དྲག་བྱས་ན་དེ་ཙམ་གྱི་མི་རྣམས་ཡར་ལངས་བྱེད་དགོས་པའི་བསམ་ཚུལ་ཡང་ཡང་ཡོང་ངེས་རེད། དེས་གནས་སྐབས་གཅིག་རིང་མི་མང་པོའི་ཚེ་སྲོག་དང་། སྤྱི་ཚོགས་ཀྱི་བདེ་འཇགས། དཔལ་འབྱོར། ཤེས་རིག་སོགས་གང་སར་དོ་ཕོག་ཚབས་ཆེན་འགྲོ་རྒྱུར་ངེས་ཀྱང་མཐར་གཏུགས་ན་རང་རང་སོ་སོའི་མི་རིགས་ཁག་ལའང་བདེ་སྐྱིད་ཟེར་བའི་དམངས་གཙོ་དང་རང་དབང་བཅས་ཡོང་རྒྱུའི་མངོན་བརྡ་ཞིག་སྟོན་པ་རེད།

    བྱས་ཙང་རྒྱ་མིས་དྲག་གནོན་ཇི་ཙམ་བྱས་ན་མི་རྣམས་གནས་གཟོད་མི་བདེ་བ་ཞིག་ཡོང་ངེས་ཡིན། གནས་གཟོད་ཇི་ཙམ་གྱིས་བདེ་པོ་མེད་ན་དེ་ལས་ཐར་བའི་ཐབས་ལམ་ཞིག་རང་བཞིན་གྱིས་འཚོལ་ངེས་རེད། ཐབས་ལམ་དེ་ནི་ངོ་རྒོལ་ཟེར་བའི་ཚིག་འདི་ཁོ་ན་རེད།

    ངོ་རྒོལ་ཇི་ཙམ་བྱས་ན་དེ་ཙམ་གྱིས་ང་ཚོའི་མཐའ་འཇུག་གི་རེ་བ་མངོན་འགྱུར་ཐུབ་པ་རེད། དེ་ཡང་རྐྱེན་ངན་གྲོགས་སུ་ཤར་བའི་རྟགས་མཚན་ཡག་པོ་རེད།

    Reply
  2. ཐོ་རེངས། says:
    ལོ་ 14 སྔོན།

    ཤིན་ཅང་དུ་སྡེ་བ་རེའི་ནང་དམག་མི་རེ་འཇོག་རྒྱུ་མ་རེད།
    ཤིན་ཅང་དུ་སྡེ་བ་རེའི་ནང་དམག་སྒར་རེ་འཇོག་རྒྱུའི་འཆད་འགོད་རེད།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    འདི་ནི་ཡུ་གུར་བས་དྲག་པོའི་རྒོལ་ལན་ཡང་སློག་རྒྱུར་དོགས་ཟོན་བྱས་པ་ཞིག་ཡིན། གལ་ཏེ་བོད་མི་ཚོ་ཡང་འུ་ཐུག་ནས་གང་ས་གང་ནས་དྲག་སྤྱོད་རིགས་སྤེལ་ཚེ་བོད་ས་ཡོངས་ཀྱི་དགོན་སྡེ་དང་བཅས་པ་དམག་མིས་དམ་བསྒྲགས་བྱེད་ངེས་ལ། མི་མང་པོ་ཞིག་དོན་མེད་དུ་དམར་གསོད་བྱེད་ངེས། ཡིན་ན་ཡང་འཛམ་གླིང་ན་དམག་རོགས་བྱེད་མཁན་སུ་ཡང་མེད། གལ་ཏེ་བྱུང་ན་འཛམ་གླིང་དམག་ཆེན་གསུམ་པ་ཞིག་བསླངས་པ་མ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese