ཉིན་འདི་གར་རྒྱ་གཞུང་གིས་བྲག་མགོའི་ཞི་རྒོལ་བ་རྣམས་གཅིག་རྗེས་གཉིས་མཐུད་དུ་འཛིན་བཟུང་བྱེད་ཀྱི་ཡོད་པ་མ་ཟད། སྐབས་དེའི་རྨས་མ་དག་ཀྱང་འཛིན་བཟུང་བྱེད་ཀྱིན་ཡོད་སྟབས། བོད་མི་མང་པོ་ཞིག་རི་མགོར་བྲོས་བྱོལ་དུ་འགྲོ་བཞིན་ཡོད་འདུག
དེ་རིང་ཐེ་ཝན་དུ་གནས་བཞུགས་རྫ་ཚེ་རིང་བཀྲ་ཤིས་ལགས་སུ་བོད་ནས་གནས་ཚུལ་ཁག་གཉིས་འབྱོར་བ་ལྟར་ན། ཉིན་འདི་འགར་དཀར་མཛེས་བྲག་མགོ་རྫོང་དུ་རྒྱ་དམག་འབོར་ཆེན་འབྱོར་བཞིན་ཡོད་ཅིང་། ཕྱི་ཚེས་ ༢༣ ཉིན་གྱི་ཞི་རྒོལ་ནང་ཞུགས་མཁན་མང་ཆེ་བ་འཛིན་བཟུང་བྱས་ཟིན་པ་དང་། ཞི་རྒོལ་ནང་ཞུགས་མེད་པ་དང་རྫོང་མཁར་དུ་སྡོད་མཁན་མང་ཚོགས་དག་ཀྱང་མགོ་དཀྲིས་ནག་པོ་ཅན་གྱི་དྲག་ཆས་དམག་མི་ཚོས་འཛིན་བཟུང་བྱེད་བཞིན་ཡོད་འདུག
གཞན་བྲག་མགོ་དགོན་ཆེན་དང་འཇང་སྒང་དགོན་པ་ཁག་ཏུ་ཉེ་སྔོན་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔ་བོ་དག་ལ་དགོངས་རྫོགས་བསྔོ་སྨོན་གནང་སྐབས། ཉེ་འཁོར་ས་གནས་ཁག་གི་བོད་མི་ཚོ་གདུང་སྐྱེད་ཞུ་བ་དང་གདུང་མཇལ་ཞུ་བར་ཡོང་སྐབས་རྒྱ་གཞུང་གིས་བཀག་འགོག་བྱས་ཡོད་འདུག
དེ་རིང་ཕྱི་ཚེས་ ༣ ཉིན་གསར་དུ་གནས་ཚུལ་འབྱོར་བར། ཞི་རྒོལ་ཁྲོད་རྨས་སྐྱོན་ཕོག་མཁན་ ༦༠ ལྷག་ཡོད་པ་ལས་ཕྱེད་ཙམ་འཛིན་བཟུང་བྱས་ཟིན་ཞིང་། གཞན་དག་རི་མགོར་བྲོས་བྱོལ་དུ་ཕྱིན་ཡོད་འདུག ཁ་སང་དེ་རིང་གསར་དུ་བཟུང་བ་དག་རྫོང་ཁྲིམས་ཁང་གི་ར་སྐོར་ནང་ལུས་གཅེར་བུར་ཕུད་དེ་གཅར་རྡུང་གཏོང་བཞིན་ཡོད་པ་གཞན་གྱིས་མཐོང་ཡོད་འདུག
ཉིན་འདི་གར་བྲག་མགོ་རྫོང་ཐོག་ཏུ་རྒྱ་མི་མ་གཏོགས་བོད་མི་རེ་ཟུང་ལས་མཐོང་རྒྱུ་མེད་པ་དང་། རྫོང་སྲིད་གཞུང་གི་འབྲེལ་ཡོད་མི་སྣ་ཞིག་གིས་གཞུང་གི་གསང་བའི་གནས་ཚུལ་བརྗོད་གསལ་ལ། རེབ་འདིའི་ཟིང་འཁྲུག་ཁྲོད་བོད་མི་ ༤༠༠ ཙམ་འཛིན་བཟུང་བྱ་འཆར་ཡོད་འདུག
དཀར་མཛེས་ཁུལ་གསེར་རྟ་རྫོང་དུའང་ཉེན་རྟོག་པ་ཚོས་ས་གནས་བོད་མི་གང་བྱུང་འཛིན་བཟུང་བྱེད་ཀྱིན་ཡོད་ཅིང་། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་གསེར་རྟ་རྫོང་མཁར་བར་སྤྱི་ལེ་ ༡༥ ཙམ་ལས་མེད་ཀྱང་ཐོབ་ཐང་དཔང་ཡིག་སོགས་ལ་ཞིབ་བཤེར་བྱེད་ཀྱིན་ཡོད་འདུག གསེར་རྟ་དང་བྲག་མགོ རྟའུ། འཛམ་ཐང་སོགས་སུ་ཕྱི་ཕྱོགས་ལ་འབྲེལ་ལམ་ཡོངས་བཀག་སྡོམ་བྱས་ཡོད་པ་མ་ཟད། ས་གནས་ནང་ཁུལ་གྱི་ཁ་པར་དང་སྐྱེལ་འདྲེན་སོགས་ལའང་བཀག་སྡོམ་བྱེད་ཀྱི་ཡོད་པ་དེས་མང་ཚོགས་ཀྱི་ཚོ་བར་བརྡབ་གསིག་ཆེན་པོ་བཟོ་བཞིན་ཡོད་འདུག
གནས་ཚུལ་གཞན་ཞིག་ལ། ཉེ་ལམ་དཔྱིད་གསར་དུས་ཆེན་བསླེབ་ལ་ཉེ་སྐབས་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་བོད་མི་འདས་སྡོད་ཁུལ་དུ། རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་འབོར་ཆེན་འབྱོར་ཏེ་དམག་རྩལ་སྦྱོང་བ་སོགས་བོད་མིར་འཇིགས་སྐུལ་བྱེད་ཀྱིན་ཡོད་འདུག་ལ། ལོ་གསར་ཚེ་ ༢ ཉིན་ནས་བཟུང་དྲག་ཆས་དམག་མི་ཆིག་ཁྲི་ལྷག་གིས་མེ་མདའ་དང་གློག་འགྱིག མདའ་འགོག་ཕུབ་སོགས་བཟུང་སྟེ་སྲིང་ལམ་ཁག་བརྟན་སྲུང་བྱས་ཡོད་འདུག
ཟླ་གཉིས་ཙམ་གོང་དུ་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྒོ་བྱང་ཐོག་བོད་ཡིག་བྲིས་ཡོད་པའི་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་སོགས་ཀྱི་སྒོ་བྱང་བཀོག་སྟེ་རྒྱ་ཡིག་དཀར་པོའི་སྒོ་བྱང་བཟོས་ཡོད་ཅིང་། ད་ཆར་དེ་དག་གི་སྒོ་ཁར་དྲག་ཆས་ཐོགས་པའི་དམག་མི་བཅུ་གྲངས་རེ་བང་བསྒྲིགས་ཏེ་ཡར་འགྲོ་མར་འགྲོ་བྱེད་ཅིང་། བོད་རིགས་མགྲོན་པོ་དག་ལ་ཞིབ་བཤེར་དང་འཇིགས་སྣང་སྐུལ་བཞིན་ཡོད་འདུག
གསར་འགོད་པ། དོན་གྲུབ་བཀྲ་ཤིས།
བྲག་མགོའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད། བྲག་མགོ་དང་མགོ་ལོག གསར་རྟ། རྔ་བ། རེབ་ཀོང་སོགས་ཀྱི་ལས་འགུལ་འདི་བོད་ཡུལ་ཀུ་ལ་ཁྱབ་པར་ཤོག
གྲོགས་པོ་ཚོ་གཅིག་གི་ཅིག་ལ་འཚང་མི་འདྲུ་བར། རང་རང་སོ་སོའི་རང་ནུས་ཀྱི་ཕྱག་ལས་རེ་གནང་ཤོག་དང་། བཤད་དོན་མཚུངས་པ་རེད། བོད་ནང་གི་དཔའ་རྒོད་ཚོས། བློ་ཕ་ལ་མི་འདྲི། གྲོས་མ་ལ་མི་བཅོལ་། ཐག་རང་གི་བཅད་ནས་ཕྱག་ལས་གནང་བཞག་པ་ཤ་སྟག་ལས་མི་འདུག་པ་མཁྱེན་གསལ་རེད། བཀའ་ཁྲི་བློ་སེང་འདི་ནི་བཙན་བྱོལ་བོད་མི་ནང་གི་དེ་དྲག སྒོ་ང་ནང་གི་སེར་ཐིག་བྱས་ནས་སྲིད་སྐྱོང་ལ་བསམ་བཞིན་དུ། ཤེས་བཞིན་དུ་རང་དབང་གི་སྒོ་ནས་གདམ་སྒྲུག་བྱས་པ་ཡིན་དུས། ལས་ཀ་རྣམས་མ་འགྲིག་པ་དང་། བྱེད་ཀྱི་མི་འདུག་བསམ་པའི་བཤད་ཡམ་འདི་ཚོ་ལ་ང་ནི་ངོ་མཚར་གི་འདུག བྱེད་རྒྱུ་ཡོད་ན་རང་བཞན་ཀུན་ལ་བྱེད་དགོས་པ་དང་། སེམས་ཚོར་སྡུག་བསྔལ་རྣོན་པོ་འདི་འདྲ་ཡོད་དུས། གུས་པས་བསམ་ན་བཀའ་ཁྲི་ལ་འདི་མེད་པ་ཞིག་དང་བྱེད་མི་ཤེས་པ་ཞིག་གཏན་ནས་མ་རེད་སྙམས། སྐྱོན་འདོག་དང་ལེ་བདའ་རིག་མཐོ་དམན་སུ་ལ་ཡང་དེ་ཙམ་མ་བྱེད་ན་དགེ་མཚན་ཤིན་ཏུ་ཆེན་པོ་འདུག་སྙམས། རང་གཞན་ཀུན་གྱིས་དགོས་རྒྱུ་ངོ་མ་དེ་ནང་མཐུན་རྡོག་རྩ་གཅིག་སྒྲིལ་ནམ་ཡང་མ་འཆུག་པ་འདི་རེམ་རེམ་ཞེས་འབོད་བསྐུལ་ཞུ་གི་ཡོད།
འདི་ལྟར་དམར་གཞུང་གིས་སྒྲུབ་ཀྱི་ཡིན་ན་བོད་རིགས་ཚོས་ཁ་མཐུན་བྱས་ནས་བོད་རིགས་རྣམས་ཆིག་བསྒྲིལ་བྱེད་ཀྱི་གལ་ཆེན་རེད། གཙོ་བོ་རྒྱའི་ལག་ནས་སྒོར་མོ་མི་ལེན་གྱི་དང་རྒྱའི་གསང་མྱུར་བ་མི་བྱེད་ཀྱི་སོགས་བོད་རིགས་ཚང་མས་ཟབ་ཟབ་བྱེད་དགོས་པ་ཞིག་མ་ཡིན་ནམ།
འབྲོང་བུ་སོག་ཚ་ཟེར་བ་ཞིག་གིས་རྒྱུ་མཚན་དང་གཏད་སོ་མེད་པའི་སྐད་ཆ་ཉ་ཉོག་བྲིས་འདུག་ལ། ད་ལྟའི་བཀའ་སྤྱི་གཉིས་འདི་དེ་སྔོན་ཟམ་གདོང་བླ་མའི་གཞུང་ལས་མྱུར་བ་ཡོད་པ་ཚང་མས་ཤེས་གསལ་རེད། ཞེས་པ་དེ་ལ་རྒྱུ་མཚན་མེད་པ་དང་། ད་དུང་བོད་ནང་གི་ཞི་རྒོལ་དེ་མདུན་མཆོང་བྱེད་དགོས་མདོག་གི་གཞི་ལུས་བོད་མི་རྣམས་ལ་ཤ་ཚ་དང་སྙིང་རྗེ་མེད་པར་རྒྱ་གཞུང་གི་ལག་པར་སྤྲད་འདོད་ཀྱི་བསམ་བློ་ཞིག་རེད། ཁྱེད་རང་གིས་བོད་བསྟན་སྲིད་ཆེད་དུ་བྱ་བ་སྣ་གཅིག་ཀྱང་བསྒྲུབས་མ་མྱོང་ལ། དེ་སྒྲུབ་བྱེད་ཀྱི་ཤེས་འཇོན་སོགས་ཀྱང་མེད་ན་ཁ་རོག་བརྡད་ན་མི་བཟང་ངམ།
ཞི་རྒོལ་བ་ཚོ་དངོས་གནས་སྙིང་ལ་རྗེ་ཡི་འདུག དངོས་གནས་བྱས་ན། ཁོང་ཚོས་རང་གི་རྩ་བའི་བླ་མ་ལ་དད་པ་བྱེད་ཀྱི་ཡིན་ཟེར་བ་དང་། ང་ཚོས་ཆོས་འདོན་གྱི་ཟེར་བ་དེ་རེད། འདི་ལ་ཉེས་པ་ཅང་ཡོད་དམ། དང་པོ་ཕྱག་ཟུང་ཐལ་མོ་སྦྱོར་བཞིན་ཞུ་བ་བྱས། དེ་ནས་ཡར་མར་ལ་འབྲོ་ས་ཞིག་འཚོལ་གྱིན་འདུག དངོས་གནས་བོད་མི་རིགས་ལ་བདག་པོ་ཞིག་ཨེ་འདུག་གམ།
སྒྲིག་འཛུག་དང་བདག་པོ་མེད་པའི་སྐད་ཆ་མ་བཤད་ན་བཟང་། མ་གཞི་དུས་ཚོད་འདི་འདྲ་བ་ལ་སྐད་ཆ་འདི་འདྲ་བ་བཤད་ས་མིན་པར་དབུ་འོག་དཔུང་འདེགས་དགོས་གལ་ཆེ་བར་མཐོང་། ད་ལྟའི་བཀའ་སྤྱི་གཉིས་འདི་དེ་སྔོན་ཟམ་གདོང་བླ་མའི་གཞུང་ལས་མྱུར་བ་ཡོད་པ་ཚང་མས་ཤེས་གསལ་རེད། བཀའ་སྤྱི་གཉིས་ཀྱིས་ལས་དོན་ལ་རྒྱབ་སྐྱོར་མ་མཐུད་བྱེད་རྒྱུ་ཡིན་པ་མ་ཟད་བོད་ནང་གི་ཛ་དྲག་གི་གནས་ཚུལ་ལ་དེ་སྔོན་བཞིན་མདུན་དུ་མཆོང་རྒྱུའི་དམ་བཅའ་གཏན་པོ་ཡོད།
བོད་གཞུང་གིས་ཅི་ཡང་མ་ནུས་པའི་སྟབས་ཀྱིས་སྒྲིག་འཛུགས་ཤིག་གི་མིང་ཐོག་ལ་མར་བབས་པ་འདྲ་བོ་འདུག སེང་གེའི་བཀའ་ཤག་དང་སྤྱི་ལྷན་སོགས་སྐྱིད་གཉིད་བརྒྱབ་ཏེ་བསྡད་ཡོད། ཁྱོད་ཚོ་མི་དམངས་ཀྱི་མགོ་ཁྲིད་ཅིག་ཡིན་ན་གཉིད་ལས་ལོངས། མགོ་་་་ཁྲིད་ཅིག་་་་་་། མདུན་་་་སྐྱོད་་་་་ཀྱིས་་་་