རྒྱ་ནག་གཞུང་གིས་ཡུ་ཤུལ་ཁྲི་འདུ་རྫ་སྟོད་ཞང་སྲིད་གཞུང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་པའི་བོད་མི་བཞི་འཛིན་བཟུང་བཀག་ཉར་བྱས་འདུག
རྒྱ་གར་ལྷོ་ཕྱོགས་གནས་སྡོད་འཇིགས་བྲལ་བསྟན་འཛིན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༥ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ པ་ཡས་མས་སུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་རྫ་སྟོད་ཞང་དུ། བོད་མི་ཚེ་རིང་དབང་ལྡན་དང་ཚེ་རིང་བཟང་པོ། ཚེ་རིང་བཀྲ་ཤིས། རྡོ་རྗེ་བཅས་འབོད་པའི་བོད་མི་ ༤ ཡིས་རྫ་སྟོད་ཞང་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་ “ བོད་རང་བཙན་ཡིན། བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས། ” ཞེས་ངོ་རྒོལ་སྐད་འབོད་བྱེད་ཡོད་འདུག་ལ། ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ་ཅང་མ་འགོར་བར་ཉེན་རྟོག་པ་ཡོང་སྟེ་ཁོང་བཞི་འཛིན་བཟུང་གིས་ཁྲིན་ཏུ་རྫོང་དུ་འཁྲིད་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། ངོ་རྒོལ་སྐད་འབོད་བྱས་པའི་བོད་མི་ཁོང་བཞི་རང་ལོ་ ༢༠ ནས་ ༣༠ བར་ཡིན་པ་དང་། ཐེངས་འདིར་བོད་མི་བཞི་ཡིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་རྗེས་རྒྱ་ནག་གཞུང་གིས་ཁྲིན་འདུ་རྫོང་དང་རྫ་སྟོད་ཞང་བཅས་སུ་དམག་མི་འགྲེམས་འཇོག་གིས་དམ་དྲག་ནན་མོ་བྱེད་ཀྱི་ཡོད་འདུག
གསར་འགོད་པ། དོན་གོ
དེ་རིང་སྤྱི་ཟུར་ལགས་ཀྱི་ཞལ་གསུང་མ་བརྩིས་ཐལ།
སྐད་བརྒྱབ་ནོ་ར་སྐད་ལུགས་སྐད་རེད།།
དེར་ནང་དོན་མེད་ནོ་མཁྱེན་རྒྱུ་རེད།།
བོད་དཔའ་བོ་ཡོངས་རྫོགས་ཕེབས་སོང་ན།།
ངོ་གཏོ་ཡི་གྱུར་ནས་འདུག་རྒྱུ་རེད།།
དེ་རིང་གི་ང་ཚོའི་འབོད་ཚིག་ཏུ་ཕུལ་བ།
བོད་མིས་ཅིའི་ཕྱིར་རང་ལུས་སྲེག་གིན་ཡོད། ཝེ། གུང་ཁྲན་ཏང།
སྐུ་གཤེགས་དཔའ་བོ་རྣམ་པར་མྱ་ངན་གུས་འདུད་ཞུ།
དགོན་སྡེ་དམག་གིས་སྐོར་དོན་ཅི། སུ་ལ་ཞེད་ཀྱི་འདུག
ཕྱི་གླིང་བའི་གསར་འགོད་པ་བོད་གཏོང་མི་ཕོད་པ་ཅི།
ཏཱ་ལའི་བླ་མར་ཅི་ཙམ་སྡིགས་ན་བོད་མིའི་སེམས་ལ་དེ་ཙམ་གནོད
བོད་དགའ་བར་འཇུག་ན་ཏཱ་ལའི་བླ་མ་བོད་ལ་གདན་འདྲེན་བྱོས།
མི་རིགས་ཁག་ལ་རང་སྐྱོང་གཙང་མ་དགོས།
ཀྲུང་གོ་མི་དམངས་ལ་དམངས་གཙོ་ཡང་དག་པ་དགོས།
གང་ན་དྲག་གནོན་ཡོད་ན་དེ་ན་ངོ་རྒོལ་ཡོད།
བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས། བོད་ནི་ཧོང་ཀོང་དང་ཨོ་མོན་ལས་གནམ་སའི་ཁྱད་པར་ཆེ།
མཉམ་འབྲེལ་རྒྱལ་ཚོགས་ལགས། ཁྱེད་ཀྱིས་བོད་མི་མཐོང་དོན་ཅི།
མི་སེར་འཛིན་བཟུང་བྱེད་མི་ཆོག
རྫུན་ཕམ་བདེན་རྒྱལ་ཉི་མ་མྱུར་འཆར་སྨོན།