ཨ་རིའི་ནེའུ་ཡོག་རྒྱལ་ཚོཊ་མདུན་དུ་བླ་མ་ཤིང་བཟའ་རིན་པོ་ཆེ་གཙོས་པའི་བོད་མི་གསུམ་གྱིས་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ། ད་བར་ཉིན་ ༦ ཙམ་འགྲོ་བཞིན་ཡོད་ལ། གནམ་གཤིས་གྲང་བ་སོགས་ཀྱིས་ཁོང་རྣམ་པའི་གཟུགས་པོའི་གནས་སྟངས་ཇེ་ཞན་དུ་འགྲོ་བཞིན་ཡོད་འདུག
ཉེ་ཆར་ལོ་གསར་ཚེས་ ༡ ཉིན་ནས་བཟུང་ཨ་
དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པར་གསར་འགོད་པས་ཁ་པར་བརྒྱུད། ཨ་རིར་གནས་བཞུགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ། ཟས་བཅད་ངོ་རྒོལ་གནང་མཁན་རྣམ་པའི་གཟུགས་གཞིའི་གནས་སྟངས་གང་འདྲ་ཡིན་པ་དང་། སྡོད་ཡུལ་ས་ཆའི་ཐད་དཀའ་ངལ་འཕྲད་ཀྱི་ཡོད་མེད་དྲིས་པར། “ ད་སྔ་ཟས་བཅད་ངོ་རྒོལ་གནང་མཁན་གྱི་འཕྲོད་བསྟེན་ཐོག་དཀའ་ངལ་ཆེན་པོ་མི་འདུག་ཀྱང་། ཤིང་བཟའ་རིན་པོ་ཆེའི་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་ ༤ མར་ཆག་ཡོད་པ་དང་། སྐུ་ཞབས་རྡོ་རྗེ་རྒྱལ་པོ་དང་ཡེ་ཤེས་བསྟན་འཛིན་གཉིས་ལའང་སྤྱི་རྒྱ་ ༢ ཡས་མས་རེ་མར་ཆག་འདུག དེ་རིང་ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་ ༦ པ་དེ་འགྲོ་བཞིན་ཡོད་ཀྱང་། ད་ཆར་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་གཞུང་ངོས་ནས་ང་ཚོར་དམིགས་བསལ་འབྲེལ་བ་དེ་འདྲ་གང་ཡང་གནང་མ་སོང་། ཡིན་ནའང་། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ད་དུང་རྒྱལ་ཚོགས་ཀྱིས་བརྡ་ལན་ཞིག་མ་གནང་བར་ལས་འགུལ་མཚམས་འཇོག་གི་མ་རེད། ད་ལྟའི་ཆ་ལ་ཟས་བཅད་གནང་མཁན་ཚོར་དཀའ་ངལ་གཅིག་ཡོད་པ་ནི་གནམ་གཤིས་ཀྱི་དཀའ་ངལ་རེད། ཉིན་འདི་འགར་ནེའུ་ཡོག་གྲོང་ཁྱེར་གྱི་གནམ་གཤིས་ཧ་ཅང་གྲང་མོ་ཆགས་ཏེ། མཚམས་རེར་ཁ་བ་འབབ་པ་དང་མཚམས་རེར་ཁ་ཆར་འདྲེས་མ་དང་རླུང་འཚུབ་གཡུག་པ་སོགས་ཀྱིས་ཟས་བཅད་ངོ་རྒོལ་གནང་མཁན་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱིན་འདུག ” ཅེས་བརྗོད་བྱུང་།
ཚོགས་གཙོ་ཚེ་ལགས་ཀྱིས་སྡོད་ཡུལ་ས་ཆའི་སྐོར་བརྗོད་དོན། “ ང་ཚོས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཐོག་མར་མགོ་འཛུགས་གནང་སྐབས། ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁང་བརྩེགས་འགྲམ་དུ་ཟས་བཅད་ངོ་རྒོལ་བྱས་ན་འགྲིག་གི་མེད་ཚུལ་བརྗོད་པ་རེད། འོན་ཀྱང་། ང་ཚོས་རྒྱལ་ཚོགས་ཀྱི་ངོས་ནས་ཟས་བཅད་ངོ་རྒོལ་བ་དག་གི་རེ་འདུན་ལ་བརྡ་ལན་གསལ་པོ་ཞིག་མ་སྤྲད་བར་ལས་འགུལ་མཚམས་འཇོག་བྱ་རྒྱུ་མིན་ལ། ཟས་བཅད་ངོ་རྒོལ་གནང་སའི་ས་ཆར་ཡང་འགྱུར་བ་གཏོང་རྒྱུ་མིན་ལབ་ནས་ཨུ་ཚུགས་ཀྱིས་བསྡད་པ་ཡིན་ ” ཞེས་བརྗོད་བྱུང་།
བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་ནི། ༡༩༨༠ ལོར་མདོ་སྨད་མཚོ་སྔོན་བོང་སྟག་ཏུ་སྐུ་འཁྲུངས་ཡོད་པ་དང་། ཕྱིས་སུ་༸གོང་ས་མཆོག་གིས་ཤིང་བཟའ་སྐུ་ཕྲེང་བཅུ་བའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་རྗེས། དགུང་ལོ་ ༡༣ སྟེང་མགོ་ལོག་རྭ་རྒྱ་དགོན་དུ་ཁྲི་འདོན་མཛད་ཡོད་ཅིང་། ༡༩༩༧ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་གདན་ས་སེ་ར་དགོན་པར་གཞུང་ཆེན་ཁག་ལ་སློབ་གཉེར་གནང་སྟེ། ༢༠༡༡ ལོར་ཚོགས་རམས་པའི་དགེ་བཤེས་ཀྱི་མཚན་གནས་བཞེས། ༢༠༠༨ ལོར་རིན་པོ་ཆེ་མཆོག་གིས་བོད་སྐྱོད་ཞི་བའི་གོམ་བགྲོད་ཀྱི་སྣེ་ཁྲིད་དང་པོ་དང་། ༢༠༡༠ ལོར་ཕྱིར་རང་ཡུལ་དུ་ལོག་པ་ཞེས་གོམ་བགྲོད་གཉིས་པ་གནང་ཡོད།
སྐུ་ཞབས་རྡོ་རྗེ་རྒྱལ་པོ་ལགས་ནི་ ༡༩༥༣ ལོར་བོད་ཀྱི་སྟོད་སྐྱིད་གྲོང་དུ་སྐྱེས་ཤིང་། ༡༩༦༠ ལོར་བཙན་བྱོལ་དུ་འབྱོར་རྗེས་སྔ་ཕྱིར་ངྷ་སྟེང་བོད་ཁྱིམ་དང་ཀ་སྦུག་གཏན་སློབ་བཅས་སུ་སློབ་སྦྱོང་གནང་ཡོད་པ་དང་། ༡༩༧༨ ལོར་རྒྱ་གར་མན་པཱ་ཊི་ས་གནས་གཞོན་ནུའི་རྒྱུན་ལས་གནང་ཡོད་འདུག ༡༩༩༢ ལོར་ཨ་རིའི་གཞིས་སྤོ་བྱས་ཏེ། ད་ལྟ་མེ་ནོ་སོ་ཊར་མངའ་སྡེར་གཏན་སྡོད་བྱེད་ཀྱི་ཡོད་ལ། ཁོང་ནི་ཞི་བའི་གོམ་བགྲོད་དང་བོད་དོན་ལས་འགུལ་སོགས་སྣེ་ཁྲིད་མཁན་ཞིག་ཆགས་ཡོད་འདུག
སྐུ་ཞབས་ཡེ་ཤེས་བསྟན་འཛིན་ལགས་ནི་ ༡༩༧༣ ལོར་རྒྱ་གར་དུ་སྐྱེས་ཤིང་། ཌལ་ཧོར་གཏན་སློབ་སོགས་སུ་སློབ་སྦྱོང་བྱས་རྗེས། ༢༠༠༤ ལོ་ནས་ ༢༠༠༧ ལོ་བར་སྐབས་གཉིས་རིང་རྡེར་རྡུན་ཧེ་བྷ་ཕིར་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་གནང་མྱོང་ཡོད་ལ། དུས་རྒྱུན་བོད་དོན་དང་འབྲེལ་བའི་ལས་འགུལ་ཅི་རིགས་ནང་མཉམ་ཞུགས་བྱེད་མཁན་ཞིག་ཡིན་འདུག
གསར་འགོད་པ། དཔལ་ལྡན།
བོད་དོན་ལས་འགུལ་འདི་ཚོར་རྗེས་སུ་ཡི་རང་ཞུ།ྲ
ཀླུ་སྨྱོན་ལགས། ཁྱེད་ཀྱི་དུས་རབས་གསར་བའི་ལམ་ཁ་གསར་བའི་ལམ་སྟོན་དེ་ཅིག་རིག་ན་འདོད་ཀི
ཁྱུང་སྲས་ལགས། བོད་ཀྱི་ཟས་བཅད་ཞི་རྒོལ་ལ་ནུས་པ་ཐོན་པའི་དུས་སྐབས་དེ་ནམ་ཞིག་ལ་ཐོན་རྒྱུ་ཡིན་པའི་ལུང་བསྟན་ཅིག་གསུངས་དང་བསྒུགས་ནས་བསྡད་ཡོད།་ ཚིག་སྦྱོར་གྱི་དབང་གིས་གཞན་མང་བོ་ཞིག་གོ་མ་སོང་།
གང་ལྟར་སྐད་ཆ་མདོར་བསྡུས་ནས་བཤད་ན། ཁྱེད་ཅག་གི་གློ་འཛིངས་ཅན་གྱི་ལྟ་སྤྱོད་ལ་ནང་ཆག་འབུལ་མི་ཐུབ་ཞེས་ཞུས་པ་ཡིན།
ཁོང་རྣམ་པ་གསུམ་ལ་རྗེས་སུ་ཡི་རངས་དང་། བསྔགས་བརྗོད་བླ་ལྷག བཀའ་དྲིན་ངོས་ཟིན་བཅས་ཡོད་ཞུ་བ་དང་སྦྲགས ། སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་ལགས་གཞིས་བྱེས་དད་ལྡན་སྤྱི་དང་།ཁྱད་པར་མགོ་ལོག་རྭ་རྒྱ་དགོན་དམངས་དང་།མཚོ་ནུབ་བོང་སྟག་དགོན་དམངས་སྤྱི་སོགས་ཀྱིས་ཉིད་ལ་བཅང་བའི་དད་འདུད་དང་།ཡིད་ཆེས།རེ་བ།དྲན་སྒུག་སོགས་ལ་ཐུགས་བསམ་བཏང་ནས་སྐུ་ལུས་ལ་བདག་རྒྱག་རོགས །སྐུ་སྲོག་ལ་དེ་ལས་ཀྱང་།ཞུ་ཞུ་ཞུ །
མཁས་དབང་ཁུག་རྟ་ལགས། བཀའ་ཤག་གིས་སྤྲད་པའི་རེ་འདུན་དང་ཁྱེད་ཀྱིས་རྩོད་ཀྱིིན་པའི་རང་སྐྱོང་དེ་སྔ་མོ་ནས་རྒྱ་ནག་གིས་ང་ཚོར་སྤྲད་ཡོད་ནི་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་<<མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།>>ཀྱི་དོན་ཚན་བཅུ་བ་དང་སོ་བདུན་སོགས་ཀྱི་ནང་ལ་གཟིགས་དང་ང་ཚོར་ཐོབ་ཐང་ཆ་ཚང་སྤྲད་ཚར་ཡོད་ནི་རེད། ང་ཚོར་ཅི་ཞིག་གི་ཐོབ་ཐང་སྤྲད་མེད་དམ། སྐད་ཡིག་དང་ཆོས་ལུགས་དད་མོས་རང་དབང་སོགས་ཁ་ཚང་དོན་འགྲིག་ག་སྤྲད་ཚར་ཡོད་ནི་རེད། ད་དར་དམར་བཟུང་ང་ལམ་མ་ལོངས་ར་ཧྲ་ཀི་ར། སྐར་ལྔའི་དར་དམར་དེ་སྲིད་དབང་གཅིག་སྡུད་ལམ་ལུགས་ཀྱི་ཚོགས་སྡེ་ཞིག་གི་ཚབ་མཚོན་ཡིན་པ་ལས་རྒྱ་ནག་མི་དམངས་ཀྱི་ཚབ་མཚོན་དུ་མི་འགྲོ་བ་མ་ཟད། རྒྱ་ནག་གི་དོན་གྱི་མཁས་པ་དག་གིས་དེ་ནི་རྒྱ་ནག་གི་ལོ་ངོ་སྟོང་ཕྲག་ལྔའི་རིག་གནས་ཁྱུར་མེད་བཟོ་མཁན་གྱི་ལག་དམར་དུ་རྩི་བཞིན་ཡོད་སྟབས། ཁྱོད་འདྲ་བོ་བོད་ལ་མ་ཐོན་གོང་ང་རྒྱ་མི་ཞིག་གིས་གསོད་ན་ཐང་ཡ། ཧཧཧ་ ཁྱེད་ཀྱིས་རང་སྐྱོང་རང་དབང་སྤྲད་ཡོད་ནི་མ་རེད་ཟེར་ན། ཁྱེད་ཀྱིས་རང་སྐྱོང་གི་ཚད་གཞི་དེ་གཞུང་ལུགས་གང་ཞིག་གཞིར་བཟུང་ནས་རྩོད་ཀྱིན་ཡོད། ལྷོད་ལྷོད་བྱས་ནས་རྩོད་དགོས།
འཛམ་གླིང་མི་དམངས་ལངས་ནས་རང་དབང་རྩོད། །
གངས་ཅན་བོད་པ་ཉལ་ནས་རང་དབང་རྩོད། །
གན་རྡིས་བསྟན་པའི་ལམ་ཁ་རྙིང་པ་དེ། །
དུས་རབས་གསར་པར་བེད་སྤྱོད་ཡོད་དམ་མེད། །
རིན་པོ་ཆེའི་མཚོན་པའི་ཟས་བཅད་ངོ་རྒོལ་བ་ཚོ་ལ་ཞུ་རྒྱུ། དོན་དམ་པའི་ཟས་བཅད་ཡོད་ན་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འཁྲབ་སྟོན་ཞིག་ཡིན་ན་གླེན་རྟགས་མ་བྱེད་རོགས་ད་ལྟ་མི་མང་ཆེ་བ་གཉིད་ལས་སད་ཡོད།
ཁུག་རྟ་ལགས་མི་རིགས་རང་སྐྱོང་མེད་པ་བཟོས་ཏེ་ཀྲུང་ཧྭ་རྒྱ་རིགས་ཆེན་པོར་གཅིག་བསྒྱུར་བྱ་དགོས་ཟེར་བ་འདི་ལ་ཞིབ་ཀློག་བྱ་རོགས།
ཤར་ཁུག ངེས་པར་དུ་ཅིག་འབྲི་དགོས་པ་དེ་ཁྲལ་ལས་འདྲ་ཡིན་་ན། རང་གཞན་ཕྱོགས་གཉིས་ཀྱི་རྒྱབ་ཤ་དཀར་པོའི་དེབ་དག་འདིར་དྲངས་ཤོག་དང་དེ་བཟང་ས་རེད། མ་གཏོགས་ཁྱོད་དབུ་མའི་ལམ་པ་བའི་ཚབ་མཚོན་དུ་འགྲེངས་ཡོང་ན་བོད་མི་རིགས་ཀྱི་ཞབས་ནས་འདྲེན་རྒྱུུ་ལས་མི་འདུག ཡང་དག་དབུ་མའི་ལམ་གྱི་མཚན་མཐོང་ལར་རྒྱར་ནག་ཐིག་བགོས་སྙམ་པའི་ཀུན་སློང་ཡོད་ན་དེའི་འཇོན་ཐང་ཡང་ཁྱོད་ལ་མི་འདུག ༸གོང་ས་མཆོག་ལ་བསམ་བཞིན་དུ་ལོ་རྒྱུས་ཀྱི་ཞ་མོ་ནག་པོ་སྐོན་བསམ་གྱི་ཡོད་ཚེ་སྟོང་བསམ་རེད། སྟོབས་དང་དྲེགས་པས་འགྱིང་བའི་རྒྱ་ནག་དམར་ཤོག་ཕྱོགས་གཏོགས་དང་བཅས་པས་གླགས་མ་མཐོང་ས་ཞིག་ནས་ཁྱེད་རང་ངལ་བ་ཙམ་ལས་ཡོད་མ་རེད།
དྲ་གྲོགས་རྣམ་པ་ལགས།
ཁྱེད་ཚོ་ཕེབས་ནས་བསམ་ཚུལ་གླེང་བ་དགའ་ཡོད། ཕྲན་ཤར་ཕྱོགས་ཁུག་རྟ་སྒེར་ངོས་ནས་དབུ་མའི་ལམ་ལ་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་ཡིན། དེ་ཡོད་སྟངས་ཁ་བརྡ་རིམ་པས་བྱས་ན་གསལ་བོ་ཡོང་གི་རེད།
༡ ད་ལྟའི་བོད་མི་མང་གི་མདུན་ལམ་ལ་འགན་ཁུར་ཡོད་པའི་དབུ་མའི་ལམ་གྱི་སྲིད་བྱུས་དང་འགལ་ཟླའི་ལས་དོན་ནམ་བྱུང་ལ་ད་བར་སྤྱན་ཞལ་བཙུམས་ནས་བཞུགས་པ་རེད། ང་ལ་དེ་འདྲའི་བཟོད་སྲན་མི་འདུག
༢ དབུ་མའི་ལམ་གྱི་ཕྱིར་དུ་ལངས་ཕྱོགས་གཞན་པ་གཉའ་གཅོག་པའི་འདོད་པའང་མེད། གཉའ་གཅོག་ཐུབ་ཀིའང་མ་རེད། ལས་དེ་ལྟར་བྱས་ན་ག་རེ་བྱུང་མིན་ལོ་རྒྱུས་ཀྱང་ཡོད་པ་རེད།
༣ ཁྱིམ་ཚང་གཅིག་གི་ནང་མི་མང་ཁའི་གྲོས་དོན་ལ་སྤུན་ཟླ་ཉུང་ཤས་ཀྱིས་ག་དུས་ཡིན་ནའང་། ལྟོས་མེད་ཁྱད་གསོད་ཞེ་ཅིག་བྱས་ཆོག་པ་རྩ་བ་ཉིད་ནས་མེད། དོན་དག་གིས་སྤུན་ཟླ་རིང་དུ་ཐུང་དུ་འགྲོ་བ་ཆོས་ཉིད་རེད། ང་ཚོ་འཇིག་རྟེན་པ་རྐྱང་རྐྱང་རེད།
༤ ང་དང་ང་འདྲ་བ་བོད་མི་མང་ཆེ་བས་བོད་རིགས་ཡོངས་ལ་དོན་དམ་གྱི་རང་སྐྱོང་རྩོད་ཀྱི་ཡོད། བསམ་ཚུལ་དེ་༧གོང་ས་མཆོག་དང་གཞུང་མང་གིས་ ༡༩༦༢ དང་། ༡༩༧༢། ༡༩༧༩ ལོ་བཅས་རིམ་པར་གསལ་བཏོན་བརྒྱུད་མི་མང་གིས་གཏན་འབེབས་གནང་ཡོད། ཞི་བའི་དོན་ཚན་ལྔ་ནས་སྐྱོང་བསམ་འཆར་བར་རྒྱལ་སྤྱི་དང་རྒྱ་ནག་གི་གནས་བབ། རང་ཕྱོགས་ཀྱི་ལྗིད་ཁོག་རྒྱབ་ལྗོངས་དང་བཅས་པར་གཞིགས་ནས་དུས་བསྟུན་མཁས་མཛངས་ཀྱི་འགྱུར་བ་རིམ་པར་ཕྱིན་ཡོད།
༥ མཐའ་མའི་འབབ་ས་༼རང་སྐྱོང་གི་བསམ་འཆར་༽ཡིག་ཐོག་ནས་འཛམ་གླིང་ཡོངས་བསྒྲགས་ཐོག་༢༠༠༨ ལོར་རྒྱ་ནག་གཞུང་ལ་སྤྲད་ཟིན། རྒྱ་ནག་གིས་དེ་ལ་རྣམ་དཔྱོད་དང་ཁྲིམས་མཐུན། ཆབ་སྲིད་ཀྱི་ཆོད་སེམས་ལྡན་པའི་ལན་གནང་ཐུབ་མེད་པས། གདུག་རྩུབ་དང་དྲག་སྤྱོད་དབང་ཤེད། དཔལ་འབྱོར་བསླུ་བྲིད་མ་གཏོགས། དོན་དངོས་རང་རེའི་གཞུང་མང་རྣམ་པར་རྒྱལ་ཡོད།
༦ བོད་གཞུང་མང་གཞི་རྩ་དེར་བརྟན་པོ་དང་ཡིད་ཆེས་ཆེན་པོའི་ཐོག་གནས་མུས་ཡིན་པས། རྒྱ་ནག་གི་རྒྱལ་དར་མེར་བསྲེགས་རྒྱུའི་གནས་བབ་ཁྱོན་ནས་སླེབས་མེད། དེ་ལས་ལྡོག་སྟེ་དེ་དག་དང་འགལ་བའི་ལངས་ཕྱོགས་འཛིན་དགོས་པ་ཡིན་ལ། འཛིན་བཞིན་ཡོད།
༧ དར་དམར་བསྲེགས་མཁན་དང་འཕྱར་མཁན་གཉིས་ཀྱི་བར་དུ་སྐད་ཆ་སླེབས་སྟངས་མེད་པ་འདྲ་འང་། རྒྱ་ནག་གི་རྩ་ཁྲིམས་ཀྱིས་དར་དམར་ལ་ཁེག་ཐེག་བྱས་ཡོད། དར་དམར་ལ་ཁེག་ཐེག་བྱས་པ་ནང་བཞིན་གྲངས་ཉུང་མི་རིགས་ལའང་ཁེག་ཐེག་འགན་སྲུང་བྱས་ཡོད། ང་ཚོས་འགན་སྲུང་དེ་དག་རྩོད་ཀྱི་ཡོད་པས། དར་དམར་མེར་བསྲེགས་དང་ཐ་དད་པའི་ལངས་ཕྱོགས་འཛིན་དགོས་པའང་དུས་ལ་བབས་འདུག
༨ རྒྱ་ནག་གིས་ཁ་ཕྲལ་བ་ཟེར་བ་དེ་ད་བར་དོ་སྣང་གེ་མ་བྱུང་ཡང་། དར་དམར་བསྲེགས་པ་སོགས་ཀྱི་བྱ་སྤྱོད་ལས། རྒྱ་ནག་གཞུང་ལའང་དེ་བསྟུན་གྱི་སྒྲུབ་བྱེད་ཡོད་པ་ཚོར། དེ་བས་རྒྱ་ནག་གཞུང་གིས་ཁ་ཕྲལ་བ་ཉུང་ཤས་ཤིག་ལས་མེད་པའང་ཁས་ལེན་ངེས་པར་དུ་གནང་དགོས་རྒྱུ་རེད་ལ། ཉུང་ཤས་དེའི་བྱས་པ་ཡོད་ཚད་བོད་གཞུང་མང་གཉིས་ཀའི་མདུན་ལམ་ཐོག་མི་གཡུག་རྒྱུ་དང་། ལྷག་ཏུ་འཆམ་མཐུན་དང་གུ་ཡངས། གྲོས་མོལ་གྱི་རྒྱལ་བོ་༧གོང་ས་མཆོག་ལ་མཚན་སྨད་ཞུ་གཞིར་དེ་བས་ཀྱང་བེད་སྤྱོད་མ་གནང་རོགས།
རིན་ཆེན་གྲགས་པས་ང་ཁྲིམས་ཁང་དུ་ནམ་བསྐྱལ་ལ་སྐོམ་པས་ཆུ་ལ་རེ་བཞིན་སྒུག་རྒྱུ་ཡིན།
ངས་རྒྱ་ནག་རྩ་ཁྲིམས་འོག་གི་དོན་དམ་གྱི་རང་སྐྱོང་རྩོད་ཀྱི་ཡོད། རང་སྐྱོང་གི་ཡིག་ཆ་རྒྱ་ནག་དབུས་གཞུང་ལ་སྤྲད་ཟིན། རྩ་ཁྲིམས་དོན་དངོས་ལག་བསྟར་ཡོང་ཐབས་འདི་སྐར་ལྔའི་དར་དམར་མིང་དོན་མཚུངས་བ་ཞིག་ཡོང་མིན་དང་གཅིག་མཚུངས་རེད། དེ་གཉིས་ང་ཚོའི་རྩོད་པ་རེད།
༡༩༧༢ ཙམ་ནས་བཙན་བྱོལ་གཞུང་དང་༧གོང་ས་མཆོག་གིས་ཁ་ཕྲལ་རྩོད་ཀྱི་མེད་ལ། བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་རྒྱུའི་ཆོད་སེམས་ཧ་ཅང་བརྟན་པོར་གནས་མུས་ཡིན། འོན་ཀྱང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་བོད་གཞུང་ཁ་ཕྲལ་བ་རེད་ཅེས་ཤོད་ཀྱི་ཡོད། དེའི་རྒྱུ་མཚན་གཞོན་ལྷན་གྱི་དར་དམར་མེར་བསྲེགས་ཀྱི་ལས་འགུལ་འདི་འདྲ་ལས་ཡོང་གི་ཡོད། དེ་བས་དེ་ལ་ལྟ་ཚུལ་གང་ཡིན་བཟོ་དགོས་པ་དབུ་མའི་ལམ་པ་བའི་དམིགས་བསལ་གྱི་འགན་ཁུར་ཡིན།
དབུ་མའི་ལམ་གྱི་བོད་གཞུང་མང་གི་མདུན་ལམ་དང་ཚེ་སྲོག་ལ་འགན་ཁུར་ཡོད་པའི་སྲིད་བྱུས་ཡིན་ལ། མི་ཉུས་ཤས་ཤིག་གིས་གང་དྲན་བྱུང་རྒྱལ་དང་། གཉིད་ལས་སད་དུས་སྐད་རེ་རྒྱག་པ་ལྟར་མིན་ཞིང་། རང་བཙན་པར་ཁེས་འཆེ་བ་ཚོས་ཀྱང་ངེས་པར་དུ་རང་གི་བྱེད་ཕྱོགས་ལས་འགན་ལྡན་སྲིད་བྱུས་དབུ་མའི་ལམ་ལ་གནོད་སྐྱོན་དང་། བོད་མི་མང་གི་མངོན་འདོད་དང་རྒྱབ་ཀྱིས་ཕྱོགས་པའི་ལས་ཀ་བྱེད་ན་དེ་ལ་འགན་ངེས་པར་དུ་ཁུར་དགོས་སྟབས། ང་ཤར་ཕྱོགས་ཁུག་རྟ་སྒེར་གྱིས་རྟ་ཁྲབ་ཤོམ་སེ་དཔའ་ཁེར་རྒྱུག་བྱེད་བཞིན་ཡོད།
ད་བར་༧གོང་ས་མཆོག་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྐུར་འདེབས་སྒྲོ་འདོགས་ཚད་ལས་འདས་པ་བྱེད་མཁན་གང་ན་སུ་ཡོད་ཚང་མ་ངའི་གཡུལ་ས་འདིར་ཅི་ནས་ཀྱང་མ་གོ་མ་ཐོས་མེད་པར་ཕེབས་གནང་ཡོང་བ་ཞུ། ང་ཚོས་རིམ་པར་ལྟོས་ཆོག་ལ། གལ་སྲིད་ཤོད་རྒྱུའི་རྒྱུ་མཚན་གྱིས་སྟོང་ན་ནག་མོ་ཇོ་འཛིང་གི་ལས་མི་བསྟེན་པར་དགའ་བཞིན་སྤྲོ་བཞིན་རྒྱུ་མཚན་དང་རིག་པའི་རྗེས་སུ་འབྲང་ངེས་ཡིན། ལྷ་རྒྱལ་ལོ། བོད་རྒྱལ་ལོ། བོད་རང་སྐྱོང་རྒྱལ་ལོ། དོན་དམ་གྱི་རང་སྐྱོང་རྒྱལ་ལོ།
ཤར་ཕྱོགས་ཁུག་རྟ་ལགས་དེ་རིང་གི་ཁྱེད་ཀྱི་སྐད་ཆ་མདོར་བསྡུས་ན་ཚིག་འདི་གཉིས་རེད། རིན་པོ་ཆེ་ཚང་དར་དམར་བསྲེགས་མཁན་ཞིག་རེད། ང་དར་དམར་འཕྱར་མཁན་ཞིག་རེད་ཟེར་བ་འདི་ཁྱེད་ཀྱིས་བྲིས་པའི་མཆན་རེད།
དེས་ན་ཁྱེད་དར་དམར་འཕྱར་མཁན་ཞིག་ཡིན་ན་བཙན་བྱོལ་དུ་ཡོང་དོན་མི་འདུག དར་དམར་འཕྱར་ནས་ཕྱིར་ལོག་བྱོས་དང་གུང་ཁྲན་གཞུང་གིས་ཁྱེད་ལ་ཕེབས་བསུ་བྱེད་ངེས་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ད་ལྟའི་བར་དུ་བཙན་བྱོལ་ཏུ་་མི་ལོ་ལྔ་བཅུའི་ནང་རྒྱ་ནག་གཞུང་གིས་ཧམ་བཤད་ལས་ཁ་བྲལ་བ་རེད་ཟེར་བ་མ་གཏོགས་གཞན་སུ་ཞིག་གིས་ཀྱིས་དེ་འདྲ་ལབ་མྱོང་མཁན་བྱུང་མྱོང་མེད། ད་ལྟ་གཞོན་ལྷན་གྱི་དར་དམར་མེར་བསྲེགས་དང་ཁྱེད་ཚོའི་ལས་འགུལ་འདི་རིགས་ནི་ཁ་ཕྲལ་ལོག་སྤྱོད་ཀྱི་བྱ་བ་ཡིན་པ་ངས་མུ་མཐུད་གསལ་བཟོ་གནང་ངེས་ཡིན།ཁྱེད་ཀྱིས་བླུན་བཤད་འདི་ཐལ་དྲགས་པ་མ་རེད་དམ། དབུ་མའི་ལམ་ལས་འགུལ་ཁང་ནི་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞིའི་ལས་དོན་བསྒྲུབ་མཁན་ཞིག་ཡིན་ན། གོང་གསལ་སྐད་ཆ་འདིའི་རིགས་ལ་དབུ་མའི་ལམ་ལས་འགུལ་ཁང་གི་ཚོགས་གཙོ་གཞོན་དང་རྒྱུན་ལས་དག་གིས་འགན་འདི་ཁུར་དགོས་པ་ཞིག་ཆགས་ཡོད་པས་རྗེས་སུ་་ཆེས་མཐོའི་ཁྲིམས་ཁང་དུ་གཏུགས་བཤེར་བྱ་རྒྱུ་ཡིན།
དར་དམར་བསྲེགས་པ་སོགས་པའི་གཞོན་ལྷན་གྱི་ལས་ཀ་འདི་དག་གི་མཇུག་འབྲས་ཚང་མ་རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་འགལ་གྱི་ཡོད་པ་རེད། ཁོང་ཚོ་ཁ་ཕྲལ་བ་ཁ་རྒྱག་ཚོས་རྫིག་གཏམ་འདྲ་བཤད་ནས་ཡལ་འགྲོ་བའམ་ཤི་འགྲོ་ཡི་རེད། དེའི་རྗེས་སུ་འགན་དེ་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་དབུར་ལྷགས་ཀྱི་ཡོད་པ་རེད། ལྷག་པར་ད་ལྟའི་སྐབས་སུ་ལས་ཀ་འདི་རིགས་བོད་གཞུང་མང་གཉིས་ཀྱི་མངོན་འདོད་དང་མི་མཐུན་པའི་ཆ་རེད། བོད་གཞུང་མང་གི་མངོན་འདོད་ལ་འགན་ཁུར་ན་རང་རང་གི་ལས་མཇུག་རང་རང་གིས་སྐྱོང་དགོས་ཀྱི་རེད། ལས་ཀ་འདི་རིགས་དང་འབྲེལ་ནས་བོད་སྤྱིའམ་གཞུང་མང་གཉིས་ཀའི་ད་ལྟའི་མངོན་འདོད་ལ་དོ་ཕོག་འགྲོ་བའམ། ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུར་འགོར་འགྱང་ཕྱིན་ན་རྦད་དེ་འཕྲོ་བརླག་རེད། དེ་བས་ལས་ཀ་ག་རེ་བྱེད་ནའང་བསམ་བློ་གཟབ་ནན་བྱེད་རོགས།
དབུ་མའི་ལམ་གྱི་གྲུབ་འབྲས་མ་ཐོན་པའི་གནོན་རྐྱེན་ཅིག་ཕྱོགས་འདི་ན་ལྷགས་ཀྱི་ཡོད་པ་རེད། བོད་རྒྱ་ཞི་མོལ་ལ་དེ་བས་ཀྱང་གནོད་སྐྱེལ་ཚབས་ཆེན་ཐེབས་ཀྱི་ཡོད། དེང་གི་རྒྱལ་སྤྱིའི་ཆབ་སྲིད་ནང་རྒྱ་ནག་གཞུང་ལ་ལག་པ་འཕྱི་ས་འདི་འདྲ་ཞིག་ལས་དགོས་ཀྱི་ཡོད་པ་མ་རེད། དེ་བས་ཆབ་སྲིད་ལས་ན་ལས་ཤེས་པ་གནང་རོགས།
བསྔགས་བརྗོད་ཡོད་བསྟོད་བསྔགས་ཡོད། བོད་མི་རིགས་ལ་ཕན་པའི་བྱ་བཞག་ཤིག་ཡིན་ན་དེ་ལ་ག་དུས་ཡིན་ན་རྒྱབ་སྐྱོབ་བྱེད་མཁན་ཞིག་ཡིན། ང་དང་ཁྱོད་ཀྱི་སྐད་ཆ་དེ་ཚོ་མཇུག་རྫོགས་རོགས། བཙན་བྱོལ་བ་ཚོ།
མདོ་སྨད་སྤྱི་འཐུས་ལའང་ལངས་མྱོང་བའི་ ཟེར་བ་ཚིག་འདི་གཅིག་བུས་ཁྱོད་ཀྱི་དེ་ཉིད་བསྟན་པ་རེད། མ་གཞི་ནས་ནག་ཁུང་ལ་ལག་སྙོབ་བྱེད་རྒྱུ་གོམས་ཆེ་བས་གང་ཡིན་ཡང་འདྲ་འདྲ་འགྲིག་འགྲིག་རེ་གླེང་བསྡད་ན་ཅིག་རེད་འགྲོ་གི་རེད་བསམ་གི་ཡོད་ཚོད་མོད། མི་རིགས་ཀྱི་ལོ་རྒྱུས་འགན་དུ་བབས་པའི་དེ་རིང་སང་ཉིན་དེ་ལྟར་གོ་ལོས་ཐོས་ལོ། མ་ཤེས་ཤེས་མདོག་གིས་རྒྱ་མི་ཆོད་པ་ད་ལྟའི་བར་བརྒྱུད་དེ་མྱོང་བའི་ཁྱོད་ཀྱི་མི་ཚེས་ཀྱང་གསལ་སྟོན་བྱས་ཡོད་པ་རེད། ནང་ཁོག་གླེང་སྲོལ་མེད་པ་ཞིག་ཇི་ལྟར་བྱས་ཀྱང་བརྒྱ་བརྒྱ་སྟོང་སྟོང་གི་མདུན་ལ་ཐོན་ཐབས་འགྲིག་གི་མ་རེད། ཁྱེད་ཀྱང་དེ་བཞིན་རེད། “བགྲོ་གླེང་”ཞེས་པའི་མིང་སྟོང་འདི་ཙམ་ཡང་ཁྱེད་དང་ལྷན་དུ་བྱ་བའི་རིན་ཐང་གཏན་ནས་མི་འདུག་པས། ཁྱེད་རང་མུ་མཐུད་གཡོ་སྐོར་གྱི་ལམ་དུ་ཞུགས་དང་རང་འཁོས་ཀྱི་དབང་ཐང་དེ་ཙམ་རེད།
མདོ་སྨད་སྤྱི་འཐུས་ལའང་ལངས་མྱོང་བའི་ཨ་ཁུ་རྭ་རྒྱ་བློ་དབང་ལགས།
ཤིང་བཟའ་ཚང་དང་ངེད་གཉིས་ཀྱི་ནང་ཁོག་གསལ་བཤད་ཞུ་དགོས་པ་ཅང་མི་འདུག དེ་བཞིན་སྒེར་གྱི་འབྲེལ་བའི་སྐོར་འདིར་བཀོད་དགོས་དོན་མི་འདུག ཁྱེད་སྤྲུལ་སྐུ་མེད་ཤུལ་ནས་བླ་བྲང་དུ་བཞུགས་བསྡད་ན་སེམས་ལ་ལྷོང་ལྷོང་པོར་ཡོད་ངེས་ཀྱང་།
ངས་བཤད་བཞིན་པ་དེ་རྦད་དེ་ཁྱེད་ཀྱི་སེམས་ཁམས་དེ་དང་འབྲེལ་བ་ཅི་གང་ཡོད་པ་མ་རེད། རིན་པོ་ཆེ་ཚང་དར་དམར་བསྲེགས་མཁན་ཞིག་རེད། ང་དར་དམར་འཕྱར་མཁན་ཞིག་རེད། དེ་དེ་རིང་གི་ངེད་གཉིས་ཀྱི་ཁྱད་པར་རེད། ཁྱེད་ཀྱིས་ཀྱང་ལོས་ཤེས། ངས་སྐད་ཆ་དེ་རུ་བཤད་ཀྱི་ཡོད། དེ་ལ་ཁྱེད་ཀྱང་བཤད་རྒྱུ་ཡོད་ན་ཤོད་དང་ཞེ་དྲག་བགྲོ་གླེང་གི་འདུན་པ་ཡོད།
དེ་མིན། ཁྱེད་ཡག་ང་བཙོག་གི་སྐད་ཆ་ང་དང་ང་འདྲ་བ་ཚོར་གང་ནས་འཛའ་རྒྱུ་ར། ཁྱེད་འདྲ་བོ་དགེ་སློང་དག་ལ་དེ་བས་ཀྱང་མི་འཛའ་ཡ། སྐད་ཆ་ཟེར་བ་དེ་བཤད་ཀྱིན་བཤད་ཀྱིན་གཏིང་ལ་ཟུག་འགྲོ་རྒྱུ་ཞིག་ཡོད་ནི་རེད། ཁྱེད་སྐུ་ཞབས་ཞོགས་དུང་ཚང་ལའང་ཅིག་བཤད་ཀྱི་ཡིན་ཟེར་མཁན་ཞིག་ཡིན་དུས། སྐད་ཆ་བཤད་ས་ནས་རླུང་ལངས་ན་ད་དཔེ་བསགས་ཚར་བ་རེད། དེ་ཙམ་ཡིན། སྐུ་ལྷོད་ལྷོད་གནང་རོགས། ཧཧཧ
ཟས་བཅད་ངོ་རྒོལ་བ་ཚོར་བསྟོད་བསྔགས་ཡོད།
རྭ་རྒྱ་བློ་དབང་ཤིང་བཟའ་བླ་བྲང་གི་ཡུལ་སྲུང་དང་ཤིང་བཟའི་ལྟོ་བ་ལྷག་མ་གཅིག་རེད། ཨ་བུ་ལོ། བླ་མའི་ཞེན་ཁོག་འདི་ལྟར་བྱེད་དགོས་དུས་ད་ཚར་སོང་ནི་རེད།
ཤིང་བཟའ་ཚང་དང་བློ་དབང་གཉིས་ཀས་སློབ་གཉེར་ཞབས་རྗེས་གདན་ས་གྲྭ་ཚང་དུ་དཔར་འདུག མཐོང་བསྡད་ཡོད། མིས་སྟོན་གྱིན་འདུག མ་གཞི་ནས་ཤར་ཕྱོགས་ཁུག་རྟ་འདྲ་བོ་མཁྱེན་པས་འཚོས་སྡོད་མཁན་དག་ལ་ཕྲག་དོག་ཟ་བ་ནི་སྙིང་རྗེ་བ་རང་རེད། དེ་བས་ཟས་བཅད་ནས་ཤི་ན་དགའ་ནི་རེད།
༼རང་བཙན་ཕར་འཆོར་རྒྱུ་ཡོད་ན། ཚུར་ལེན་རྒྱུ་ལོས་ཡོད།༽འདི་རེ་བ་དང་། སེམས་ཤུགས་རེད། རེ་བ་དང་སེམས་ཤུགས་ཀྱི་ངང་ན་མི་གྲོངས་བཞིན་ཡོད་ལ། སྐྱེ་བཞིན་ཡོད། འདི་ལ་སུ་ཞིག་གིས་ཀྱང་དགག་བྱ་གནང་མི་ཐུབ། ཟས་བཅད་རྐོམ་གཅོད་ཀྱི་ལས་འགུལ་འདི་དངོས་གནས་དྲན་མི་བཟོད་པ་དང་། བྱེད་མི་ཕོད་པ་ཞིག་རེད། མི་སུ་ཡིན་རུང་སྡུག་བསྔལ་གྱིས་མནར་ནས་སྡོད་པ་ལས་ཤི་ན་བཟང་གི་རེད་ཟེར་རྒྱུ་རེད་ལ། དངོས་གནས་ལམ་སང་ཤི་སོང་ན་དྲན་རྒྱུ་མྱོང་རྒྱུ་མེད་པ་འདྲ་བོ་ཞིག་འདུག་གཱ སྐུ་མཁྱེན། དེ་རིང་ཉིན་དྲུག་པ་རེད། མཚམས་འཇོག་གནང་རོགས་དང་། ང་ཚོས་ཐབས་གཞན་བཙལ་ན་འགྲིག་གི་རེད།
བཀུར་འོས་པའི་ཟས་བཅད་པ་རྣམས་པར་གུས་བརྩི་དང་བཅས་ལྷག་པར་ཤིང་བཟའ་བླ་མར་དམིགས་བསལ་གྱིས་གུས་བརྕི་ཞུ་བཞིན་ཡོད།ལོ་རྒྱུས་དེབ་ཐར་གྱི་ངོས་ནས་བཙལ་ཡང་མི་རྙེད་པའི་ཡིད་བཞིན་ནོར་བུ་དང་རྒྱལ་སྲས་དཔའ་བོ་ནི་ཁྱེད་ལས་གཞན་ན་མེད་པ་དངོས་ཡོད་ཀྱི་ལོ་རྒྱུས་གླེགས་བམ་དག་གིས་ཁ་གྲགས་པ་ཞིག་ཀྱང་རེད།
ཤར་ཁུག་ཁྱོད་མ་དགའ་གད་སོང་རུང་མ་འཐད་ལ་གཤག་སོང་བའི་དབང་དུ་བཏང་རུང་། རང་ལུས་ལོངས་སྤྱོད་དང་བཅས་པ་བློས་བཏང་བས་དཔའ་བོ་ཚོ་ནམ་ཡིན་ཡང་གཏོང་ཕོད་དང་སྙིང་སྟོབས་ཀྱིས་ཕྱུག་ཅིང་། ཐོག་མཐའ་བར་གསུམ་དུ་རིག་གཞུང་དང་མི་རིགས་ཀྱི་སྲོག་ཤིང་དུ་འགྲེངས་བཞིན་ཡོད་པ་རེད། འདི་ལ་ཁྱེད་ཀྱིས་ངན་སྨོས་བརྗོད་པ་ཙམ་གྱིས་ལོ་རྒྱུས་ཀྱི་ཉེས་ཅན་པར་ཆགས་འགྲོ་བ་ཞིག་དང་། ཁྱེད་མ་འཐད་ན་རྩ་དོན་ལ་མི་ཕན་པའི་སྒྲུབ་བྱེད་ཅིག་གནམ་སའི་བར་ན་དཔེར་མ་མཆིས། གང་ལྟར། སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་གསུང་རྩོམ་ནང་དུ་རང་ལུས་མེར་བསྲེགས་མཚམས་འཇོག་དགོས་པའི་ཁྱེད་ཚོས་འབོད་སྐུལ་དེ་གནས་ལུགས་དང་རྒྱུ་མཚན་གྱིས་མནན་ཡོད་པས་ཁྱོད་མ་དགའ་བ་ཡིན་སྲིད་མོད། སྐྱེས་ཕོ་མོ་ཉེར་གསུམ་ཙམ་བསྲེགས་ཟིན་པ་དང་། གཞན་དང་གཞན་ཡང་ཆུ་ལ་མཆོངས་པ་དང་། མེ་མདས་བཀྲོངས་པ་ལ་སོགས་པའི་ཚེ་སྲོག་གྲངས་མེད་པ་ཤོར་བའི་དགོས་དོན་དེ། མེར་བསྲེགས་མཚས་བཞག་ན་འགྲུབ་རྒྱུ་ཡིན་པའི་མངོན་རྟགས་སམ་གདེངས་ཚོད་ཅི་འདྲ་ཡོད། ཁྱེད་རང་གི་བྱུང་བའི་ནང་ཡང་སྤྲུལ་སྐུ་ཞིག་བཅའ་ཨེ་ཐུབ་ཀྱིས་རེ་བ་གནམ་ལ་འཕྱར་ནས་ད་ལྟའི་བར་འགོར་ཞིང་། བྱིས་པའི་ལབ་ནས་བླངས་འདྲའི་འཆལ་གཏམ་སྐོར་ཞིག་ལས། བོད་མི་རིགས་ཀྱི་ཆེད་དུ་ཀི་ཆེན་པོ་ཞིག་བཏབ་པའི་སྐོར་ཡང་མེད་བཞིན་དུ། ཤེས་རབ་དང་བློ་སྤོབས། ལྷག་བསམ་དང་གཏོང་ཕོད་ཀྱིས་ཕྱུག་པའི་སྐྱེས་བུ་ཆེན་པོ་འདི་ཚོར་དོན་མེད་ངན་ཁག་དཀྲི་བ་དེ་མཚམས་བཞག་ན་མཛེས་ཤིང་། གལ་ཏེ་མུ་མཐུད་དུ་སྤྱི་སྐད་བསྒྲགས་ནས་ཉལ་ས་འཚོལ་བར་འདོད་ན་སླར་ཡང་ཤི་ཟིན་པ་ཞིག་གི་རྣམ་ཤེས་ཡིན་ངེས་པའི་ངོ་སྦྱོར་རེ་འཚོལ་དུ་རྒྱུགས་དང་དེས་དགའ་ངེས། དེ་མིན་མི་རིགས་རང་སྐྱོང་དང་། རང་བཙན་སོགས་ཆེན་པོ་ཆེན་པོ་དེ་ཚོ་ཁྱོད་ལྟ་བུ་གཡོ་རྒན་དག་ལ་མཛའ་བོ་མི་འདུག་པ་ངེས་སུ་ཆུག
བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་འདི་ལྟར་རང་ཉིད་བློས་བཏང་བའི་དཔའ་བོ་ཁྱེད་ཚོར་རྐང་གསུམ་ངས་སྙིང་དབུས་ནས་བཀའ་དྲིན་ཞུ།
ངས་ཐོག་མར་ཁྱེད་ཚོའི་ལས་དོན་དེ་བོད་ལ་ཕན་ཐོག་མིན་ལ་མ་ལྟོས་པར་འཚམས་འདྲི་ཞུ་རྒྱུ་ཡིན། དེ་དང་འབྲེལ་ནས་ཁྱེད་ནས་མེ་ལྕེ་ལས་འགུལ་ཐད་བྲིས་པའི་བསམ་ཚུལ་ལ་ཞིབ་ལྟ་བྱས་པ་ཡིན། ཕོ་ཁྱོ་གའི་སྐད་ཆ་གསལ་བོ་ཞུས་ན། བསམ་ཚུལ་གྱི་འཁོར་འགྲོས་འདི་ལས་མེད་པ་ཞིག་གིས་སྲོག་དོར་ཀྱང་ཆོག་གི་འདུག་ལ་མ་དོར་ནའང་ཁྱད་པར་མེད་པ་གསལ་བོ་རེད་འདུག་པས། སྤྱིའི་རྒྱབ་ལྗོངས་ནས་ངེད་ལ་གླེང་སློང་བྱ་རྒྱུའི་འདུན་པ་གང་ཡང་མེད།
ངས་རང་གི་ལངས་ཕྱོགས་དང་གཞིས་བྱེས་བོད་མིའི་བསམ་འདུན། བཙན་བྱོལ་གྱི་མི་ལོ ༥༠ ལྷག་གི་བཞུད་འགྲོས་ལ་ཞིབ་ལྟ་བྱས་ནས་ཁྱེད་ཚོ་ཟས་བཅད་ངོ་རྒོལ་པ་དག་ལ་ག་རེ་བརྗོད་འདོད་སོང་ཞེ་ན། ཁྱེད་རྣམས་ནི་དངོས་གནས་དེ་རིང་སང་ཉིན་གྱི་བོད་མིའི་མངོན་འདུན་ལས་རྒྱབ་ཀྱིས་ཕྱོགས་པའི་ཁ་ཕྲལ་བ་ཞེ་ཅིག་རེད་ལ། རང་ལུས་མེར་བསྲེགས་བཏང་བའི་དཔའ་བོ་དག་གི་དཀྱིལ་སྙིང་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། རིག་གནས་ངོ་བོ་ངོས་འཛིན་སྣུམ་གྱིས་ཟོས་པ་ལྟ་བུའི་མི་སེར་སྤེལ་བའི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དགོས་པ་གཉིས་དང་ཅི་ཙམ་འབྲེལ་བ་ཡོད་མེད། ནུས་བ་ཐོན་མེད་ཞིབ་ཏུ་བསམ་བློ་གཏོང་དགོས་པ་ཞིག་རེད།
རང་བཙན་གྱི་མངོན་འདོད་ནི་དེང་སང་བསམ་ཚུལ་ཙམ་གྱི་ངོ་བོར་གནས་ཡོད། བསམ་ཚུལ་ཙམ་གྱིས་ཅི་གང་མི་འགྲུབ་པ་དང་འགན་འཁྱོག་གི་མེད་པ་ཁྱེད་ཚོ་དག་ལ་གསལ་ཞིང་གསལ་བ་ལྟར། ཅི་སྟེ་ཁྱེད་ཚོ་ཁ་ཕྲལ་བ་ཉུང་ཤས་ཀྱི་བྱེད་སྟངས་འདི་རིགས་གོང་གི་རྩ་དོན་གཉིས་སྒྲུབ་རྒྱུར་རྒྱ་ནག་གཞུང་གི་ལག་པ་འཕྱི་སར་འགྱུར་བཞིན་པ་འདིའི་འགན་ཁུར་ཡོད་ཚད་ཁྱེད་ཚོ་ལྟ་བུ་དག་ལ་ཡོད་པ་རེད། དེ་ལས་ཀྱང་དེང་གི་བོད་མིའི་མངོན་འདོད་སྒྲུབ་རྒྱུར་གེགས་རྐྱེན་དུ་ཕྱིན་པ་ཡིན་ན་འགན་དེ་མི་འཁུར་རང་འཁུར་ཆགས་ཀྱི་རེད།
ངས་དགའ་ལྡན་ཕོ་བྲང་བའི་བྱུང་རབས་ནས་བཤད་ན་འདྲ་ལ། བཙན་བྱོལ་མི་ལོ་ལྔ་བཅུ་ལྷག་གི་བྱུང་རབས་ནས་བཤད་ན་འདྲ་ལ། ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་ལས་ཆོལ་ཁ་གསུམ་ལ་བཀའ་དྲིན་ཆེ་བ་མེད་ལ། ཐ་ན། ད་ལྟ་ཁྱེད་རང་ཡོད་སའི་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བའི་སྙན་ཞུ་དང་པོ་ ༡༩༥༩ ལོར་རེད། དེར་གསལ་གཟིགས་ཀྱིས་བསམ་བློ་ཞིག་བཏང་བ་ཡིན་ན། སྐབས་དེར་ས་མཚམས་ཅི་ལྟར་བཅད་འདུག ཡིན་ནའང་༧རྒྱལ་མཆོག་འདིའི་ཐུགས་སྟོབས་རྒྱས་མཚམས་ཅི་ལྟར་ཐག་གིས་བཅད་ཅིང་སྐབས་དང་དུས་སུ་དགོངས་གཞི་གང་བཏོན་ལས་ལྷག་ཅིག་བོད་སྐྱོབ་ཐབས་ལམ་མེད་པ་རིག་པ་དང་དངོས་ཡོད་གཉིས་ནས་གསལ་རྟོགས་ཐུབ་ངེས་ལ་སོང་། མ་མཐར་ཁྱེད་ཚོ་ཁ་ཕྲལ་བ་དག་གིས་༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་འདི་བོད་དུ་གདན་འདྲེན་ཞུ་རྒྱུར་འགན་ཞིག་ཅི་ནས་ཀྱང་ཁྱེར་རོགས།
ཁྱེད་ཚོའི་ཟས་བཅད་ངོ་རྒོལ་ནི་འགན་ཁུར་མེད་པའི་བསམ་ཚུལ་འཛིན་མཁན་གྱི་ལས་ཀ་བྱ་སྟངས་ཤིག་དང་། གཞུང་མང་ལ་འགན་ཁུར་ཡོད་པའི་བསམ་ཚུལ་དང་མི་སྣ་གང་ཡང་མིན་གཤིས། གལ་སྲིད་དེ་ལྟར་གཤེགས་སོང་བ་ཡིན་ན། ལོ་རྒྱུས་ཀྱིས་ཅི་ཞིག་གསལ་ཁ་གནང་མིན་ད་དུང་ཐེ་ཚོམ་འབའ་ཞིག་གི་གནས་སུ་མཆིས།
ངེད་ནི་དབུ་མའི་ལམ་གྱི་དགོངས་དོན་བརྒྱུད་༧གོང་ས་བཅུ་བཞི་པ་ཆེན་པོ་བོད་དུ་གདན་འདྲེན་ཞུ་མཁན་དང་། ཆོས་རིག་རྩ་ཡལ་གཏོང་འཆར་ལ་རང་སྐྱོང་གི་ཐོབ་ཐང་འོག་སྲུང་སྐྱོབ་བྱ་མཁན་ཞིག་ཏུ་སོང་། ༢༠༠༨ ལོར་སྤྲད་པའི་བསམ་འཆར་ལ་མཇུག་གནོན་རྒྱག་གཅིག་འཆོང་གཅིག་བྱ་མཁན་ཞིག་རང་བཞིན་གྱིས་ཆགས་ཡོད་པས། ད་ལྟ་གཞོན་ལྷན་གྱི་དར་དམར་མེར་བསྲེགས་དང་ཁྱེད་ཚོའི་ལས་འགུལ་འདི་རིགས་ནི་ཁ་ཕྲལ་ལོག་སྤྱོད་ཀྱི་བྱ་བ་ཡིན་པ་ངས་མུ་མཐུད་གསལ་བཟོ་གནང་ངེས་ཡིན།
ཟས་བཅད་ངོ་རྒོལ་གནང་མཁན་ཚོར་སྙིང་ཐག་པ་ནས་གུས་བརྩི་དང་བསྔགས་བརྗོད་ཞུ། ཉི་མ་ལྔ་དྲུག་ལ་ཟས་བཅད་ན་སྐུ་གཟུགས་སྐྱོ་བོ་ལོས་ཆགས། ངེད་ཚོར་མདང་དགོང་དགོང་ཟས་དུས་ཚོད་གཅིག་ཕྱིར་འགྱངས་བྱས་པས་ཚང་མས་ལྟོགས་ནས་སྐད་མང་པོ་བརྒྱབས་སོང་།
ད་དུང་མ་འོངས་པའི་ཟས་བཅད་ཀྱི་ཉི་མའི་གྲངས་ཀ་ནི་ངེས་པ་མེད་པས། དེ་བས་ཀྱང་ཁྱོད་ཚོར་སེམས་འཁུར་ངང་བཀའ་དྲིན་ཆེ་ཞུ།
དགོས་དོན་ལེགས་འགྲུབ་ཡོང་བའི་སྨོན་ལམ་འདེབས།