མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མར་མེ་ཁྲོམ་སྐོར།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

མདང་དགོང་ངྷ་སར་བོད་མི་བརྒྱ་སྐོར་ཞིག་གིས་རྔ་པ་དང་རྨ་ཆུ་གཉིས་སུ་མེར་བསྲེཊ་བཏང་སྟེ། འདས་གྲོངས་སུ་ཕྱིན་པའི་བུད་མེད་གཉིས་ཀྱི་ཆེད་མར་མེ་ཁྲོམ་སྐོར་བྱས་འདུག

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག  མདང་དགོང་ཆུ་ཚོད་ ༦ པའི་སྟེང་བཞུགས་སྒར་ངྷ་ས་མེག་གྷན་ཁྲོམ་གཞུང་དུ། ངྷ་སའི་བོད་མི་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ལྷག་འདུ་འཛོམས་བྱས་ཏེ། ཉེ་ལམ་མདོ་སྨད་རྨ་ཆུ་རྫོང་གི་བོད་རིགས་བུ་མོ་ཚེ་རིང་སྐྱིད་ལགས་དང་། རྔ་པ་རྫོང་གི་བུད་མེད་རིན་ཆེན་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ།འདས་གྲོངས་སུ་ཕྱིན་པར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མར་མེ་ཁྲོམ་སྐོར་གནང་སོང་ལ། མཇུག་སྡོམ་མཛད་སྒོའི་ཐོག་མདོ་སྨད་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་ཀྱིས། རྨ་ཆུ་རྫོང་དང་རྔ་པ་རྫོང་གཉིས་སུ་བྱུང་བའི་མེར་བསྲེགས་དོན་རྐྱེན་དེའི་གནས་སྟངས་སྐོར་མང་ཚོགས་ལ་ངོ་སྤྲོད་གནང་སོང་། དེའི་རྗེས་བུད་མེད་ལྷན་ཚོགས་ཀྱི་ངོས་ནས། རྒྱ་ནག་རྒྱལ་ས་པེ་ཅིན་དུ་འཚོགས་བཞིན་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་ཚོགས་ཆེན་སྟེང་། རྒྱ་ནག་གི་དཔོན་རིགས་ཚོས་བོད་ནང་གི་བོད་མི་ཚོའི་དགོས་འདུན་ཁག་ལ་དོ་སྣང་སྤྲོད་དགོས་པའི་འབོད་སྐུལ་སོགས་གནང་ཡོད། 

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༧ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 6

  1. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    མར་མེ་ཁྲོམ་ལ་བསྐོར་བའི།། མི་རིགས་འདིའི། འཐབ་རྩོད་ཀྱང་དེ་རེད། ད་དེ་ལས་གང་ཡང་བྱེད་ཀྱི་མེད་པ་འདྲ་་་་་་་་་་་་་་་་་་་་

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    མར་མེ་ཁྲོམ་ལ་བསྐོར།།
    བློ་ཁ་མུན་ལ་འཁོར།།
    རང་མགོ་རང་གིས་བསྐོར།།
    མི་མང་ཁྱིམ་ལ་འཁོར།།

    Reply
  3. ཨ་མིའི་བུ། says:
    ལོ་ 14 སྔོན།

    མདང་དགོང་མར་མེ་ཁྲོམ་སྐོར་ལ་སོང་བ་ཡིན། ནམ་རྒྱུན་བཀའ་ཁྲི་དང་ཚོགས་ཁག་ལ་སྐྱོན་བརྗོད་ཀྱིས་ཟིན་བྲིས་སྤེལ་མི་དག་གཅིག་ཀྱང་མཐོང་རྒྱུ་མི་འདུག་ཡ་ཁོང་ཚོའི་དེ་ལས་ལྷག་པས་བོད་དོན་ཞིག་སྒྲུབ་ཀྱི་ཡོད་རྒྱུ་རེད་ཡ་་་་་་་་་་་་ཡཡ་ད་ངོ་མ་འགོ་འཐུམས་སོང་་་་་་་་་་་

    Reply
  4. བཀྲ་ཤིས། says:
    ལོ་ 14 སྔོན།

    དྲྭ་གྲོགས་ཚོ་གཤམ་འདི་ངེས་པར་ཚར་གཅིག་ཀློགས་དང་། བསམ་མནོ་བ་གུས་པའི་ཆོས་གྲོགས་ཤིག་གིས་ངོ་དེབ་ཐོག་བཀོད་འདུག་ལས་བཤུས་ཏེ་ཁྱེད་རྣམ་པའི་སྤྱན་མ་དུ་ཕུལ་བ་ཡིན།
    བོད། འཚེ་མེད་ཞི་བའི་ཉམས་ལེན་གྱི་ཕ་ས་ངོ་མ།
    གནས་ལུགས་ཀྱི་ངོས་ཟབ་ས་ཞིག་ནས་ང་ཚོས་ཞིབ་འདངས་བྱེད་སྐབས་མི་ཞིག་ལ་མཚོན་ན་ཤེས་ཡོན་ཡོད་མེད་ཅི་ལྟར་ཡང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་ཤེས་མིན་ནི་གཙོ་བོ་རང་གི་ཁེ་ཕན་དང་འབྲེལ་བའི་ཐོབ་ཐང་བརྩད་རྒྱུ་དེ་མ་ཡིན་པར། རང་ཉིད་ལས་གཞན་པའི་མི་བུ་ཚོའི་ཚེ་སྲོག་ལ་མཐོང་ཆེན་དང་བརྩི་བཀུར་བྱེད་རྒྱུ་དེ་རེད། ངས་སྐད་ཆ་དེ་འདྲ་ཞིག་བཤད་དོན་ནི། འཛམ་གླིང་སྤྱི་ཚོགས་ཀྱི་གྲུབ་ཆ་གང་ཞིག་ཡིན་རུང་མི་རྣམས་ཀྱི་ངག་ནས་འགྲོ་བ་མིའི་ཐོབ་ཐང་ཞེས་ཡང་ཡང་གླེང་གི་ཡོད་ནའང་། གནད་དོན་དངོས་ལ་ཐུག་སྐབས་རང་གི་ཁེ་ཕན་དང་འབྲེལ་བའི་ལས་དོན་ཉག་ཅིག་བསྒྲུབས་པ་ལས་ཕ་རོལ་བའི་ལངས་ཕྱོགས་དང་། རྙེད་དཀའ་བའི་ཚེ་སྲོག་ལ་རིན་ཐང་སྤྲད་རྒྱུ་ནི་ཧ་ལམ་སྲིད་མཐའ་ཙམ་དུ་གྱུར་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་གཞན་གང་ཡང་མ་ཡིན་པར་ཡོད་ཚད་རང་ཉིད་ལ་འཐོབ་རུང་བའི་ཧམ་སེམས་ཀྱིས་བྱས་པ་ནི་ཧ་ཅང་གསལ་པོ་རེད། འཛམ་གླང་གི་སྤྱི་ཚོགས་གང་ཞིག་ལ་བལྟས་ཀྱང་ལྐོག་ཟ་རུལ་སུང་དང་། བཙན་འཛུལ་གཉའ་གནོན། རྡུང་འཕྲོག་བཅོམ་གསུམ་རྩ་ནས་མེད་པའི་དེང་རབས་ཀྱི་སྤྱི་ཚོགས་ནི་ཧ་ལམ་སྲིད་མཐའ་ཙམ་ཡིན་ནའང་། དེའི་ཁྲོད་ནས་ཀྱང་མི་བུ་ཉམས་ཆུང་དང་། ཤེས་ཡོན་ཅན། དྲང་བདེན་ཅན། དམངས་གཙོ་ཅན། ཆོས་ལུགས་ལ་བློ་ཁ་ཕྱོགས་པ་ཚོར་ཆེས་སྡང་བ་ནི་རྒྱ་ནག་གི་སྲིད་གཞུང་གཅིག་པུ་རེད་ཅེས་བཤད་ཆོག་སྟེ། ཁོང་ཚོས་ནམ་ཡང་རང་ལྟ་མཆོག་འཛིན་གྱི་ལངས་ཕྱོགས་གཅིག་པུ་བཟུང་ནས་ཡོད་པས། གལ་སྲིད་མིག་སྔར་དེ་དང་འགལ་ཟླར་གྱུར་པ་ཞིག་བྱུང་ཚེ་མདེའུ་འགའི་འགྲོ་གྲོན་གཏོང་རྒྱུ་ནི་ཆེས་རྒྱུན་ལྡན་དུ་གྱུར་ཡོད་དེ། དཔེ་མཚོན་ཙམ་བཞག་ན། ཉིས་སྟོང་བརྒྱད་ལོར་བོད་ཀྱི་རྒྱལ་ས་ལྷ་ས་དང་། ཨ་མདོ་རྔ་བས་མཚོན་པའི་བོད་ཞེན་གྱི་ཚོར་ཤུགས་ཆེས་རྣོ་བའི་གྲོང་ཁྱེར་དང་གྲོང་བརྡལ་མང་པོའི་ནང་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། རྩོམ་འབྲི་རང་དབང་། ཆོས་ལུགས་ཀྱི་རང་དབང་རྩོད་ལེན་བྱེད་པའི་གོ་རིམ་ཁྲོད་སློབ་ཆུང་སློབ་མ་ནས་བཟུང་ཞིང་པ་དཀྱུས་མའི་དབར་རང་དབང་དང་དམངས་གཙོ་ལ་དགའ་བའི་ཚེ་སྲོག་མང་པོ་ཞིག་ལ་དྲག་གནོན་ཡ་ང་བ་བྱས་པ་དེ་རེད། འོན་ཀྱང་ཆེས་ཡ་མཚན་པ་ཞིག་ལ། ད་ལོ་ནས་བཟུང་ནམ་ཡང་མེ་མདའ་དང་ལྕགས་སྒྲོག་གི་འོག་ཏུ་འཚོ་བའི་བོད་མི་ཚོས་རང་གི་ཞི་བའི་ངོ་རྒོལ་དེས་རང་གི་ཚེ་སྲོག་གཞན་ལ་གཅོད་དུ་འཇུག་པ་དེར་བདམས་ཀ་གཞན་ཞིག་བྱས་ཡོད་དེ། ལོ་སྔོན་མར་ཨ་མདོ་རྔ་བའི་རྒྱལ་གཅེས་དཔའ་བོ་སྐུ་ཞབས་བཀྲ་བྷེ་ནས་བཟུང་དེ་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་དྲུག་པའི་སྟེང་རང་ལུས་མེ་མཆོད་དུ་འབུལ་མཁན་ཨ་མདོ་རྔ་བའི་རྒྱལ་གཅེས་བུད་མེད་དཔའ་མོ་རིན་ཆེན་ལགས་ཀྱི་དབར་ཁྱོན་རྒྱལ་གཅེས་དཔའ་བོ་ཉེར་དྲུག་གིས་རང་གི་ཚེ་སྲོག་མེ་ལྕེར་བསྟིམས་པའི་འཚེ་མེད་ཀྱི་བྱ་འགུལ་ཞིག་ལ་མངོན་པར་ཞུགས་དང་འཇུག་བཞིན་པ་དེ་ཡིན་ལ། ཁོང་ཚོས་ཚེ་སྲོག་ལ་ཆེ་མཐོང་གཏན་ནས་མེད་པའི་སྤྱི་ཚོགས་ཤིག་གི་ཁྲོད་ནས་འགྲོ་བ་མིའི་ཐོབ་ཐང་དང་། མིའི་གཞི་རྩའི་རང་དབང་རྩོད་ལེན་ཆེད་ཅིས་ཀྱང་འཚེ་བ་མེད་པའི་ལམ་དུ་འགྲོ་དགོས་པའི་མིག་དཔེ་དང་། བསླབ་བྱ་གལ་ཆེན་ཞིག་ང་ཚོའི་མིག་སྔར་ལོ་རྒྱུས་ཀྱི་རྡོ་རིང་ཞིག་གི་ཚུལ་དུ་བསླངས་ཡོད་པ་རེད། ཉེ་བའི་ཆར་རྒྱ་ནག་པ་ཝང་ལི་ཞུང་གིས་བོད་ལ་རང་ལུས་མེ་བསྲེགས་གཏོང་བ་ལས་གཞན་པའི་ལས་འགུལ་གང་ཡོད་ཅེས་པའི་རང་ལན་དུ། དཔེར་ན། གྲོང་གསེབ་ནས་བཟུང་མི་རིགས་ཀྱི་ཐོབ་ཐང་རྩོད་དགོས་པའི་དཔེ་མཚོན་སོགས་བཤད་ཀྱིན་འདུག་ནའང་། དེ་ནི་ཁོ་རང་ཉིད་ཀྱི་འཆར་ཡན་ཙམ་ལས་བོད་ཀྱི་གྲོང་གསེབ་ཚུན་ཆད་དུ་རང་སྲོག་བློས་གཏོང་གི་བྱ་འགུལ་རྒྱུན་མར་ཡོང་བཞིན་པ་དེ་ཁོས་མ་ཤེས་པ་ག་ལ་ཡིན། སུམ་ཅུའི་དུས་དྲན་ཞེས་ང་ཚོས་ད་ལྟའི་དབར་སྲུང་བརྩི་བྱེད་ཀྱིན་པ་དེ་བོད་ཀྱི་མང་ཚོགས་ཀྱིས་རང་གི་ཐོབ་ཐང་རྩོད་ཆེད་རྒྱ་ནག་གཞུང་ལ་ཞི་རྒོལ་གྱི་རྣམ་པས་གྱེན་ལང་བྱས་པའི་ལོ་རྒྱུས་ཀྱི་བཤད་རྒྱུན་དེ་ཡང་ཁོས་རྒྱལ་ས་པེ་ཅིང་ནས་བརྗེད་སོང་བ་ག་ལ་ཡིན། ཡང་བོད་མི་འགའ་ཞིག་གིས་བོད་ནང་དུ་ཡང་ཨ་རབ་དང་། ལི་བྷི་ཡ་སོགས་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་འོང་བཞིན་པ་ལྟ་བུའི་དྲག་སྤྱོད་དགོས་པ་སྐོར་བཤད་ཀྱིན་པ་ནི། བསམ་བཞིན་དུ་མིག་ལྡན་གཡང་ལ་སྐོར་བའི་གཏན་ཉིད་ལས་མ་འདས་ཏེ། དྲག་སྤྱོད་བྱེད་པ་ནི་བོད་མི་ས་ཡ་དྲུག་གི་མངོན་འདོད་མ་རེད་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་ཡང་གཏན་ནས་མ་རེད། གལ་སྲིད་བོད་མི་འགས་བོད་དུ་རྒྱ་མི་རིགས་དང་། རྒྱ་གཞུང་ལ་དྲག་སྤྱོད་ཀྱི་ལས་ཤིག་བརྩམ་པ་ཡིན་ན། དེ་ནི་རྒྱ་གཞུང་ལ་མཚོན་ན། ལྟོག་ཤིར་ཐེབས་ལ་ཉེ་བ་ཞིག་བཅུད་ལྡན་གྱི་ཁ་ཟས་དང་འཕྲད་པའི་གཏམ་རྒྱུད་རང་དུ་སོང་བ་ཡིན་པས་ང་ཚོས་ཅིས་ཀྱང་རང་ཉིད་ཀྱི་ཁོང་ཁྲོར་ཚོད་འཛིན་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཡིན། ང་ཚོས་རང་ལུས་མཆོད་མེར་སྒྲོན་སྤོབས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་བླ་ན་མེད་པའི་ཆོད་སེམས་དང་། བྱ་དཀའ་བའི་བློས་གཏོང་ལ་ག་ལེར་སོམས་དང་། ཁོང་ཚོས་ཅིས་ཕྱིར་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་མི་ཚོགས་ཁྲོད་དུ་འབར་རྫས་ཁྱེར་ནས་མ་སོང་བ་རེད་དམ། ཁོང་ཚོར་དེ་ལྟར་འགྲོ་བའི་བློ་སྟོབས་མེད་སོང་བ་རེད་དམ། ཁོང་ཚོར་འབར་རྫས་ཉོ་བའི་མཐུན་རྐྱེན་མེད་སོང་བ་རེད་དམ། ཁོང་ཚོར་རྒྱ་ནག་གི་སྟེང་དུ་སྙིང་ནད་མེད་སོང་བ་རེད་དམ། ཁོང་ཚོར་རང་གི་ཕ་མེས་དང་རིག་གཞུང་གཏོར་བའི་དགྲ་བོར་སྡང་ཞེན་མེད་སོང་བ་རེད་དམ། དེ་ལས་གཞན་པའི་འགལ་རྐྱེན་ཅི་ཞིག་ཕྲད་སོང་བས་ད་གཟོད་རང་ཉིད་ཀྱིས་རང་ཉིད་མེ་རུ་སྒྲོན་པའི་དངོས་བྱུང་གི་ལོ་རྒྱུས་འདི་བྱུང་བ་རེད། དྲི་བ་དེག་གི་ལན་ནི་ཧ་ཅང་སྟབས་བདེ་ཞིག་མིན་ནའང་། ཁོང་ཚོར་རང་ཉིད་ལས་ཀྱང་གཞན་གྱི་ཚེ་སྲོག་ལ་མཐོང་ཆེན་བྱེད་སྤོབས་པའི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཤིག་ཡོད་སོང་བས་རེད་ལ། གཞན་ལ་འཚེ་བ་ལས་ཀྱང་རང་ཉིད་འཆི་བ་ཆོས་སུ་རྟོགས་པའི་ཤེས་རབ་ཟབ་མོ་ཞིག་ཡོད་སོང་བས་རེད། ད་དུང་ཁོང་ཚོར་གཞན་གྱི་ཚེ་སྲོག་གཅོད་པ་ནི་རྒུད་པ་ཀུན་གྱི་རྩ་བ་ཡིན་པའི་བསམ་གཞིགས་རང་ཚུགས་ཅན་ཞིག་ཡོད་སོང་བས་རེད་ལ། མི་བུའི་ཐོབ་ཐང་དང་། མི་བུའི་ཚེ་སྲོག་ལ་གཅེས་སྐྱོང་བྱེད་རྒྱུ་དེ་རང་ཉིད་རང་དབང་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ལ་དགའ་བའི་རྒྱུ་མཚན་མཐར་ཐུག་པ་དེ་ཡང་རྟོགས་སོང་མ་ཡིན་ནམ། རང་དབང་དང་མེ་ལྕེ་ནམ་ཡང་འབར་བར་ཤོག བོད་རྒྱལ་ལོ། །

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    མར་མེ་ཁྲོར་ལ་ཤོག་ཅེས་སྐད་འབོད་བརྒྱབས་པ་གོ་ཚེ་སྲང་ལམ་གྱི་བོད་མི་མང་པོ་ཞིག་རང་གི་འདུག་གནས་སུ་ལོག་འགྲོ་གི་རེད། ད་མར་མེ་ཁྲོམ་སྐོར་ལ་སོང་ཚར་པ་ཡིན་བསམ་དུས་ཕྱིར་ཐོན་ཡོང་གི་རེད། འདི་དྷ་སའི་མི་མང་གི་ཁྱད་ཆོས་རེད།
    ད་ག་ལེར་བོད་ནང་གི་རང་ལུས་མེར་སྲེག་གི་གྲངས་ཀ་དང་དྷ་སའི་བོད་དོན་ལས་འགུལ་ལ་ཞུགས་མཁན་གྱི་གྲངས་ཀ་འདྲ་མཚུངས་ཆགས་རྒྱུ་རེད། དེ་དུས་བོད་དོན་ཚད་མཐོ་བོར་སླེབས་ཡོད་པ་མཚོན།

    Reply
  6. བཀྲ་ཤིས། says:
    ལོ་ 14 སྔོན།

    མི་༡༠༠་སྐོར་ཞིག་ཤིན་ཏུ་ཉུང་གི་ཡ། ཨ་ཁ་ཁ
    མི་༡༠༠་མ་གཏོགས་མེད་ནི་ཆེ་ཡིན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese