མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱིས་བོད་མིའི་སྒྲིག་འཛུཊ་དང་གྲོས་མོལ་བསྐྱར་གསོ་གནང་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་ངྷ་སར་བོད་ཀྱི་བུད་མེད་སྒེར་ལངས་དུས་དྲན་ཐེངས་ ༥༣ པ་སྲུང་གཙི་གནང་སྟེ། ངྷ་སའི་སེར་སྐྱ་བུད་མེད་དང་བོད་ཁྱིམ་སློབ་ཕྲུག་བུ་མོ་ ༡༠༠༠ ཙམ་གྱིས། ངྷ་ས་མེག་གྷན་ནས་ཀཱ་ཅཱ་རིའི་ས་གནས་ཁྲིམས་ཁང་བར་གོམ་བགྲོད་སྐད་འབོད་གནང་སོང་།  

ད་ནངས་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་། བཞུགས་སྒར་ངྷ་སའི་དཔའ་པོའི་དྲན་གསོའི་རྡོ་རིང་མདུན་ཐང་དུ། ངྷ་རམ་ས་ལའི་དབུས་བུད་མེད་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་བོད་ཀྱི་བུད་མེད་སྒེར་དུས་དྲན་ཐེངས་ང་གསུམ་པ་སྲུང་གཙི་གནང་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཨི་ཊ་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཟུར་གྷོ་ཊན་ཁི་རཱ་ལཱ་རྣམ་གཉིས་ཕེབས་འདུག་ལ། གཞན་སྤྱི་འཐུས་རྒྱན་ལས་རྣམ་པ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཅིག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་འདུག 

མཛད་སྒོའི་ཐོག་མར་ཐང་སྟོང་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་མང་ཚོགས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བུད་མེད་ལངས་གླུ་བཏང་རྗེས། བོད་ནང་འདས་གྲོངས་སུ་ཕྱིན་པའི་དཔའ་པོ་དཔའ་མོ་དག་ལ་མྱ་ངན་ངག་བཅད་གནང་སོང་། དེའི་རྗེས་བོད་རིགས་བུད་མེད་རྩོམ་པ་པོ་འཇམ་དབྱངས་སྐྱིད་ལགས་ཀྱིས་བརྩམས་པའི་༼མནར་གཅོད་ཀྱི་གོ་རིམ་ཞིག༽ཅེས་པའི་དཔེ་དེབ་དེ་ཉི་ཧོང་དང་འཇར་མན། སི་ཕན་སྐད་ཡིག་བཅས་སུ་བསྒྱུར་ཡོད་པ་དེ་སྐུ་མགྲོན་རྣམ་གཉིས་ཀྱིས་དབུ་འབྱེད་གནང་སོང་།

སྐབས་དེར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བུད་མེད་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་ཕྱོགས་ལ་བསྔགས་བརྗོད་དང་། མ་འོངས་པར་བོད་དོན་འཐབ་རྩོད་ཐད་སྔར་ལས་ལྷག་པར་ངོ་བོ་དང་རྣམ་པ་འདྲ་མིན་ཐོག་ཕྱག་ལས་གནང་དགོས་པའི་འབོད་སྐུལ་ཞུས་སོང་། དེ་བཞིན། ཨི་ཊི་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཟུར་གྷོ་ཊིན་ཁི་རཱ་ལཱ་ལགས་ཀྱིས་ཀྱང་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་བསྔགས་བརྗོད་གནང་ཞིང་། ཁོང་གི་ཚོགས་པའི་ངོས་ནས་བོད་ཀྱི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་།

མཛད་སྒོ་དངོས་གཞི་གྲུབ་རྗེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྣེ་ཁྲིད་དེ། ངྷ་སའི་ཁེ་འཁོར་གྱི་དགོན་སྡེ་ཁག་གི་བཙུན་མ་དང་། སློབ་གྲྭ་ཁག་གི་སློབ་ཕྲུག་བུ་མོ་རྣམས། དེ་བཞིན་བཞུགས་སྒར་ཁུལ་གྱི་མི་དམངས་བཅས་མི་མང་ ༡༠༠༠ ཙམ་གྱིས། བོད་ནང་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་བུད་མེད་དག་གི་པུར་སྒམ་འཁུར་ཏེ། གཙུག་ལག་ཁང་གི་དྲན་རྟེན་རྡོ་རིང་མདུན་ནས་ངྷ་ཤོད་ཀཱ་ཅཱ་རིའི་ས་གནས་ཁྲིམས་ཁང་བར་གོམ་བགྲོད་གནང་སོང་།

བུད་མེད་ལྷན་ཚོགས་ཀྱི་བུད་མེད་སྒེར་ལངས་དུས་དྲན་ང་གསུམ་པའི་ཡོངས་ཁྱབ་གསལ་བསྒྲཊ་ནང་འཁོད་དོན། “བུད་མེད་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ནས་རྒྱ་གཞུང་གིས་བོད་མིར་སྔར་ལས་དམ་དྲག་དང་། རྒྱའི་བཙོན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་ ༨༥༠ ཡི་བདེ་འཇགས་ཐོག་སེམས་འཚབ་བྱེད་ཀྱི་ཡོད་ལ། བོད་ཤར་ཕྱོགས་སུ་དྲག་ཆས་ཉེན་རྟོག་པས་མང་ཚོགས་ཁྲོད་གང་བྱུང་མེ་མདའ་བརྒྱབ་སྟེ། ཉུང་མཐར་བོད་མི་ ༥ དམར་གསོད་བཏང་བ་སོགས་ཀྱིས། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད། ༢༠༡༢ ལོའི་ཟླ་ ༡ ནས་དུས་ཡུན་ཟླ་གཉིས་ཙམ་རིང་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ ༡༦ བྱུང་བའི་ཁྲོད་མི་ ༡༣ འདས་གྲོངས་སུ་ཕྱིན་ཡོད། ཞི་རྒོལ་བྱེད་མཁན་དང་རང་ལུས་མེར་བསྲེགས་གཏོང་མཁན་སི་ཁྲོན་དང་མཚོ་སྔོན་ཙམ་མིན་པར། བོད་ཀྱི་ས་ཁུལ་གཞན་དག་ནང་དུའང་རྒྱ་ཁྱབ་ཏུ་འགྲོ་བཞིན་པར་སེམས་འཚབ་ཡོད་ ” ཅེས་འཁོད་འདུག

གསལ་བསྒྲགས་དེར་མུ་མཐུད་དུ་འཁོད་དོན། “ ད་བར་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཚོས་བོད་ལ་རང་དབང་དགོས་པ་དང་། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོད་ཚིག་བསྒྲགས་ཡོད་ལ། བུད་མེད་ལྷན་ཚོགས་ཀྱིས་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐོ་ནི། མི་དམངས་ཀྱི་བདེ་སྡུག་ལ་སེམས་ཁུར་དང་འགན་འཁྲི་མེད་པར་མང་ཚོགས་ལ་གཉའ་གནོན་བྱེད་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། ཁོང་དང་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཟུར་པ་ཀྲང་ཅིན་ལིས་གཉིས་ཀྱིས། དུས་ཡུན་རིང་པོར་བོད་ནང་དྲག་པོའི་སྲིད་བྱུས་ལག་བསྟར་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ང་ཚོས་རྒྱ་ནག་མགོ་ཁྲིད་ཞི་ཅིན་ཕིན་དང་། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཁྲིན་ཆོན་ཀོ་གཉིས་ཀྱིས། བོད་ནང་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་ཐུབ་རྒྱུར་རེ་བ་བྱེད་ཀྱི་ཡོད་། ཞིས་ཅིན་ཕིན་གྱིས་བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་བོད་མིའི་འབོད་སྒྲར་ཉན་ཞིབ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྒྱུན་ལོན་བྱས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་ ” ཅེས་འཁོད་འདུག  

མཐའ་མར་གསལ་བསྒྲགས་དེར་འཁོད་དོན། “ བུད་མེད་ལྷན་ཚོགས་ཀྱིས་ཨེ་ཤ་ཡའི་རང་བྱུང་ཁོར་ཡུག་ལ་གནོད་འཚབ་ཆེན་པོ་འབྱུང་བཞིན་པར་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། བོད་ནི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ཆུ་བོའི་འབྱུང་ཁུངས་ཡིན་ལ། ཆུ་བོ་དེ་དག་བོད་ཀྱི་འདབས་འབྲེལ་རྒྱལ་ཁབ་ཁག་གི་མི་མང་དུང་ཕྱུར་མང་པོའི་འཚོ་བ་དང་ཐད་ཀར་འབྲེལ་བ་ཆགས་ཡོད། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ཁོར་ཡུག་གི་སྲིད་བྱུས་དེས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་སྟབས། བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཐེབས་ན་འདབས་འབྲེལ་རྒྱལ་ཁབ་ཀྱི་མི་ས་ཡ་མང་པོར་དཀའ་ངལ་འཕྲད་ངེས་ཡིན་ལ། གནས་སྟངས་དེར་དམིགས་ཏེ་ན་ནིང་ལོ་ནས་བུད་མེད་ལྷན་ཚོགས་ཀྱིས་༼བོད། འཛམ་གླིང་གི་སྣེ་གསུམ་པ་༽ཞེས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་སྤེལ་མགོ་བཙུགས་ཡོད་ ” ཅེས་སོགས་འཁོད་འདུག

བོད་ཀྱི་བུད་མེད་ལྷན་ཚོགས་ལ་ཡན་ལག་ཚོགས་པ་ ༥༦ ཙམ་དང་། ད་ཆར་ཚོགས་པ་འདིར་ཚོགས་མི ༡༦༠༠༠ ལྷག་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༤ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༩ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

མཆན། 3

  1. འཇམ་དཔལ་སྒྲ་དབྱངས། says:
    ལོ་ 14 སྔོན།

    ཁ་བཤད་ཁ་ཡི་སྦོ་བ་ཡིན།
    ལག་ལེན་གསར་གྱིས་ཐིག་པ་ཡིན།

    Reply
  2. མེ་མདའ། says:
    ལོ་ 14 སྔོན།

    རང་སྐྱོང་ལྗོངས་ཟེར་བའི་དྲུང་ཆེའི་མིང་ལ་ ཁྲེན་ཆོན་གོ ཟེར་བ་རེད། དེ་ནོར་ན་ཡག་པོ་མ་རེད། གཞན་ཚོགས་གཙོ་དང་རྒྱུན་ལས་ཀྱིས་དབུ་མའི་ལམ་གྱི་དགོངས་དོན་དང་མཐུན་པ་ཟེར་བའི་གཏམ་བཤད་གནང་། ལས་འགུལ་སྐད་འབོད་བོད་རང་བཙན་གཙང་མ་ཡིན་ཟེར་གྱིན་འདུག་ཅེས་དེ་རིང་མི་མང་གིས་གཅིག་གིས་གཅིག་ལ་ལབ་ཀྱི་འདུག ཀིརྟི་སྒྲོལ་དཀར་ལྷ་མོ་འཐོམས་བསྡད་ན་ཡག་རྟགས་མ་རེད། བོད་སྤྱི་བའི་ནུས་བ་སྤུངས་སར་གཟིགས་ཤེས་རྒྱུ་གལ་ཆེ།

    Reply
  3. ཤིང་ལོ། says:
    ལོ་ 14 སྔོན།

    གནམ་གྱི་ཕྱེད་ཀ་མི་ཡི་ཕྱེད་ཀ་ཡིན།།
    འཇོན་ཐང་ཡོད་ན་ཐོབ་ཐང་འདྲ་མཉམ་ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese