མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་པའི་ཤེས་ཡོན་བསྟི་གནས་ཁང་འཛུཊ་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp
གཟའ་ཕུར་བུ་ཉིན་༸གོང་ས་མཆོག་གིས་ལྡི་ལི་གཙུག་ལག་སློབ་གྲྭར་བཀའ་སློབ་སྩལ་སྐབས། རྒྱ་གར་དུ་ནང་པའི་ཤེས་ཡོན་བསྟི་གནས་འཛུཊ་རྒྱུ་གལ་ཆེན་ཡིན་པ་དང་། བོད་རིཊ་གཞོན་སྐྱེས་ཚོས་ནང་ཆོས་ལ་དོ་སྣང་སྤྲོད་དགོས་སྐོར་གསུངས་འདུག
ལྡི་ལི་གཙུག་ལག་སློབ་ཆེན་གྱི་ཇི་ལྟར་གདན་ཞུས་གནང་དོན་ལྟར། ༸གོང་ས་མཆོག་ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པར་བཞུགས་སྒར་ངྷ་ས་ནས་སེར་སྐྱ་མང་ཚོགས་ཀྱི་ཕེབས་སྐྱེལ་ཁྲོད་གྷ་གྷིལ་གནམ་ཐང་བརྒྱུད་ལྡི་ལིར་འབྱོར་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་གཉིས་པའི་སྟེང་ལྡི་ལི་གཙུག་ལག་སློབ་ཆེན་གྱི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ ༢༠༠༠ བརྒལ་བར། ཤེས་ཡོན་ཡས་རྒྱས་དང་མཉམ་དུ་བཟང་སྤྱོད་གོང་སྤེལ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག་ལ། གསུང་བཤད་དེར་ལྡི་ལི་མཐོ་སློབ་ཁག་ཏུ་སྐྱོད་བཞིན་ཡོད་པའི་བོད་རིགས་སློབ་ཕྲུག་བརྒྱ་སྐོར་ཞིག་ཆེད་དུ་མཉམ་ཞུགས་གནང་འདུག
མཛད་སྒོའི་ཐོག་མར་གཙུག་ལག་སློབ་ཁང་དེའི་སྤྱི་ཁྱབ་འགན་འཛིན་གཞོན་པ་སྐུ་ཞབས་པུ་རཱ་ཝ་སེ་ཤང་མཆོག་གིས། ༧གོང་ས་མཆོག་སློབ་གྲྭ་དེར་གདན་ཞུ་གནང་དགོས་པའི་དམིགས་ཡུལ་དང་། བཟང་སྤྱོད་ཀྱི་གལ་ཆེན་རང་བཞིན་ངོ་སྤྲོད་གནང་ཡོད་པ་དང་། དེའི་རྗེས་༸གོང་ས་མཆོག་གིས་དགེ་ལས་སློབ་ཕྲུག་ཚོར་བཟང་སྤྱོད་ཐད་ཁོང་ལ་འགྲོ་བ་མིའི་རིན་ཐང་གོང་སྤེལ་གཏོང་ཐབས་དང་། ཆོས་ལུགས་མཐུན་སྒྲིལ། བོད་མིའི་ཆབ་སྲིད་ཐུགས་འགན་འཁུར་རྒྱུ་བཅས་འགན་གསུམ་ཡོད་ནའང་། ད་ཆར་བོད་མིའི་ཆབ་སྲིད་འཛིན་སྐྱོང་གི་ཐུགས་འགན་དེ་མང་ཚོགས་ཀྱིས་བདམས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གཙང་མ་གནང་ཡོད་སྐོར་དང་། འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་རྩ་བ་ནི་གཞན་ལ་གུས་བརྩི་དང་གཞན་ཕན་གྱི་བསམ་བློའི་ཐོག་ཡོང་དགོས་པ་ཞིག་ཡིན་པ་དང་། དུས་རབས་ཉེར་གཅིག་པ་དེ་ཞི་བདེའི་དུས་རབས་ཤིག་བཟོ་རྒྱུར་གཞོན་སྐྱེས་ཚོར་གོ་སྐབས་ཡོད་པ།མི་ཚང་མས་འགྲོ་བ་མིའི་བསམ་བློའི་ནང་གཞན་ཕན་དང་བྱམས་སྙིང་རྗེའི་བསམ་བློ་སྐྱེས་ཐབས་ལ་འབད་བརྩོན་གནང་དགོས་སྐོར་སོགས་གསུངས་ཡོད།
༸གོང་ས་མཆོག་གིས་མཐོ་སློབ་ཏུ་སྐྱོད་བཞིན་པའི་བོད་རིཊ་སློབ་ཕྲུག་ཚོར་བཀའ་སློབ་བསྩལ་དོིན། “ ང་ཚོས་བོད་པ་རང་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་དོ་སྣང་སྤྲད་དེ་བདག་གཅེས་བྱ་དགོས་ཀྱི་འདུག དེ་སྔོན་གཞས་པ་གྲགས་ཅན་མེ་ཁུལ་ཇག་སིན་ (Micheal Jackson) གྲོངས་རྗེས། ངྷ་སར་བོད་པའི་གཞོན་སྐྱེས་ཤིག་གིས་མེ་ཁུལ་ཇག་སིན་གྲོངས་ནས་ཁོ་རང་སེམས་སྡུག་ཆེན་པོ་བྱུང་།༧རྒྱལ་བ་རིན་ཆེས་ཐུགས་སྨོན་གནང་རོགས་ཞེས་སྐྱབས་རྟེན་ཞིག་བསྐུར་འདུགསྤྱིར་མི་ཞིག་ཡིན་པའི་ཆ་ནས་ཧ་ཅང་ཡག་པོ་རེད། མེ་ཁུལ་ཇག་སིན་སྐད་གྲགས་ཡོད་པ་ཧ་ཅང་ཡག་པོ་རེད།ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་རྣམ་གཡེང་གི་དབང་དུ་ཕྱིན་པ་རེད། གླུ་གཞས་ཁོ་ནར་ཡིད་འཕྲོག་སྟེ་བསྡད་པ་རེད།ཚུར་ཕྱོགས་སུ་སེམས་ཀྱི་བདེ་སྐྱིད་འཚོལ་ཐབས་དང་།སྡུག་བསྔལ་ལ་གདོང་ལེན་བྱེད་སྟངས་ལ་དོ་སྣང་མ་སྤྲད་པར་ཕྱིའི་ལྟད་མོ་ཁོ་ནར་མགོ་འཁོར་ཏེ་བསྡད་ན་ངོ་མཚར་སྐྱེ་རྒྱུ་ཡོད་པ་མ་རེད། མ་གཞི། མེ་ཁུལ་ཇག་སིན་ང་རང་གིས་ངོ་ཤེས་ཀྱི་ཡོད། ཁོང་མི་ཧ་ཅང་ཡག་པོ་ཞིག་འདུགཁོང་ན་བ་རེད་མ་གཏོགས་རྒྱ་གར་ལ་ང་ཐུག་ཏུ་ཡོང་གི་ཡིན་ཞེས་བརྗོད་བྱུང་།ཁྱེད་རང་ཚོས་ཕྱིའི་ཁྲ་ཁྲ་ཟང་ཟིང་ལ་མགོ་འཁོར་ཏེ། ང་ཚོ་བོད་པར་ཡོད་པའི་ལོ་སྟོང་ཕྲག་རིང་གི་དཔལ་ན་ལེནྡྲའི་མཁས་པའི་བསླབ་བྱ་དེ་དག་ལ་དོ་སྣང་མ་སྤྲད་ན་རིམ་བཞིན་བརྗེད་འགྲོ་རྒྱུའི་ཉེན་ཁ་ཡོད ” ཅེས་གསུངས།
༧གོང་ས་མཆོག་གིས་མུ་མཐུད་གསུངས་དོན།  “ དེང་སང་ཕྱོགས་གཅིག་ནས་བསམ་བློ་བཏང་ན། ནུབ་ཕྱོགས་ཚན་རིག་པ་རྣམ་དཔྱོད་ཡོད་མཁན་ཚོས་བོད་ཀྱི་སངས་རྒྱས་པའི་ཆོས་ནང་མིའི་སེམས་ལ་བསྒྱུར་བཅོས་གཏོང་སྟངས་སྐོར་གསུངས་ཡོད་པ་དེའི་ཐོག་དོ་སྣང་སྤྲོད་ཀྱི་འདུགབོད་པ་ཚོས་བོད་སྐད་སློབ་དགོས་ཀྱི་ཡོད་པ་མ་རེད། ནུབ་ཕྱོགས་པ་ཚོར་བོད་སྐད་གསར་དུ་བསླབ་དགོས་པའི་དཀའ་ངལ་ཡོད་ཀྱང་ཁོང་ཚོས་དོ་སྣང་བྱེད་ཀྱི་ཡོད་པ་རེད། ང་ཚོར་བསླབ་བྱ་དེ་དག་སོ་སོའི་སྐད་ཡིག་ནང་ཡོད་སྟབས་ངེས་པར་དུ་དོ་སྣང་སྤྲོད་དགོས་པ་རེད། ཉེ་ཆར་ང་རང་རྒྱ་མི་ཞིག་ལ་ཐུག་བྱུང་།སྐབས་དེར། ངས་བོད་མིའི་སེམས་ཤུགས་དེ་ནང་ཆོས་ཀྱི་ལྟ་གྲུབ་ལས་བྱུང་བ་རེད། ནང་ཆོས་ཀྱི་ལྟ་གྲུབ་དེ་ལོ་ ༢༥༠༠ ལྷག་ཕྱིན་ཡོད། གུང་ཁྲན་གྱི་དམར་པོའི་ལྟ་བ་ལོ་ ༢༠༠ ཙམ་ལས་ཕྱིན་མེད་སྟབས། བོད་པའི་སེམས་ཤུགས་མེད་པ་བཟོ་ཐུབ་ཀྱི་མ་རེད་ཅེས་བཤད་པ་ཡིན། ཁྱེད་ཚོ་ཚང་མས་སོ་སོའི་རིག་གཞུང་ཤེས་ཐུབ་པ་བྱ་དགོས།དེ་ནི་ཞེན་ཁོག་དང་རྨོངས་ཞེན་བྱས་པའི་སྐད་ཆ་གང་ཡང་མ་རེད།རྒྱུ་མཚན་དང་གནད་འགག་ཤེས་རྒྱུ་གལ་ཆེན་པོ་རེད་ ” ཅེས་གསུངས་ཡོད།  
རྒྱ་གར་སློབ་ཕྲུག་ཅིག་གིས་༸གོང་ས་མཆོག་ལ་རྒྱ་གར་ནི་ཆོས་ལུགས་རིས་མེད་ཀྱི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱ་གར་དུ་ནང་པའི་བསྟི་གནས་འཛུགས་རྒྱུར་གལ་ཆེན་གཟིགས་ཀྱི་ཡོད་མེད་བཀའ་འདྲི་གནང་སྐབས། “ ང་ཚོ་བོད་མི་རྣམས་རྒྱ་གར་གྱི་ཡིད་རྟོན་རུང་པའི་དགེ་ཕྲུག་ཆགས་ཡོད་ལ། ནང་ཆོས་ཀྱི་ཤེས་ཚད་ཐོག་ནས་ཀྱང་དགེ་ཕྲུག་ཚོ་དེ་ཙམ་སྐྱོ་བོ་རང་མེད་སྟབས། རྒྱ་གར་དུ་ནང་པའི་ཤེས་ཡོན་བསྟི་གནས་ཁང་འཛུགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ ” ཅེས་༸གོང་ས་མཆོག་གིས་བཀའ་ལན་གནང་འདུག  
གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༣ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༤ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

༢༠༢༦/༠༦/༡༦

མཆན། 5

  1. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    ལེགས་བྱས་ཟླ་བའི་འོད་རིས་འཛུམ་པའི་དཔྱིད།།
    ས་ཆེན་དགེ་བར་ཕྱོགས་པའི་མངོན་རྟགས་སུ།།
    ཉེ་བར་ཤར་བ་གང་གི་ཐུགས་ཀྱི་བཅུད།།
    ངོམས་མེད་རོལ་བའི་བུ་སློབ་སྐལ་བ་བཟང་།།

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    རང་བྱུང་གླུ་དང་ལྷན་སྐྱེས་མེ་ཏོག་གི་དྲི་ངད།།
    ཤག་ཤག་རྦབ་ཆུ་བསིལ་འཇམ་རླུང་བུ་ཡི་རེག་བྱ།།
    འདི་ན་གང་ཡོད་ལེགས་པའི་མཆོད་པ་དང་དུངས་པ།།
    འོད་སྣང་དཀར་པོའི་ཕྱོགས་སུ་རང་ཤུགས་ཀྱིས་རྒྱུ་སོང་།།

    Reply
  3. ལུང་རྟོགས། says:
    ལོ་ 14 སྔོན།

    གང་ལ་འཚམ་པའི་ཆོས་དང་ལམ་བསྟོན་གྱིས།།
    འགྲོ་བའི་ཡིད་ཀྱི་མུན་པ་སེལ་བར་མཛད།།
    གངས་ཅན་འགྲོ་བའི་སྐྱབས་མགོན་འཛམ་གླིང་མིག།
    འགྲོ་དྲུག་ཐར་ལམ་འགོད་མཛད་ཁྱེད་ལ་འདུད།།

    Reply
  4. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    ལྷ་ཞེས་གྲགས་པ་ཅན་པོ་མ་མཐོང་ཐལ།།
    འདྲེ་ཞེས་མ་རབས་ཤིག་ཀྱང་མ་ཤེས་ཐལ།།
    དོན་དངོས་སྟོན་ལ་མཁས་པའི་དམ་པ་ཞིག །
    སྐྱབས་དང་མགོན་དུ་བཞེངས་པ་ཤིན་ཏུ་སྐྱིད།།

    Reply
  5. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ཁྱེད་ཀྱི་རྣམ་དཔྱོད་ཉི་མ་བཞིན་དུ་འབར། །ངོ་མཚར་ལམ་སྟོན་འཛམ་གླིང་ཁྱོན་ལ་ཁྱབ། །གྲགས་སྙན་ས་ཡི་གོ་ལས་མ་ཁྱོགས་པར། །མེས་པོས་འཇིག་རྟེན་གསུམ་དུ་སྤྲུལ་པར་ངེས། །
    གངས་ཅན་བོད་ཀྱི་བདེ་སྡུག་ཁྱེད་ཀྱིས་མཁྱེན། །འདི་ཕྱི་གཉིས་ཀྱི་ལམ་སྟོན་ཁྱེད་ལ་ཞུ། །ལུས་ངག་ཡིད་གསུམ་བླ་མ་ཁྱེད་ལ་འབུལ། །སྐུ་ཚེ་མི་འགྱུར་རྡོ་རྗེའི་བྲག་བཞིན་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese