ཉེ་ལམ་ཨོ་སི་ཊི་ལེ་ཡའི་སེ་ཌི་ནེ་སྐབས་ ༡༡ པའི་བོད་རིགས་ཚོགས་པའི་རྒྱུན་ལས་གསར་འདེམས་ཀྱི་འོས་གྲངས་ལ་བསྐྱར་ཞིབ་གནང་སྟེ། འོས་བསྡུ་ཚོགས་ཆུང་གིས་དྲང་པོ་བྱས་མེད་པའི་གནས་ཚུལ་གསལ་འདོན་བྱུང་མཐར། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་སྐུ་ཚབ་དོན་གཅོད་དབུ་བཞུགས་ཐོག་རྒྱུ་ལས་གསར་རྙིང་གི་རྙོག་གླེང་ཐག་གཅོད་གཙང་མ་བྱུང་ཡོད་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༦ ཉིན་འདི་ག་ཨོ་སི་ཊི་ལེ་ཡའི་ས་ཁུལ་སེ་ཌི་ནེ་བོད་རིགས་མཐུན་ཚོགས་ཀྱི་སྐབས་བཅུ་གཅིག་པའི་རྒྱུན་ལས་གསར་པ་འོས་འདེམས་བྱས་ཤིང་། ལོ་དེའི་ཕྱི་ཟླ་༩ ཚེས་ ༣ ཉིན་དམངས་གཙོའི་དུས་དྲན་མཛད་སྒོ་དང་བསྟུན་ཏེ། སྐུ་ཚབ་དོན་གཅོད་དང་དྲུང་ཆེ་རྣམ་གཉིས་གདན་ཞུས་ཐོག རྒྱུན་ལས་གསར་པ་རྣམས་ལ་ཁ་བཏགས་བསྒྲོན་ཡོད། སྐབས་དེར་འོས་བསྡུ་དྲང་བདེན་བྱུང་ཡོད་མེད་ཀྱི་རྙོག་ཅིག་བྱུང་ཡོད་ལ། རྒྱུན་ལས་གསར་བ་ཁག་ཅིག་གིས་བསམ་འཆར་བཤད་མཁན་གཅིག་ས་གནས་ཉེན་རྟོག་པར་རྩིས་སྤྲོད་བྱས་ཏེ་ཉིན་དེའི་ཚོགས་འདུ་རྙོག་འཛིང་ཁྲོད་མཇུག་བསྒྲིལ་དགོས་བྱུང་ཡོད།
སྔར་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་རྒྱུན་ལས་གསར་བ་ཚོས་མི་མང་ཚོགས་འདུ་ཞིག་བསྐོངས་སྐབས། བསོད་ནམས་དོན་འགྲུབ་ཀྱིས་ཡང་བསྐྱར་འོས་ཤོག་གྲངས་བཤེར་དྲང་པོ་བྱུང་མེད་པ་དང་། རྒྱ་ནག་ལ་འབྲེལ་བ་ཡོད་པའི་གང་ཟག་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ནང་བསླེབ་ན་ངེས་ལེན་མེད་པའི་བསམ་ཚུལ་བཤད་ཀྱང་། མི་མང་ནང་ཁག་ཅིག་གིས་ཉན་འཇོག་མ་བྱས་པ་མ་ཟད། འཇམ་དབྱངས་རྡོ་རྗེ་སོགས་ཀྱིས་བྱང་ཆུབ་སེམས་མཆོག་དབྱངས་སུ་སྐྱོར་བ་སོགས་མི་འདོད་པའི་རྣམ་འགྱུར་བསྟན་པ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་བབསོད་ནམས་དོན་འགྲུབ་ལགས་སུ་གནོན་ཤུགས་སྤྲད་ཡོད།
དེའི་རྐྱེན་གྱི་བསོད་ནམ་དོན་འགྲུབ་དང་བཀྲ་ཤིས་རྒྱ་མཚོ་སོགས་མི་གྲངས་ ༥༠ ལྷག་ཅིག་གིས་ས་གནས་སྐུ་ཚབ་དོན་གཅོད་མཆོག་ལ་སྙན་ཞུ་དོན་ཚན་ ༧ ཅན་ཞིག་ཕུལ་ཏེ། འོས་བསྡུ་དྲང་བདེན་བྱུང་མེད་པ་མ་ཟད། ཉེས་མེད་ལ་རྡུང་རྡེག་ཕོག་པ་སོགས་གནས་ཚུལ་ཛ་དྲག་གི་ངོ་བོར་འགྱུར་བཞིན་ཡོད་ཀྱང་། སྐུ་ཚབ་དོན་གཅོད་མཆོག་གིས་དྲང་བདེན་གྱི་ཐག་གཅོད་ཅིག་བྱུང་བ་ཡིན་ན། གནས་ཚུལ་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལ་གཏུག་རྒྱུ་མིན་ཚུལ་སོགས་ཞུས་མཐར། སྐུ་ཚབ་དོན་གཅོད་མཆོག་གིས་འོས་གྲངས་ལ་བསྐྱར་ཞིབ་བྱ་ཆོག་པའི་ཞལ་བཞེས་ཐོག ༢༠༡༢ ཟླ་ ༢ ཚེས་ ༢༥ ཉིན་སྐུ་ཚབ་དོན་གཅོད་མཆོག་དངོས་སུ་ས་གནས་ལ་ཕེབས་ཏེ། འོས་ཤོག་ཞིབ་བཤེར་གནང་ཡོད།
འོས་བསྡུ་ཞིབ་བཤེར་སྐབས་ཀྱི་ཚོགས་ཞུགས་པ་སྐུ་ཚབ་དོན་གཅོད་དང་ས་གནས་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་གསར་རྙིང་གཉིས་དང་འོས་བསྡུ་ཚོགས་ཆུང་བཅས་ཚང་འཛོམ་ཐོག་བཀྲ་ཤིས་རྒྱ་མཚོ་ནས་འོས་ཤོག་ཚང་མ་གྲངས་བཤེར་བྱས་ན་དུས་ཚོད་ཀྱི་མི་འདང་བས་འོས་མི་གསུམ་གྱི་མིང་ཞིབ་བཤེར་བྱས་ན་འགྲིག་ཅེས་བས། འོས་མི་གསུམ་ནི་ངག་དབང་ཀུན་རྫོབ་དང་དབང་ཕྱུག བསོད་ནམ་དོན་འགྲུབ་གསུམ་གྱི་འོས་གྲངས་ཞིབ་བཤེར་བྱས་སྐབས་ངག་དབང་ཀུན་རྫོབ་ལ་མ་དེབ་ནང་དུ་འོས་གྲངས་ ༢༣ དང་ཞིབ་བཤེར་བྱེད་སྐབས་ ༢༠ འདུག་པས་འོས་ ༣ གྲངས་སྤར་འདུག དབང་ཕྱུག་ལ་མ་དེབ་ནང་དུ་འོས་གྲངས་ ༡༥ དང་ཞིབ་བཤེར་བྱེད་སྐབས་འོས་གྲངས་ ༢༨ འདུག་པས་འོས་གྲངས་ ༡༣ སྦས་སྐུང་བྱས་འདུག བསོད་ནམ་དོན་གྲུབ་འམ་ཡོ་ཡོ་ལ་མ་དེབ་ནང་དུ་འོས་གྲངས་ ༢༦ དང་ཞིབ་བྱེད་སྐབས་འོས་གྲངས་ ༣༦ འདུག་པས་འོས་གྲངས་ ༡༠ སྦས་སྐུང་བྱས་འདུག་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད།
ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་སྐུ་ཚབ་དོན་གཅོད་དང་དྲུང་ཆེ་རྣམ་གཉིས་འདི་ག་ས་གནས་སུ་ཕེབས་ཏེ། མི་མང་ཚོགས་འདུའི་ཐོག་སྐབས་ ༡༡ པའི་རྒྱུན་ལས་འོས་འདེམས་གནང་ཕྱོགས་དང་འོས་བསྡུའི་ཐོག་ནོར་འཁྲུལ་བཟོས་འདུག་པས་མ་འོངས་བར་དེ་རིགས་མི་འབྱུང་བ་བྱ་རྒྱུ་དང་། ས་གནས་འོས་བསྡུ་ཚོགས་ཆུང་འདི་ཨོ་སི་ཊི་ལེ་ཡའི་བོད་མི་ཚོར་སྤྱི་འཐུས་དང་ས་གནས་གྲོས་ཚོགས། རང་བདེན་ཚོགས་ཆུང་སོགས་མེད་སྟབས། བཀའ་བློན་ཁྲི་པ་གཅིག་པུ་འོས་བསྡུ་བྱེད་ཆེད་ཡིན་པ་དང་འོས་བསྡུ་ཚོགས་ཆུང་གི་དུས་ཡུན་ལོ་ ༥ ཡིན་པས་མ་འོངས་བར་ས་གནས་ཀྱི་ཚོགས་པའི་རྒྱུན་ལས་འོས་འདེམས་ཐོག་ལ་བྱུས་གཏོགས་མ་གནང་རོགས་ཅེས་དང་། བསོད་ནམ་དོན་འགྲུབ་དང་དབང་ཕྱུག་གཉིས་སྐབས་ ༡༡ པའི་རྒྱུན་ལས་ཁུངས་སུ་འོས་ཐོབ་འདུག་པས་རྒྱུན་ལས་གསར་བའི་ངོས་ནས་ཁོང་དོ་བདག་གཉིས་ལ་ཡི་གེ་གཏོང་དགོས་བ་དང་རྒྱུན་ལས་ཁུངས་སུ་ལེན་དགོས་པ། འོན་ཀྱང་ཁོང་གཉིས་རྒྱུན་ལས་ནང་བཞུགས་འདོད་ཡོད་མེད་ཁོང་དོ་བདག་གཉིས་ཀྱི་འདོད་མོས་ལྟར་གནང་དགོས་པ་བཅས་ཀྱི་ལམ་སྟོན་གནང་སོང་།
སྐབས་དེར་བསོད་ནམ་དོན་འགྲུབ་ལགས་ཀྱིས་ཁོང་ལ་མི་མང་གིས་འོས་བླུགས་པ་ཐུགས་རྗེ་ཞུས་ཏེ། ཁོང་རྒྱུན་ལས་ནང་ཡོངས་རྒྱུ་མིན་པ་དང་། རྒྱུ་མཚན་དང་པོ་ངས་ད་ལྟ་བར་མི་མང་ནང་ནས་འོས་བསྡུ་དྲང་པོ་བྱུང་མ་སོང་ཟེར་ནས་བསམ་འཆར་བཤད་པ་དེ་རང་ཉིད་རྒྱུན་ལས་ནང་འདུག་རྒྱུའི་ཆེད་དུ་མིན། རྒྱུ་མཚན་གཉིས་བ་དེ་ངས་རྒྱུན་ལས་ནང་ཡོད་པའི་རྒྱ་ནག་ལ་འབྲེལ་བ་ཡོད་པའི་མི་མཉམ་དུ་མི་འདུག་ཞེས་མི་མང་ཚོགས་སར་རྒྱུན་ལས་ནས་དགོངས་པ་ཞུས། དེའི་རྗེས་བུ་ཚེ་ལྷ་དང་དོན་འགྲུབ་བཀྲ་ཤིས་སོགས་གཅིག་རྗེས་གཉིས་མཐུད་དུ་མི་མང་ནང་ནས་ཡར་ལངས་ཏེ་འོས་བསྡུ་ཚོགས་ཆུང་དང་སྐབས་ ༡༠ པའི་རྒྱུན་ལས་རྙིང་བ་གཉིས་ཀྱིས་འོས་འགྲེམ་སྟངས་འགྲིག་མིན་དང་། འོས་གྲངས་ཞིབ་བཤེར་བྱེད་སྟངས་ཤེས་བཞིན་དུ་རྐང་བཙུགས་ཏེ་༧གོང་ས་མཆོག་གིས་མི་མང་ལ་གནང་བའི་དམངས་གཙོའི་གསོལ་རས་དེ་རྩིས་མེད་རྡོག་རོལ་བཏང་བ་ལ་ཤིན་ཏུ་བློ་ཕམ་ཡོད་ཚུལ། ཉེ་ཆར་འོས་ཤོག་ཞིབ་བཤེར་སྐབས་དུས་ཚོད་ཀྱི་རྐྱེན་པས་འོས་མི་གསུམ་ལས་ཞིབ་བཤེར་བྱས་མེད་སྟབས། ད་དུང་རྒྱུན་ལས་གསར་བའི་ནང་སླེབས་བསྡད་པ་དང་མ་བསླེབས་པ་རྣམས་ཀྱི་འོས་གྲངས་ལ་ཐེ་ཚོམ་དང་དོགས་པ་ཡོད་སྐོར་སོགས་བརྗོད་བྱུང་ལ། དབང་ཕྱུག་དང་ངག་དབང་ཀུན་རྫོབ་སོགས་ཀྱིས་ཀྱང་དམངས་གཙོ་དང་འབྲེལ་བའི་འོས་བསྡུ་ཚོགས་ཆུང་གི་ལས་འགན་དང་མ་འོངས་བར་ད་ལྟའི་འོས་བསྡུ་ཚོགས་ཆུང་འདི་མུ་མཐུད་གནས་དགོས་མིན། མི་མང་ལ་དམངས་གཙོའི་ཐོབ་ཐང་གི་སྐོར་ཟབ་སྦྱོང་དང་གོ་རྟོགས་སྤེལ་དགོས་འདུག་ཅེས་སོགས་བསམ་ཚུལ་བཏོན་སོང་།
འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་ཀྱང་བསོད་ནམ་དོན་འགྲུབ་ལ་མུར་རྫོག་གཞུས་བའི་ཉེས་བ་ངེས་ལེན་དང་དགོངས་སེལ་ཞུས་ཏེ་བསོད་ནམ་དོན་འགྲུབ་ལགས་ལ་ཁ་བཏགས་འཐེན་སྐབས། བསོད་ནམ་དོན་འགྲུབ་ཀྱིས་ང་ལ་ཁ་བཏགས་འཐེན་མི་དགོས་ཁྱོད་རང་རྒྱ་ནག་དོན་གཅོད་ལ་འབྲེལ་བ་ཡོད་པའི་མི་ངན་དེ་ཚོའི་ཁ་ལ་མ་ཉན་པ་དང་དེ་ཚོའི་རྗེས་སུ་མི་འགྲོ་བར་དྲང་པོའི་ལམ་ལ་ཞུགས་རྒྱུ་དེ་ངའི་རེ་བ་ཡིན་ཞེས་བཤད་དེ་ཁོང་གཉིས་ཕན་ཚུན་ལ་ལག་འཇུ་བྱས་བས་མི་དམངས་དགའ་བའི་ཐལ་སྒྲའི་ཁྲོད་ཁོང་གཉིས་བར་གྱི་གནད་དོན་གཙང་སེལ་བྱུང་སོང་།
སྐབས་དེར་མི་མང་ནང་ནས་ཁག་ཅིག་གིས་འོས་ཡང་བསྐྱར་བླུགས་པ་ཡིན་ན་གནད་དོན་འདི་གཙང་མ་ཆགས་རྒྱུ་རེད་སོགས་ཀྱི་རང་རང་གི་བསམ་ཚུལ་བཏོན་པས་རྒྱུན་ལས་གསར་བ་ཁག་ཅིག་གིས་ཁོང་ཚོས་རྒྱུན་ལས་ནས་དགོངས་པ་ཞུ་རྒྱུ་ཡིན་ཞེས་ཀྱང་བཤད། འོན་ཀྱང་སྐུ་ཚབ་དོན་གཅོད་དང་དྲུང་ཆེ་གཉིས་ཀྱིས་འོས་ཡང་བསྐྱར་བླུགས་དགོས་མིན་མང་མོས་ཐག་གཅོད་ལྟར་བྱ་དགོས་ཚུལ་གསུངས་བས། མི་མང་གིས་འོས་ཤོག་ཡང་བསྐྱར་བླུག་མི་དགོས་བར་རྒྱུན་ལས་གསར་བ་རྣམ་པ་ཚོས་མུ་མཐུད་ལས་ཀ་མཇུག་སྐྱོང་རོགས་ཞེས་མང་མོས་ཐག་གཅོད་བྱུང་ཡོད་འདུག
ས་གནས་ནས་བཀྲ་ཤིས་རྒྱ་མཚོས།
བཙོན་ཁང་སྒོ་ཐེམ་ཆ་རྒྱུས་མེད་དང་། སྡུག་སྦྱོང་མནར་གཅོད་སེམས་སུ་ཚོར་བ་མེད།
མི་བསད་ཆབ་བཙོན་རྒྱལ་ཞེན་སྒྲུང་རྩོམ་ཞིང། མི་ངན་མགོ་འདྲེན་རྗེས་འབྲས་འདི་ལ་གཟིགས།
སྤྱིར་ན་ང་ཚོའི་བོད་པའི་སྤྱི་ཚོིགས་ནང་བཟང་ངན་གྱི་དབྱེ་བ་མི་ཚོད་པར་ལམ་སེང་རྒྱ་མིའི་རྒྱུག་ཁྱི་སོགས་ཀྱི་ངན་ལབ་ཉུང་ན་མི་མཛེས་བསམ
མིང་རྫུན་འོག་ནས་ཁྱི་ལབ་རྒྱག་བཞིན་པའི་ཐོས་བསམ་ཟེར་བ་འདིས་བོད་ཀྱི་དུས་བབས་དང་བང་ཆེན་སོགས་ཀྱི་སྟེང་ལ་འཆན་བུ་འགའ་བཏབ་ཡོད་ན་ཡང་ངས་འདིའི་རིགས་མི་རྣལ་མ་ཞིག་གི་ཁོངས་སུ་རྩི་ཡིས་མེད། དེ་འདྲའི་བདེན་གཏམ་གསལ་བོ་ཡོད་ན་མི་མང་ཚོགས་ས་ནས་བཤད་དགོས་བ་རེད། རྒྱ་ནག་གི་ཞལ་ལག་ཟོས་ནས་ལས་འགན་འདི་འདྲ་སྒྲུབ་ན་ངོ་མ་ཐབས་སྐྱོ་བོ་རེད།
གོང་གི་གསར་འགྱུར་འདིའི་ནང་ངས་མི་གང་མང་ཞིག་གི་མིང་གསལ་ཁ་བཏོན་མེད། བཏོན་ཡང་་་མགོ་ལ་ཐུག་ན་ཀླད་པ་དང་སྐུབ་ལ་རེག་སྐྱག་པ་ཞེས་བའི་དཔེ་ལྟར་རེད།
འོས་བསྡུའི་འགོ་མཇུག་བར་གསུམ་གྱི་རྙོག་གྲ་དེ་ཆ་ཚང་སྐུ་ཚབ་དོན་གཅོད་མཆོག་ནས་མཁྱེན་ཡོད་པས་ཁྱོད་ཀྱི་བློ་ཁ་མ་ཁེངས་ན་ཁོང་ལ་འདྲི་རོགས་གནང་།
ཡང་བསྐྱར་བཤད་རྒྱུ་ཞིག་ལ་
ང་ཚོས་སྐུ་ཚབ་དོན་གཅོད་མཆོག་ལ་ཕུལ་བའི་ཞུ་སྙན་དོན་ཚན་བདུན་པའི་ནང་འདི་ལྟར་བཀོད་ཡོད།
༧ ཐུབ་བསྟན་རྒྱལ་མཚན་དང་དཔལ་འབྱོར་ཚེ་རིང་། པ་སངས་ཚེ་རིང་སོགས་ཀྱིས་བོད་རིགས་ཚོགས་པའི་ལས་དོན་དང་སྤྱི་བྱེ་བྲག་གི་ལས་གཞི་གང་ཞིག་ལ་མཉམ་ཞུགས་བྱེད་རྒྱུ་ཡོད་ཚེ་ང་ཚོས་ངོས་ནས་དུས་ནམ་ཡང་ངོས་ལེན་མེད་། ཞེས་འཁོད་ཡོད།
མིང་རྫུན་འོག་ནས་ཁྱི་ལབ་རྒྱག་བཞིན་པའི་བསམ་གཏན་ཟེར་བ་འདིས་བོད་ཀྱི་དུས་བབས་དང་བང་ཆེན་སོགས་ཀྱི་སྟེང་ལ་འཆན་བུ་འགའ་བཏབ་ཡོད་ན་ཡང་ངས་འདིའི་རིགས་མི་རྣལ་མ་ཞིག་གི་ཁོངས་སུ་རྩི་ཡིས་མེད། དེ་འདྲའི་བདེན་གཏམ་གསལ་བོ་ཡོད་ན་མི་མང་ཚོགས་ས་ནས་བཤད་དགོས་བ་རེད། རྒྱ་ནག་གི་ཞལ་ལག་ཟོས་ནས་ལས་འགན་འདི་འདྲ་སྒྲུབ་ན་ངོ་མ་ཐབས་སྐྱོ་བོ་རེད།
གོང་གི་གསར་འགྱུར་འདིའི་ནང་ངས་མི་གང་མང་ཞིག་གི་མིང་གསལ་ཁ་བཏོན་མེད། བཏོན་ཡང་་་མགོ་ལ་ཐུག་ན་ཀླད་པ་དང་སྐུབ་ལ་རེག་སྐྱག་པ་ཞེས་བའི་དཔེ་ལྟར་རེད།
འོས་བསྡུའི་འགོ་མཇུག་བར་གསུམ་གྱི་རྙོག་གྲ་དེ་ཆ་ཚང་སྐུ་ཚབ་དོན་གཅོད་མཆོག་ནས་མཁྱེན་ཡོད་པས་ཁྱོད་ཀྱི་བློ་ཁ་མ་ཁེངས་ན་ཁོང་ལ་འདྲི་རོགས་གནང་།
བཀྲིས་རྒྱ་མཚོ་ལགས་ནས་ཁོང་རང་ཉིད་འབྲེལ་བའི་གསར་འགྱུར་འདིའི་ནང་རྒྱུན་ལས་རྩིས་ལེན་སྐབས་བསམ་འཆར་བཤད་མཁན་གཅིག་ས་གནས་ཉེན་རྟོགས་པར་རྩིས་སྤྲོད་བྱས་ཅེས་བཀོད་པ་དེར་ཕྲན་ནས་གསལ་བསྟོན་བྱས་ན་མི་དེ་ནི་གསར་འགོད་པ་རང་ཉིད་ཀྱིས་བརྩི་མཐོང་བྱ་ཡུལ་དང་བདེ་སྲུང་བཀའ་བློན་མཆོག་ནས་སྤྱི་མཐུས་གྲོས་ཚོགས་ནང་རྒྱ་གཞུང་དང་འབྲེལ་བ་ཡོད་པ་གསལ་སྟོན་གནང་བའི་དཔལ་འབྱོར་ཚེ་རིང་ཡིན་པ་རེད་སྐབས་དེར་བསོད་ནམས་དོན་གྲུབ་སོགས་ཀྱི་ཁོང་གི་ཕྱོགས་ལ་ལངས་སྟེ་དོན་གཅོད་མཆོག་ལ་ཡང་རྒྱ་གཞུང་གི་གསོ་པ་ཡིན་ལུགས་སོགས་ཀྱི་རྙོན་འཛུགས་བྱས་ཡོད་པ་རེད། ཧམ་པ་རི་ཙམ་བཤད་དེ་ བདེན་པ་ཡག་ཙམ་ཐོབ་ཐབས་བྱེད་པའི་བྱ་སྤྱོད་དེར་སི་ནི་བོད་རིགས་ནས་ངོས་ལེན་རྩ་བ་ནས་མེད། འདིར་བཞུགས་བོད་རིགས་མང་ཆེ་བ་རྒྱལ་ཞེན་ལྷག་བསམ་ཅན་ཡིན་པ་ལས་རྐང་རྗེས་ལག་བསུབ་བྱེད་རྩ་བ་ནས་མིན། ཟས་ངན་གཅིག་གིས་ལུས་ཀྱི་སྟོད་སྨད་དཀྲུགས་ཅེས་པ་ལྟར་གང་ཟག་རེ་ཟུང་གིས་སྒོར་གྱི་མཁོན་འཛིན་འོག་སྤྱི་ཚོགས་དཀྲུགས་བཞིན་པ་དེར་རྒྱ་གཞུང་ནས་སྒོ་སྐབས་ཟིན་ཡོད།
ཁ་སྔོན་ཅིག་བཏངས་ཀྱང་
རྙོག་གླེང་འདི་སྐབས་བཅུ་བའི་ཚོགས་གཙོའི་དགོངས་གཞི་ནས་བྱུང་། སྐབས་༡༡ པའི་འོས་བཤེར་དྲང་བདེན་མི་འདུག་ཅེས་པའི་རྙོག་གླེང་སྔོན་དུ། རྙོག་དྲ་གང་གམང་བྱུང་ངོ།།
བཀྲཤིས་རྒྱ་མཚོ་ནི་རྙོག་གླེང་ནང་གི་བཀྲ་རྒྱམ་དང་གཅིག་གོ
བོད་མི་ཞིག་གིས་བསམ་ཚུལ་བཤད་པར་ཉེན་ཏོགས་པར་རྩིས་སྤྲད་་་ཅེས་པའི་མི་དེ་དཔལ་འབྱོར་ཚེ་རིང་རེད་དོ་
ངོ་མས་བཤད་ན་དབྱེན་
ཐག་རིང་གཏམ་དེ་ཕྱེད་བདེན་ཕྱེད་མི་བདེན་ཟེར་བ་ལྟར་མཆན་འདེབས་པ་པོ་རྣམས་ནས་རྟག་དཔྱད་གནང་དགོས་པ་དང་མ་ཟད་གསར་འགོད་པ་རང་ཉིེད་དང་འབྲེལ་བའི་གསར་འགྱུར་རིགས་ལ་དེ་བས་ཞིབ་དཔྱད་གནང་དགོས། སྔ་ལོ་ཕྱི་ཟླ་༨པའི་ཚེས་༦ཉིན་སི་ཎི་བོད་རིགས་མཐུན་ཚོགས་ཀྱི་སྐབས་༡༡པའི་རྒྱུན་ལས་འོས་འདེམས་བྱས་ཡོད་པ་དང་སྐབས་དེར་སྐབས༡༠་པའི་རྒྱུན་ལས་དང་ས་གནས་འོས་བསྡུ་ཚོགས་ཆུང་དང་ཟུར་དཔང་མཉམ་རུབ་ཐོག་མི་དམངས་བརྒྱ་སྐོར་གྱི་མདུན་འོས་གྲངས་ཤེར་བྱས་པ་དང་སྐབས་དེར་རྙོག་གླེང་གང་ཡང་མེད་པར་སྐབས་༡༡པའི་རྒྱུན་ལས་འོས་འདེམས་བྱས་ཡོད། ཟླ་བ་༨ཙམ་གྱི་རྗེས་རྒྱ་གཞུང་གི་སྐོལ་སྤྱོད་དང་གང་ཟག་སྒེར་གྱི་མཁོན་འཛིན་འོག་སྤྱི་དོན་ཁ་ལ་འཁྱེར་ཏེ་སྐབས་༡༡པའི་རྒྱུན་ལས་ཀྱི་འོས་དྲང་པོ་བྱུང་མེད་སྐོར་གྱི་གཏམ་ཆལ་བཀྲམས་ཏེ་སྤྱི་ཚོགས་ཐོག་གླེང་གློང་བཟོས་པ་དང་བཀྲིས་རྒྱ་མཚོ་དང་བསོད་ནམས་དོན་གྲུབ་གཉིས་ནས་སྐབས་༡༡པའི་རྒྱུན་ལས་རྣམས་ལ་མོས་མཐུན་མེད་སྐོར་སོགས་ཀྱི་སྐུ་ཚབ་དོན་གཅོད་ལ་ཞུ་རྙན་འཕུལ་དང་ཁོང་གཉིས་ཀྱི་རེ་བ་ལྟར་བསོད་ནམས་དོན་གྲུབ་དང་ངག་དབང་ཀུམ་རྫོགས་དབང་ཕྱུག་བཅས་ཀྱི་འོས་གྲངས་སྐྱར་ཤེར་བྱས་ཏེ་སྔོན་དང་མ་ཚུངས་པར་འགྱུར། ཕྱི་ཟླ་༣པའི་ཚེས་༢༡ཉིན་སྐུ་ཚབ་དོན་དབུ་བཞུགས་ཐོག་གནས་ཚུལ་ཐག་གཅོད་སྐབས་མི་མང་བརྒྱ་ཆ་༩༥ཡིས་སྐབས་བཅུ་པའི་རྒྱུན་ལས་རྣམས་ལ་མོས་མཐུན་ཡོད་པའི་ཕྱག་སྐྱངས་ཏེ་མང་མོས་ཐོག་ཐག་གཅོད་བྱུང་ཡོད། ད་དུང་ཡང་རྙོག་གླེང་དེ་མཇུག་སྒྲིལ་མེད་པར་སྤྱི་ཚོག་ཐོག་དུས་ཡུན་དེ་དག་ནང་འོས་ཤོག་ཉར་ཚགས་བྱེད་མཁན་དང་མཉམ་ཀྲབ་ལག་བརྩེད་དེ་འོས་ཤོག་ཐོག་མིང་ཁ་སྐོང་བྱས་ཡོད་མེད་ཐད་མི་མང་ནང་བསམ་ཚུལ་དང་སྐད་ཆ་མང་དག་ཞིག་ཡོང་བཞིན་ཡོད། གང་ལྟར་ཆབ་བཙོན་རྫུན་མའམ་ཡང་ན་དེ་དང་འབྲེའ་ཡོད་བརྫུན་མ་ཁག་ཅིག་གིས་སྤྱི་དོན་ཁ་ལ་འཁྱེར་སྒེར་གྱི་མཁོན་འཛིན་ཁོག་ལ་བཅངས་ཏེ་སྤྱི་ཚོགས་ཐོག་རྙོག་གླེང་བཟོས་ཏེ་སྐུ་ཚབ་དོན་གཅོད་ཀྱང་ཅི་བྱེད་འདི་བྱེད་མེད་པ་བཟོ་བཞིན་ཡོད།
སྙིང་རྗེ།།།།། སྤྲང་པོ་ལོ་གསུམ་ཕྱུག་ཀྱང་སྤྲང་རྟགས་ཤིག་ཡོད་ཞེས་པའི་དཔེ་ལྟར་དེ་གའི་རྒྱལ་གཅེས་པའི་མིང་འཛིན་པ་ཚོས་དོན་ངོ་མའི་རང་མཚང་སྟོན་བཞིན་པ་དེར་གཟིགས་དང་། ད་དུང་རྒྱ་དམར་གཞུང་ཚབ་དང་འབྲེལ་བ་ཡོད་པའི་མི་ངན་སྤྱང་ཀི་ཀླད་པ་ཅན་ཚོ་རིམ་པས་གསལ་ཡོང་རྒྱུ་ཡིན་པས་ལྟད་མོ་ཡོད།།
ངོ་ག་པར་ཚ་བ། བརྒྱ་ཆ་ལྔ་བཅུ་ཙམ་ཆབ་བཙོན་རྫུན་མ་ཡིན་པ། དེ་ལས་གང་ཡོང་།
འོས་བསྡུ་ཚོགས་སུས་བསྐོས་པ་རེད། ཁོང་ཚོ་ཕྱིར་འཕེན་བྱས་ཏེ་མིང་དང་པར་བཅས་ཁྱབ་བསྒྲགས་བྱ་དགོས་པ་རེད། སྐྱོན་འདི་འདྲའི་རིགས་ཐེར་འདོན་མ་ཐུབ་ན་མང་གཙོ་མིང་ཙམ་རང་རེད།
ད་རྒྱ་མའི་སོ་བ་བོད་རིགས་མཐུན་གྱི་རྒྱུན་ལས་ཡོད་པ་རེད་དམ། ཐབས་སྐྱོ་བོ་བོད་པ་ཚང་། སོ་བ་དེ་ཚོས་བོད་པའི་སྤྱི་ཚོགས་ནང་ག་དུས་ཡིན་ན་དཀྲུག་བཞིན་ཡོད་འདུག དེ་ཚོ་སེམས་ཅན་དུད་འགྲོ་ལས་ཀྱང་མི་དམན་ནམ། དུད་འགྲོ་ཡིན་རུང་རང་ཉིད་ཀྱི་ཁྱུ་ཚོགས་ནང་དཔུང་པ་མཉམ་གཤིབ་བྱེད་ནས་འགྲོ་གི་ཡོད། རྒྱ་མའི་སོ་བ་ཁྱོད་ཚོ་ངོ་ཚ་མེད་པའི་ཞབས་འདྲེན། བོད་ནང་སྤུན་ཟླ་མི་རིགས་ཁྲག་ལ་འདྲེས་པ་མཐོང་བཞིན་དུ་ད་དུང་ཡང་བྱ་ངན་དེ་འདྲ་སྤེལ། འདི་ཕྱི་གཉིས་འཕུང་གི་ཉེས་ཅན་རྒྱ་འཚོང་བ་ཁྱོད་ཚོ་ཚོད་ཟིན་ན་དགའ། འཇམ་རྡོ་ཟེར་བ་དེ་བྱབ་ཆུང་གཅིག་ཡིན་ས་རེད། ས་གནས་བཀྲ་ཤིས་རྒྱ་མཚོ་ལགས་ཐུགས་རྗེ་ཆེའོ། ང་ཚོ་བོད་པ་ཚང་མ་ཁ་འཐོར་དུ་གནས་ཙང་ས་གནས་ཀྱི་གནས་ཚུལ་གསར་ཤོག་ནང་བཀོད་ཐུབ་ན་ཡག་པོ་འདུག། འོས་ཤོག་ལ་སྐྱར་ཞིབ་དགོས་པའི་དགོས་དོན་བསྟོན་མཁན་རྣམས་ལ་བསྟོད་བསྔགས་ཞུའོ།
དཀའ་ངལ་ཡོད་ཆོག་སྙོག་དྲ་ཡོད་ནའང་ཆོག།
སྡུག་དང་བདེ་སྐྱིད་དེ་བཞིན་ལོས་ཀྱང་ཡོད།།
གང་ཡང་གོ་ཤེས་བསམ་ཤེས་གནང་བ་ན།།
མི་ཡི་གྲལ་ལས་ལྷ་ཡུལ་སྙེག་དང་མཚུངས།།
གཞན་མིས་གོ་ཐོས་བྱུང་ན་ངོ་ཚའི་གཞི་ཞིག་རེད། དམངས་གཙོ་ལུང་བ་ནས་སྡོད་བཞིན་དམངས་གཙོའི་གོ་རྟོགས་ཅི་ཡང་མེད་པའི་ཞབས་འདྲེན་དེ་འདྲ་ཞུས་ན་༧གོང་ས་མཆོག་གིས་ཕྱི་གླིང་བ་ཚོར་བོད་མི་ཡག་རབས་ཀྱི་འགྲེལ་བཤད་བསྐྱོན་པ་རྣམས་སྐྱག་རྫུན་དུ་གྱུར་པ་མིན་ནམ། གང་ལྟར་འོས་ཤོག་ལ་ཞིབ་བཤེར་བྱས་ནས་དོན་དག་ཐག་གཅོད་ཙམ་བྱུང་བ་དེ་ཡག་པོ་རེད།
འཇམ་རྡོར་ལགས་སུ་སློབ་གསོ་གཉིས་ཕུལ་ཡོད། གནས་ཚུལ་གང་དུ་ཡང་ལག་པ་འགྱོག་མི་ཉན། དེ་བས་ཀྱང་རྒྱ་གཞུང་དང་འབྲེལ་བ་ཡོད་པའི་མི་སྣར་ལག་འཇུ་བྱེད་མི་ཉན།
གསར་འགྱུར་འདི་ནང་ཁུལ་གྱི་ཁ་དང་ལག་པ་ནག་པོའི་རིགས་ཅུང་མང་བའི་གྲས་ཤིག་ཡིན་པས། བློ་ཕམ་པའི་ཚོར་བ་ཞིག་ངང་གིས་བྱུང་སོང་། ཕྱིས་སུ་གནས་ཚུལ་དེ་འདྲ་མི་འབྱུང་བར་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།