མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེཊ་བཏང་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp


ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༧ །༡༠ ཙམ་ལ་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་སྤེན་པ་ཚང་གི་གྲྭ་བློ་བཟང་ཤེས་རབ། རང་ལོ་ ༢༠ ཡིན་ཞིང་། ཕ་མིང་ལ་བསོད་དོན་དང་མ་མིང་ལ་ཉི་མ་ཡིན་པ་ཁོང་གིས་གཅའ་ཞང་ཐོག་གི་གཞུང་ལམ་ནས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱས་ཏེ། དུས་ཐོག་དེར་སྐུ་གྲོངས་ཡོད་འདུག
ཁོང་གིས་འབོད་ཚིག་ག་རེ་སྒྲོག་ཡོད་མེད་ཤེས་རྟོགས་ཐུབ་མེད་ཀྱང་། ཁོང་འདས་གྲོངས་སུ་གྱུར་མ་ཐག་བོད་མི་ཚོས་ཁོང་གི་ཕུང་པོ་ཁྱེར་རྩིས་བྱས་སྐབས། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་སོགས་བསླེབས་ཏེ་བཙན་འཕྲོག་བྱས་འདུག་པར་མི་མང་གིས་ཕུང་པོ་ནང་མིར་སྤྲོད་དགོས་པའི་རེ་འདུན་ཡང་ཡང་བཏོན་ཡང་ཉན་འཇོག་མ་བྱས་པར་བཙན་ཁྱེར་བྱས་འདུག
གྲྭ་བློ་བཟང་ཤེས་རབ་ལགས་ཆུང་དུས་རང་ལོ་ ༩ ཙམ་ནས་རྭ་རུ་བའི་དགོན་པ་དགེ་ལྡན་བསྟན་འཕེལ་གླིང་དུ་ཆོས་ཞུགས་གནང་ཡོད་ཅིང་། ལོ་སྔོན་མའི་ཕྱི་ཟླ་ ༡༠ ཙམ་ནས་རྔ་པ་ཀིརྟི་དགོན་པར་མཚན་ཉིད་སློབ་གཉེར་བྱེད་དུ་སོང་ཡོད་ཀྱང་འདི་ཟླའི་ཚེས་ ༢༦ ཉིན་ཕྱིར་ཕ་ཡུལ་དུ་ལོགས་འདུག རྭ་རུ་བའི་དགོན་པར་དེང་སྐབས་གྲྭ་པ་ ༣༡ ཡོད་ལ། ཁོང་ཚང་ལ་མིང་སྲིང་ ༣ ཡོད་པའི་འབྲིང་བ་ཡིན་འདུག
དོན་རྐྱེན་དེ་བྱུང་མ་ཐག་གཅའ་ཞང་ཐོག་ཏུ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་དམ་དྲག་ཤུགས་ཆེན་བྱས་ཡོད་ཅིང་། དེང་སྐབས་རྔ་པ་ཀིརྟི་དགོན་པའི་ལས་གནས་ཁ་གསལ་མེད་པའི་ལས་བྱེད་པ་ཡིན་ཟེར་བའི་རྒྱ་གཞུང་གི་མི་སྣ་ ༣༠༠ ལྷག་གཏན་སྡོད་བྱས་ཤིང་། རྔ་པའི་སྟོད་སྨད་བར་གསུམ་དུ་དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་དམ་དྲག་མུ་མཐུད་བྱེད་བཞིན་ཡོད་འདུག

གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༢༢ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 20

  1. མི་ཉག་དུང་བརྡ། says:
    ལོ་ 14 སྔོན།

    ཁྱེད་སྐུ་མེ་ལྕེ་དམར་མོ་ཚངས་པའི་འཇིག་རྟེན་གྲོང་དུ་འཕྱུར།།
    སྐྱེ་རྒུའི་བསམ་སྦྱོར་ངན་པ་ཐལ་བའི་རྡུལ་དུ་ས་ལ་སྙིལ།།
    བདེན་པའི་དོན་དུ་བདེན་པའི་མེ་ཡིས་ས་ཆེན་འོད་ཀྱིས་འཚེར།།
    རིགས་ཀྱི་དོན་དུ་ཤ་ཁྲག་མེ་ཡིས་ལ་རྒྱ་འོད་ཀྱིས་སྲུང།།

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    སྤུ་ཟླ་གཡུ་རལ་བཀྲ་རྒྱལ་ལགས་དང་པོ་ཡི་གེ་ཡག་པོ་ཀློག་ནས་འདྲི་བ་སྟོན་དགོས། ངའི་ད་བར་ང་ཚོས་འཚེ་མེད་ཞི་བའི་སྒོ་ནས་ལས་འགུལ་སྤེལ་བཞིན་པ་མ་ཟད། རང་ལུས་མེར་ལྕེར་ཕུལ་མཁན་རྣམ་པ་ཚོས་འཚེ་མེད་ཞི་བའི་ལས་འགུར་རླབས་ཆེན་སྤེལ་བཞིན་ཡོད་པའི་ངེས་འཛིན་བརྟན་པོ་ཡོད་པ་མ་ཟད་ཁོང་རྣམ་པའི་སྙིང་སྟོབས་ལ་རྗེས་སུ་ཡིད་རང་ཞུ་བཞིན་ཡོད། འོན་ཀྱང་མི་འདི་ཙམ་ཀྱི་འཚེ་སྲོག་ཤོར་ཀྱང་བོད་ནང་དམ་བསྒྲག་ཇེ་དམ་དང་གཉའ་སྣོན་ཇེ་ཆེར་ལས་ནུས་པ་འདི་ཐོན་སོང་བསམ་པ་ཞིག་ང་ཚོ་སུ་གང་ལ་འགྲེལ་བརྗོད་ཞུ་ཡས་མེད་པ་དངོས་བདེན་སོང་། དེ་ལས་ལས་ལ་འགུལ་གྱི་ཁ་ཕྱོགས་ལ་བསྒྱུར་བ་ཞིག་གཏོང་ཐུབ་བ་ན་ནུས་པ་ཞིག་ཐོན་རེ་སྙམས་ནས་རང་གི་བསམ་ཚུལ་བཀོད་པ་ཙམ་ཡིན་པས་དེ་ལུགས་དགོངས་འཇགས་ཞུ། སླར་ཡང་གོང་གི་མཆན་དེ་ཡག་པོ་ཞིག་གཟིགས་རྒྱུར་རེ་བཀུར་ཞུ་རྒྱུ་ཡིན་།

    Reply
  3. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ཀྱེ་ཧུད་གུང་ཁྲན་དམར་པོའི་སྲིད་གཞུང་འདིས། །ཉམ་ཆུང་བོད་མི་གྲངས་མེད་དམར་གསོད་བཏང་། །དཔའ་བོ་སྟོང་གིས་སྙིང་ནས་མ་བཟོད་པར། །རང་ལུས་བསྲེགས་ནས་ངར་སྐད་དྲག་པོ་བྱས། །འཛམ་གླིང་ཁྱོན་ལ་རང་རེའི་གངས་ཅན་པའི། །སྡུག་གི་མནར་གཅོད་དཔའ་བོ་རང་ཉིད་ཀྱི། །གཅེས་པའི་ཚེ་སྲོག་མེ་ལ་སྒྲོན་ནས་ཞུས། །གཟིགས་སམ་དྲང་བདེན་སྐྱོང་བའི་སྐྱེས་བུ་ཀུན། །

    Reply
  4. སེང་གདོང་སྐྱབས ། says:
    ལོ་ 14 སྔོན།

    དྲ་ལམ་འདི་ནས།་་ལ་ལའི་ཚིག་གི་ཟུར་ནས། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ནི་འཚེ་འི་ལས་ཤིག་རེད་སྙམ་པའི་སྐད་ཆ་འདྲ་མཐོང་རྒྱུ་ཡོད་གི་་་་་ངོ་མས་འཚེ་བ་ཟེར་ན་རྒྱུ་རང་ཉིད་ལས་ཐ་དད་ཅིག་ཡིན་དགོས་བས་ན། སྡར་མའི་རང་མདངས་ལ་ཡིད་གཟབ་བྱོས།

    Reply
  5. སེང་གདོང་སྐྱབས ། says:
    ལོ་ 14 སྔོན།

    ངོ་མ། ཁ་སང་དེ་རིང་། བོད་ནང་གི་གནས་སྟངས་ཧ་ཅང་ནས་ཀྱངཛ་དྲག་ཏུ་འགྲོ་བཞིན་འདུག་པས་ན། ད་ནི་ཏན་ཏན་བོད་གཞུང་མང་གཉིས་ནས་གོམ་གང་མཉམ་སྤོས་ཀྱིས་ཕྱིར་ཕ་ཡུལ་དུ་ལོགཔའི་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་རན་སླེབས་འདུག་པས་ན། མ་གྲོས་གཅིག་མཐུན་གྱི་སྒོ་ནས་ལམ་ལ་ཆས་་རེད། ཨ་་ཁ་བ་ཅན། ད་ལོངས་ཤོག་ཡ་་་་་་་། ཤི་བོའི་ཁ་ཆེམས་ཀྱི་འདུན་མ་དབྱངས་ལ་བཀུག་ནས། གསོན་པའི་རེ་སྙེགས་ཀྱི་འབོད་བརྡ་ལག་ལ་བསྟར་ནས། ད་ནི་ཆས་འགྲོ་་་་་་་ངོ་མས་བཟོད་ཐབས་མེད་པའི་ད་གཟོད་་་་་་་་་ཚང་མ་ལོངས་ཤོག་་་་་་་

    Reply
  6. རག་ཤུལ་དཔལ་ལྡན།། says:
    ལོ་ 14 སྔོན།

    རྒྱུན་ཆད་མེད་པའི་ཞི་འཇམ་གྱི་མེ་ལྕེ་དེས། འཁྲིགས་འཛིན་གྱི་འཁྱགས་རུམ་དེ་བསྟོར་ངེས་རེད། ང་ཡི་དོན་དུ་ཁྱེད་ཀྱིས་བློས་གཏོང་རླབས་ཆེན་གྱི་ལས་འགུལ་དེ་ངས་ངོ་ཤེས་ཀྱི་ཡོད། ང་ལ་བདེ་སྐྱིད་ཀྱི་རྒྱུ་ཆ་ཞིག་ཡོད་སྲིད་ན་ཚམ་ཚོམ་མེད་པར་ཁྱེད་ཀྱི་དོན་དུ་ད་ལྟ་་ཉིད་ནས་བསྔོ། བསྔོས་པ་བཞིན་དུ་ཁྱེད་ལ་སྨིན་པར་ཤོག

    Reply
  7. ཨ་མིའི་བུ། says:
    ལོ་ 14 སྔོན།

    http://www.youtube.com/watch?v=-OFmM-yKemI
    འདིར་གཟུགས་དང་ཁ་སང་བོད་ནང་གྲྭ་ཤེས་རབ་ཀྱིས་རང་ལས་མེར་སྲག་སྐབས་རེད་ང་མ་མི་བཟོད་གི། ད་ཅི་བྱེད་་་་་་་་་་་་་

    Reply
  8. ཤིང་ལོ། says:
    ལོ་ 14 སྔོན།

    མེ་དམར་པོ་རྒྱ་ནག་དམར་པོས་སྦར།།
    སྲོག་དམར་པོ་མགོ་ནག་བོད་པས་ཤོར།།
    སྲུང་དམར་ནག་སྤྱན་གྱིས་གཟིགས་དང་ན།།
    ལག་དམར་ཚོས་དམར་གསོད་མྱང་ན་ཐང་།།

    Reply
  9. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    ལྷ་རྩེ་ཡི་རྩེ་ལ་ཡིག་ནོར་ཐེབས་སོང་། བཟོ་བཅོས་ཡོངས་བར་ཞུ།

    Reply
  10. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    བཟོད་པ་ལྷ་རྪེ་ལགས།
    དུས་ད་ལྟ་བར་རྒྱལ་གཅེས་དཔའ་བོ་དཔའ་མོ་རང་ལུས་མེ་རུ་སྒྲོན་མཁན་༣༢་ཙམ་བྱུང་བའི་ནང་འཚེ་བའི་ཀུན་སློང་ཁྱེར་མཁན་མེད་པའི་ཡིད་གཟབ་ཀྱིས།
    ཁྱོད་ཀྱི་སྐད་ཆའི་ཟུར་ནས་སྡར་མ་ཞིག་གི་སྣེ་མོ་མཐོང་སོང་།
    ཁོང་ཚོས་འཚེ་མེད་ཞི་བའི་ནུས་བ་གཏོར་བརླག་ག་རེ་བཟོ་སོང་ངམ།
    ལན་ཅིག་བསྐྱོན་རོགས་གནང་།

    Reply
  11. ཤག་སྒང་པ། says:
    ལོ་ 14 སྔོན།

    གཞན་འགྲན་དཀའ་ཞིང་རླབས་ཆེ་བའི་བློས་བཏང་གི་བྱ་བཟང་ལ་མྱ་ངན་གུས་འདུད་ཞུ།

    Reply
  12. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    ཐུགས་རྗེ་གཟིགས་ད་མཚམས་འཇོག་གནང་རོགས། གལ་སྟེ་ཐ་མེད་མཚམས་འཇོག་མ་བྱུང་བ་ཡིན་ན། དགོངས་པ་གཞན་ཞིག་ཐོག་ནས་བོད་མི་རེ་ནས་རྒྱ་མི་བཅུ་རེ་མེད་པ་བཟོ་ཐབས་དགོས། དེ་ལྟར་བྱས་པ་ཡིན་ན་ཉིན་གཅིག་རྒྱ་རྒན་དེ་ཡང་འུ་ཐུག་པ་ཞིག་བཟོ་ཐུབ། འཚེ་མེད་ཞི་བ་མཚམས་འཇོག་དགོས། འཚེ་མེད་ཞི་བས་ནུས་པ་ཐོན་མ་སོང་། ནུས་པ་ཐོན་པའི་ལས་འགུལ་གོང་དུ་ཞུ་པ་དེ་རང་ལེགས།

    Reply
  13. རྟ་མགྲིན། says:
    ལོ་ 14 སྔོན།

    མི་རིགས་ཤིག་གི་བདེ་སྐྱིད་ཀྱི་སྣ་འདྲེན་ཕྱིར། ཁྱེད་ཅག་མི་སྣ་སོ་གཉིས་ཙམ་གྱིས་རང་གི་གཅེས་སྲོག་དེ་བོད་མི་ས་ཡ་དྲུག་གི་ཕུགས་མདུན་ལ་དུང་ནས་བཞུད་ཐེངས་རེ་རེ་བོད་མི་ཚོའི་སྙིང་ལ་སེར་ག་གས་ཐེངས་རེ་རེ་ཡིན།

    Reply
  14. རྟ་མགྲིན། says:
    ལོ་ 14 སྔོན།

    དུས་རབས་ཤིག་གིས་དཀྱོགས་མཚམས་ནས་བོད་མིས་མེ་རྒོལ་གྱི་ལོ་རྒྱས་མགོ་བརྩྱམས་སོང་། འཛམ་གླིང་འདི་ད་དུང་གཉིད་ལ་ཡུར་འདུག མདོར་ན་འཇིག་རྟེན་འདིར་ཚང་མ་གཉིད་དུ་ཡུར་མཁན་ཤ་སྟག་རེད། དྲང་བདེན་དང་། ཞི་བདེ་ཞེས་པ་དེ་དག་ཀྱང་སྐྱག་རྫུན་རེད། མདོར་ན་ས་ཡི་སྒང་བུ་འདི་ཅི་འདྲའི་བཙོག་པ་ལའང་། ངེད་བོད་མི་ཚོས་བཀྲུས་ཀྱང་མི་དག་པའི་ལས་དབང་ཅི་ཞིག་ཁུར་པ་ཡིན་ནམ། ཨ་རོགས་ཚོ། ད་དངོས་ནས་ཁ་གྲག་ཤེས་མཁན་ཞིག་ཡོད་ན་ཁ་ཞིག་གྲག་རོགས།

    Reply
  15. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧུཾ། ཨོཾ་མ་ཎི་པདྨེ་ཧུཾ། ཨོཾ་མ་ཎི་པདྨེ་ཧུཾ། ཨོཾ་མ་ཎི་པདྨེ་ཧུཾ། ཨོཾ་མ་ཎི་པདྨེ་ཧུཾ། དཀོན་མཆོག་མཁྱེན།

    Reply
  16. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
    བསྐལ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
    ཚད་མེད་ཡོན་ཏན་མ་ལས་དྲངས།

    གདོང་དམར་བོད་ཀྱི་བདེ་སྡུག་སྙིང་དུ་བཅངས། །
    རང་རིགས་སྤུན་ཟླའི་རང་དབང་བདེ་སྐྱིད་སླད། །
    རང་གི་ཤ་ཁྲག་གདོས་བཅས་མེ་རུ་བསྒྲོན། །
    འགྲན་མེད་གངས་ཅན་དཔའ་བོ་དཔའ་མོ་ཀུན། །
    བདེ་ལྡན་དག་པའི་ཞིང་དུ་སྐྱེ་བར་སྨོན། །

    དལ་འགྲོའི་རྟེན་བཟང་མྱུར་ཐོབ་ཤོག །
    ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  17. བདུད་འདུལ་ཐོག་རྒོད། says:
    ལོ་ 14 སྔོན།

    ད་བོད་ཕྱི་ནང་གཉིས་ཀྱི་མི་མང་གི་རང་སྲེག་འདི་ལ་མགོན་དང་སྐྱབས་དང་སྣེ་ཁྲིད་ཅིག་མེད་དུས། ལོ་རྒྱུས་ཀྱིས་ཐར་བ་ཅི་ལྟར་གཏོང་ངམ། རྒྱལ་ཁབ་དང་གཞན་དང་སྲིད་གཞུང་མི་རིགས་གཞན་ལ་ཞེ་དྲག་ལོས་འདེད་བྱེད་ས་མེད་ཀྱང་། རང་རེའི་བཀའ་ཤག་གིས་འདི་ལ་གསལ་ཁ་མ་གནང་བར་ད་དངོས་གནས་རྒུམ་འདུག་ས་ཡོད་ཚོད་མི་འདུག

    བཀའ་བློན་ཁྲི་པས། “༢༠༠༨ ལོའི་ཞི་རྒོལ་ལ་ཞིབ་འཇུག་བྱས་ཏེ་མ་འོངས་པར་ཞི་རྒོལ་དེ་རིགས་བྱུང་ཚེ་ང་ཚོའི་གྲ་སྒྲིག་ཚད་ལྡན་བྱ་རྒྱུ་ཡིན”་ཞེས་གསུངས་འདུག ད་ལྟ། རང་སྲེག་འདི་ལ་ཞིབ་འཇུག་བྱས་ནས་གྲ་སྒྲིག་ཅིག་གནང་ཚེ་དངོས་གནས་འགོ་ཁྲིད་ཡོད་དང་མེད་པའི་ཁྱད་པར་སུས་འབྱེད་ཐུབ་བམ། འདི་ལྟར་ཕྱིན་ན་ང་ཚོ་གང་དུ་སླེབས་རྒྱུ་རེད་དམ། བོད་གངས་ཅན་པ་རྣམས།

    Reply
  18. ནེ་ཤོད་གྲུ་ཁ། says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། དེ་རིང་གི་ཉིན་མོ་འདིར་བོད་ཕྱི་ནང་གཉིས་ནས་ངེད་ཚོའི་དཔའ་རྒོད་གཉིས་འདི་ལྟར་བུད་སོང་། འདི་ལྟར་བུད་སོང་བ་འདི་ཕམ་ཁ་ཞིག་གཏན་ནས་ཡིན་མི་སྲིད། ཁྱོད་དང་ཁྱོད་ཚོ་ལྟ་བུའི་ངེད་ཚོའི་དཔའ་རྒོད་ཚོ་རྒྱལ་གྱུར་ཅིག

    Reply
  19. ཧོར་བུ་ཡེ་ཤེས says:
    ལོ་ 14 སྔོན།

    ད་ནི་ཡིད་སྐྱོ་ཐག་ཆད་དེ་ག་རེ་བཤད་དགོས་མིན་མི་ཤེས་ཀི། མ་ཎི་གྲངས་མེད་ཡོད།

    Reply
  20. ཀླུ་ཚང་། ཨ་འཕྲིན། says:
    ལོ་ 14 སྔོན།

    དཀོན་མཆོག་གསུམ་གྱིས་ཐུགས་རྗེ་གཟིགས། ང་ཚོའི་རེ་བའི་འདུན་མ་མྱུར་དུ་འགྲུབ་པར་ཤོག རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཏེ་མི་ངོ་ལྷ་ངོ་འཕྲོད་ཅིང་ལྷ་ངོ་ཉི་མ་ཤར་བའི་གསོལ་བ་འདེབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese