མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་པོ་མེ་ཡི་མི་རབས།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༥༠སྟེང་གི་རྩོམ་སྒྲིག་པའི་གཏམ།

འདས་པའི་མི་ལོ་ལྔ་བཅུ་ང་གསུམ་རིང་། རྒྱ་གཞུང་གིས་མར་ལེ་རིང་ལུགས་པའི་ཟོར་བ་དང་ཐོ་བ་ཕྱར་ཏེ་ཁ་བ་སྒང་པའི་རི་ཆུ་སྣོད་བཅུད་ཀྱི་མཛེས་སྡུག་ཐལ་བར་བརླགས་ཤིང་། བཟོ་ཞིང་དམག་གསུམ་གྱི་དྲག་དཔུང་དྲངས་ཏེ་དབྱངས་གསལ་སོ་བཞིའི་རྨུ་ཐག་ལ་བརྒྱུས་པའི་གངས་ཅན་བོད་པའི་སྐད་དང་རིག་གནས་ཀྱི་རྨང་རྡོ་ཚལ་བུར་གཏོར་རྗེས།   བོད་མི་རིགས་འདིའང་རྣམ་ཤེས་བརླགས་ཟིན་པའི་མན་ཇུ་བ་ལྟར་བེམ་གཟུགས་སུ་བསྒྱུར་འདོད་ཀྱི་རྨི་ལམ་བཅངས་ཡོད།  ཡིན་ནའང་། བཙན་པོའི་རུས་རྐང་མ་བོར་བའི་ཁ་བ་རི་བའི་ཕ་མེས་ཡང་མེས་རྣམས་ཀྱིས། ས་སྒང་རིལ་མོ་འདིའི་སྤྱི་གཙུག་ནས་བདེན་པའི་ང་རོ་བསྒྲགས་ཤིང་། མི་རིགས་འདིའི་བླ་སྲོག་གི་དར་ཆ་འཛམ་གླིང་གི་རི་ཆུ་ཐང་གསུམ་ཡོངས་ལ་བསྒྲེངས་ཏེ། རྒྱ་གཞུང་གི་སྟོང་འདང་རྨི་ལམ་དེའི་ནམ་མཁའ་ཚལ་བུར་གཤགས་ཡོད།

    དེ་རིང་། ས་ཆེན་འདིའི་མུན་པ་མེ་ལ་བསྲེགས་བཞིན་མཆོངས་འོང་པའི་མི་རབས་གསར་པའི་མེ་རི་འདི་ནི།  ཁྲག་གིས་ཚོས་པའི་རྒྱ་གཞུང་གི་དར་དམར་འོག་མདའ་ཆར་གྱིས་ཕྱེ་མར་འཐག་ཏེ།  འཇིགས་ཡེར་བའི་ ‘ང་དགུ’ ལོའི་ལོ་ཟླ་ནག་པོའི་ཁོང་གསེང་ལ་སྦས་པའི།  བོད་ཁ་བ་ཅན་གྱི་ཕ་མེས་ཡང་མེས་ཚོའི་དཔའ་སྙིང་གི་ཚ་དྲོད་མ་ཡལ་བའི་ཚ་བོ་ཚ་མོ་རྣམས་རེད།  ཚེ་སྲོག་གི་མར་མེའི་འོད་ངོགས་སུ་སྤོབས་པའི་དཔུང་རྡང་ཀྱུག་ཀྱུག་ལངས་བཞིན་པའི་མེ་རི་ལྟ་བུའི་མི་རབས་འདི་ནི། རྒྱ་གཞུང་གིས་བསླུ་བྲིད་བཅིངས་འགྲོལ་གྱི་ཁ་གཡང་སྒྲོག་བཞིན། ཤེས་རྨོངས་མུན་ནག་གི་ ‘རེ་དགུ’ ལོའི་དུས་རབས་ཀྱི་ཡོལ་བའི་རྒྱབ་ཏུ། བཀྲེས་ལྟོགས་མནར་གཅོད་ཀྱི་རྒྱ་མཚོར་བཏབས་པའི་བོད་མི་ས་ཡ་གཅིག་གི་བདེན་དོན་གྱི་འོད་སྣང་མ་ཡལ་བའི་རྣམ་ཤེས་ཀྱི་རུ་དཔུང་རེད།

    ༡༩༩༨ ལོར་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་ཚེ་སྲོག་གི་མེ་རི་སྦར་བ་ནས་བཟུང་།  ད་ལྟའི་བར་བོད་ཕྱི་ནང་གཉིས་སུ་བཙན་པོའི་ཁྲག་དྲོན་རྒྱུ་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༣༧ གྱིས་འཁྱག་ལ་འབྱར་བའི་མི་རིགས་འདིའི་བླ་སྲོག་མེ་རུ་སྒྲོན་ཏེ། རྒྱ་གཞུང་གི་འཆམ་མཐུན་ཁ་གཡང་འོག་གི་མི་སེར་སྤེལ་བའི་སྲིད་ཇུས་དེ་དམར་རྗེན་དུ་ཕུད་ཡོད་ལ། དཔལ་འབྱོར་ཁེ་ཕན་གྱི་འདོད་རྔམ་གྱིས་བཟི་སྟེ་སོ་སོའི་བླ་རུ་བཀུར་ཞིང་སྲོག་ཏུ་འཛིན་པར་སྒྲོག་པའི་རང་དབང་ཐོབ་ཐང་གི་རིན་ཐང་ཆུ་ལ་སྐུར་བཞིན་པའི་རྒྱལ་ཚོགས་དང་། འཛམ་གླིང་ཤར་ནུབ་ལྷོ་བྱང་གི་རྒྱལ་ཁབ་ཡོངས་ཀྱི་ངོ་གདོང་ཚ་བེར་བེར་བཟོས་ཡོད། འདི་ནི་མེ་རུ་ལྟར་མཆེད་བཞིན་པའི་ཁ་བ་རི་བའི་མི་རབས་འདིའི་དཔའ་སྙིང་གི་གོམ་སྟབས་དང་པོ་དེ་ཡིན།

    སང་ཉིན། རྒྱ་གཞུང་གི་མི་རིགས་ཚར་གཅོད་ཀྱི་སྙིང་ཁམས་ནག་པོ་དེ། ད་དུང་བདེན་པའི་འོད་སྣང་གིས་འབྱེད་མ་ནུས་ཚེ། ཚེ་སྲོག་གི་མེ་རི་འདི་སྐལ་བའི་མེ་དཔུང་དུ་གྱུར་ཏེ། དམར་པོ་ཏང་གི་གློ་སྙིང་མཆིན་གསུམ་བསྲེགས་ངེས་ཡིན་ལ། བྱ་མོའི་དབྱིབས་ཀྱི་ས་ཁྲ་དེའི་ལོ་ངོ་ལྔ་བཅུར་མངལ་ལ་བཟུང་བའི་ས་སྒང་རིལ་མོ་དེའང་མངལ་ལས་འཆོར་སྲིད། དེ་བཞིན། བདེན་པའི་ང་རོ་འདིས་འདོད་རྔམ་གྱིས་བརླམས་པའི་དམངས་གཙོའི་རྒྱལ་ཁབ་དག་གི་ཁ་མིག་ད་དུང་དཀྲོགས་མ་ཐུབ་ཚེ། མེ་དཔུང་དེའི་རླབས་རྒྱུན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིག་མདུན་དང་། ཨ་རིའི་ཕོ་བྲང་གི་མདུན་ཐང་། ཡུ་རོབ་གྲོས་ཚོགས་ཀྱི་སྒོ་ཁ། ཐ་ན། འཛམ་གླིང་ས་སྒང་རིལ་མོ་འདིའི་རི་ཆུ་ཐང་གསུམ་ཡོད་ཚད་ལ་མཆེད་སྲིད།

 

 

འབྲེལ་ཡོད་གསར་འགྱུར།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

ཆུ་ཚོད་ ༡༠ སྔོན་ལ།
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབ།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese