མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་གྲོས་ཚོགས་ནང་བོད་དོན་གྲོས་ཆོད་ཁག་ ༥ བཞག་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཉི་ཧོང་གྲོས་ཚོགས་ནང་ད་ལྟའི་བོིད་ནང་གི་ཛ་དྲག་གནས་སྟངས་ལ་དམིགས་ཏེ་གྲོས་ཆོད་དོན་ཚན་ ༥ ཅན་ཞིག་བཞག་འདུག་པ་དང་། བཀའ་ཁྲི་མཆོག་གིས་རྒྱལ་སྤྱིའི་སྟེང་བོད་དོན་ལ་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

ཉིན་འདིར་འགར་དབུས་བོད་མིའི་སྒྲིག་འཛུགས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཉི་ཧོང་དུ་གཟིགས་སྐོར་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༤ ཉིན་བཀའ་ཁྲི་མཆོག་གིས་ཉི་ཧོང་གྲོས་ཚོགས་ནང་། ཉི་ཧོང་ཆབ་སྲིད་ཚོཊ་པ་ཁག་ ༥ ནས་ཕེབས་པའི་གྲོས་ཚོགས་འཐུས་མི་ ༦༠ དང༌སྐུ་ཚབ་ ༣༥ ཙམ་ལ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་འདུག  སྐབས་དེར་ཉི་ཧོང་གྲོས་གྲོས་ཚོགས་འཐུས་མི་ཚོས་བོད་ནང་རང་ལུས་མེར་བསྲེགས་བཏང་བའི་རྒྱུ་རྐྱེན་གཙོ་བོ། རྒྱ་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་སྲིད་བྱུས་ལག་བསྟར་བྱས་པའི་རྐྱེན་གྱིས་ཡིན་སྟབས། ད་ཆར་རྒྱ་གཞུང་གིས་བོད་མིའི་ཐོག་འཛིན་པའི་དམ་བསྒྲགས་སྲིད་བྱུས་ལ་བསྐྱར་ཞིབ་བྱ་རྒྱུའི་དུས་ལ་བབས་ཡོད་སྐོར་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཐོག་འཆམ་མཐུན་སྤྱི་ཚོགས་བསྐྲུན་དགོས་སྐོར་གྲོས་བསྡུར་གནང་སྟེ། མཐར་བོད་དོན་ཐད་གྲོས་ཆོད་དོན་ཚན་ ༥ ཅན་ཞིག་བཞག་ཡོད་འདུག

གྲོས་ཆོད་ནང་འཁོད་དོན། གཅིག བོད་ནང་ ༢༠༡༡ ལོའི་ཟླ་ ༣ པ་ནས་རང་ལུས་མེར་བསྲེགས་གཏོང་མཁན་མང་དུ་འགྲོ་བཞིན་པའི་གནད་དོན་དེར་ང་ཚོས་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད། བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་གཞུང་གིས་དམ་བསྒྲགས་བྱས་པའི་རྐྱེན་གྱིས་ཡིན་པ་དང་། རྒྱ་གཞུང་གིས་དམ་དྲན་ཅན་གྱི་སྲིད་བྱུས་དེར་བསྐྱར་ཞིབ་བྱ་རྒྱུར་ནན་སྐུལ་ཞུ་རྒྱུ་ཡིན།བོད་མིའི་གཞི་རྩའི་རང་དབང་དང༌།དགོན་སྡེ་ཁག་གི་ནང་དམག་དཔུང་འབོར་ཆེན་འགྲེམས་འཇོག་གིས་རྒྱལ་གཅེས་ཆོས་གཅེས་ལས་འགུལ་སྤེལ་བཞིན་པ་དེར་བསྐྱར་ཞིབ་དགོས་རྒྱུ།

གཉིས། རྒྱ་གཞུང་གིས་ད་བར་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་དགེ་འདུན་པ་དང༌མི་སྐྱ་འཛིན་བཟུང་བྱས་པ་རྣམས་ཀྱི་དངོས་ཡོད་གནས་སྟངས་གང་འདྲ་ཆགས་ཡོད་མེད་གསལ་པོ་བཟོ་དགོས། གསུམ། རྒྱ་གཞུང་གིས་ ༢༠༠༨ ལོར་བོད་ནང་ཞི་རྒོལ་བྱུང་རྗེས་གསར་འགོད་པ་དང༌།ཕྱི་རྒྱལ་མི་སྣ་བོད་ནང་བསྐྱོད་རྒྱུར་བཀག་འགོག་བྱེད་བཞིན་པ་དེར་ངོ་རྒོལ་བྱེད་ཀྱི་ཡོད་ལ། ད་དུང་ཡང་བོད་ནང་དུ་གསར་འགོད་པ་རྣམས་རང་དབང་ཐོག་བསྐྱོད་ཆོག་རྒྱུའི་ནན་སྐུལ་ཞུ་རྒྱུ་ཡིན།

བཞི། རྒྱ་གཞུང་གིས་བཙན་བྱོལ་བོད་གཞུང་དང་ཐད་ཀར་འབྲེལ་ལམ་སྐྱར་གསོ་གནང་སྟེ། དོན་ཕན་ལྡན་པའི་འབྲེལ་མོལ་གང་མགྱོགས་མགོ་འཛུགས་གནང་རྒྱུར་འབད་བརྩོན་བྱ་དགོས། ལྔ། རྒྱ་གཞུང་གིས་བོད་ནང་རྒྱལ་སྤྱིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དམིགས་བསལ་རྟོག་ཞིབ་མི་སྣ་གཟིགས་སྐོར་དུ་ཡོང་འཇུག་དགོས་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཐོག་དམ་བསྒྲགས་བྱ་རྒྱུ་འཕྲལ་དུ་མཚམ་འཇོག་བྱ་དགོས་ཞེས་འཁོད་འདུག

ཕྱི་ཚེས་༣ཉིན་ཉི་ཧོང་( Japan Institute for National Fundamentals ) ཞེས་པའི་གོ་སྒྲིག་འོག བཀའ་ཁྲི་མཆོག་གིས་༼ཨེ་ཤ་ཡའི་རང་དབང་དང་མང་གཙོ་ཐོག་ཉི་ཧོང་གིས་གང་བྱེད་ཐུབ་བམ༽ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་ལ། བགྲོ་གླེང་ཚོགས་འདུ་དེར་ཉི་ཧོང་སྲིད་བློན་ཟུར་པ་དང༌མཁས་དབང་། རྩོམ་པ་པོ།ཤེས་ཡོན་ཅན་སོགས་ཁྱོིན་མི་ ༥༠༠ ལྷག་མཉམ་ཞུགས་གནང་འདུག

ཚོགས་འདུའི་སྟེང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་གནང་རྗེས། བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་གནད་དོན་ཐོག་གསུངས་དོན། “ རྒྱ་གཞུང་གིས་བོད་ནང་ཧ་ལས་པའི་དྲག་གནོན་བྱེད་ཀྱི་ཡོད་སྟབས། བོད་མི་ཚོས་དྲག་གནོན་ལ་མ་བཟོད་པར་ངོ་རྒོལ་མུ་མཐུད་ནས་བྱེད་ཀྱི་ཡོད། ད་བར་བོད་མི་ ༣༣གྱིས་རང་ལུས་མེར་བསྲེཊ་བཏང་སྟེ་རྒྱ་གཞུང་གི་དམ་བསྒྲགས་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད། ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མི་ཚང་མས་རང་གི་ཚེ་སྲོག་ལ་གཅེས་འཛིན་བྱེད་ཀྱི་རེད། མི་སུ་འདྲ་ཞིག་ཡིན་རུང་ཤི་ན་འདོད་མཁན་གཅིག་ཀྱང་ཡོད་པ་མ་རེད། བོད་ནང་གནས་ཚུལ་དེ་དག་ག་རེ་བྱས་ཏེ་ཡོང་གི་ཡོད་པ་རེད་ཟེར་ན། རྒྱ་གཞུང་གི་གདུག་རྩུབ་ཀྱི་སྲིད་བྱུས་དེའི་འོག་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས། འཛམ་གླིང་མི་དམངས་ལ་ཤེས་རྟོགས་ཡོང་ཆེད་བྱ་སྤྱོད་འདིའི་རིགས་སྤེལ་གྱི་ཡོད ” ཅེས་གསུངས་འདུག  

བཀའ་ཁྲི་མཆོག་གིས་མུ་མཐུད་དུ་སྔོན་མ་དཀྱིལ་ཤར་ཡུལ་གྲུ་ཊོ་ནེ་ཤི་ཡའི་ནང་གཞོན་སྐྱེས་ཤིག་གིས་རང་ལུས་མེར་བསྲེགས་གཏོང་སྐབས། རྒྱལ་སྤྱིའི་སྟེང་ཁོང་གི་ལས་འགུལ་དེར་གདུང་སེམས་མཉམ་སྐྱེད་ཀྱིས་རྒྱབ་སྐྱོར་ཆེན་པོ་གནང་ཡོད་ཀྱང་། བོད་མིའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ལ་རྒྱལ་སྤྱིའི་སྟེང་དོ་སྣང་དེ་ཙམ་བྱེད་ཀྱི་མེད་སྐོར་དང་། བོད་མི་ ༣༣ ཙམ་གྱིས་རང་ལུས་མེར་བསྲེགས་གཏོང་དགོས་དོན་ནི། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་བོད་ལ་རང་དབང་འཐོབ་ཆེད་དུ་ཡིན་པ། ཁོང་ཐེངས་འདིར་ཉི་ཧོང་དུ་ཡོང་དོན་ནི་ཁོང་ཚོའི་རེ་འདུན་དེ་ཉི་ཧོང་མང་ཚོགས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་འབོད་སྐུལ་ཞུ་རུ་ཡོང་བ་ཡིན་སྐོར་གསུངས་འདུག

ཚོགས་འདུའི་མཇུག་ཏུ་བཀའ་ཁྲི་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་། བོད་རྒྱ་འབྲེལ་མོལ་གྱི་གྲུབ་འབྲས་དང་ད་ལྟའི་གནས་སྟངས།  ༸རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་བཅས་ཀྱི་ཐད་རྒྱལ་སྤྱིའི་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད་པ་རེད།

གཟའ་ཟླ་བའི་ཉིན་རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པས་ཉི་ཧོང་གཞུང་གིས་བཀའ་ཁྲི་མཆོག་ཉི་ཧོང་ནང་ཕེབས་བཅུག་པར་ངོ་རྒོལ་ཡོད་སྐོར་དང་།  བཀའ་ཁྲི་མཆོག་ལ་ཉི་ཧོང་ནང་ཆབ་སྲིད་ཀྱི་བྱེད་སྒོ་སྤེལ་མི་འཇུག་པར།  ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྲུང་སྐྱོབ་བྱ་དགོས་པའི་རེ་སྐུལ་བཏོན་ཡོད་འདུག 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

སྐར་མ ༢༩ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

སྐར་མ ༤༨ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 11

  1. མི་རྒོད། says:
    ལོ་ 14 སྔོན།

    ཧ་ཧ་་ཧ་་། ཀླུ་སྨྱོན་གྱིས་ཚིག་འདི་ངོ་མ་གོ་བ་ཞིག་ཡོད་ལེ་ད།།།

    Reply
  2. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    གྲོས་ཆོད་ལག་ལེན་འཁེལ་ན་ཕན་ཡོད་ཡིན། །གྲོས་ཆོད་ལག་ལེན་མེད་ན་ཕན་མེད། །ལོ་ངོ་ལྔ་བཅུའི་རིང་གི་གྲོས་ཆོད་ལ། །ཕན་ཐོག་ཡོད་མེད་ཅི་རིགས་བྱུང་བ་གསལ། ཀླུ་སྨྱོན་སྨྱོ་བའི་གཏམ་གྱི་ཟློས་གར་ལའང་། །ཕན་དང་གནོད་པའི་ཁ་ཕྱོགས་གཉིས་ཀ་ཡོད།། །།

    Reply
  3. ལུང་རྟོགས། says:
    ལོ་ 14 སྔོན།

    སྲིད་སྐྱོང་མཆོག་གི་མཛད་རྗེས་ལ་མངོན་པར་བསྟོད་དོ།

    Reply
  4. ཚངས་སར་འཕྲིན་ལས། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གི་མཛད་རྗེས་ལ་བརྟེན་འབྲེལ་ཞུ། རྒྱལ་ཁའི་འོད་སྣང་དེ་རྟག་ཏུ་འབར་བའི་རེ་སྨོན་ཡོད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བཀའ་དྲིན་ཆེའོ། ཉི་ཧོང་གྲོས་ཚོགས་ལགས། བཀྲ་ཤིས་པའི་སྨོན་འདུན་བཅས།

    Reply
  6. གནས་ཚང་། says:
    ལོ་ 14 སྔོན།

    གཟི་བརྗིད་ཀྱི་འཚམས་གཟིགས། ཕྱི་འབྲེལ་གྱི་རྒྱལ་ཁ། གངས་རྗེ་བློ་སེང་སྐུ་ཚེ་བརྟན་པར་ཤོག གངས་རིའི་ལྗོངས་སུ་རང་དབང་འདྲེན་པར་ཤོག ད་ལྟའི་བར་ཉི་ཧོང་ནང་འདི་འདྲའི་གྲུབ་འབྲས་ལྡན་པའི་བོད་དོན་གྲོས་ཆོད་ཅིག་བྱུང་མྱོང་ངམ།

    Reply
  7. ཀླུ་སྨྱོན། says:
    ལོ་ 14 སྔོན།

    གྲོས་ཆོད་ཟེར་བ་ཤོག་སྐྱ་རླུང་ཁུར་རེད། །
    ཕན་མེད་གནོད་མེད་ཉི་མ་འཁྱོལ་ཐབས་རེད། །
    ལོ་ངོ་ལྔ་བཅུའི་རིང་གི་གྲོས་ཆོད་དག །
    བསྡོམས་ན་སྟོང་ཁར་ལོངས་ཀྱང་སྟོང་པ་རེད། །

    Reply
  8. ཤིང་ལོ། says:
    ལོ་ 14 སྔོན།

    བཀའ་ཁྲིས་འཇོན་གྱི་ཡོད་རུང་།།
    རྒྱ་ནག་མཁྲེགས་པོ་ལྕགས་རེད།།
    ལྕགས་ནག་གཅོད་བྱེད་རྣོ་རེད།།
    རྣོ་དེ་གྲོས་ཆོད་ཡིན་ནམ།།

    Reply
  9. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པརཉི་ཧོང་གི་གྲོས་ཚོགས་ནང་བོད་དོན་གྱི་གྲོས་ཆོད་ལྔ་བཞག་པར་ཐུགས་རྗེ་ཆེ་ཞུ།  ཡིན་ཡང་ཆབ་སྲིད་ཀྱི་གཟུགས་བརྙན་ཙམ་ཞིག་དང་ཤོག་ཐོག་ལ་བཀོད་པ་ཙམ་མ་ཡིན་པ་ཁ་ཞེ་གཉིས་མེད་ཀྱིས་བདེན་པའི་རྒྱབ་ལངས་ཡོང་བར་ངེད་བོད་མི་ས་ཡ་དྲུག་གིས་མིག་འབུར་གྱིན་ལྟ། རྣ་བ་བླགས་ཏེ་ཉན་ནས་བསྡད་ཡོད་པས་གྲོས་ཆོད་དོན་འཁྱོང་ཡོང་བའི་རེ་སྐུལ་ནན་གྱི་ཕུལ་ལོ།།

    Reply
  10. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    བཀུར་འོས་བཀའ་ཁྲི་མཆོག་ལ་འཚམས་འདྲི་དང་བཅས་སྐུ་ཉིད་བོད་ཀྱི་བདེན་མཐའ་གསལ་སླད་ཡུལ་གྲུ་གང་སར་སྐོར་བསྐྱོད་ལ་ཕེབས་གནང་བར་དགའ་བསུ་ཞུ། ཡིན་ནའང་འདི་ལྟ་བུའི་རྒྱལ་ཁབ་སོ་སོའི་ནང་གཞུང་འབྲེལ་དང་དེ་མིནགྱི་གནས་ཡོད་མི་སྣ་མཇལ་འཕྲད་ཀྱི་གོ་སྐབས་དང་དོ་སྣང་རྟག་པར་ཡོང་དཀའ་བས་སྐུ་ངལ་དང་ལེན་གྱིས་དང་པོ་ཉིད་ནས་འཆར་གཞི་དང་ལྡན་པའི་རང་གི་ཚོར་དང་འབྲེལ་ནས་བོད་དོན་ངོ་སྤྲོད་དང་དེ་ལ་རྒྱབ་སྐྱོར་འཚོལ་ཐབས་གནང་རྒྱུ་ཤིན་ཏུ་གལ་ཆེ་བ་དང་། འདྲ་ཆགས་པོ་ཞིག་གི་སྐོར་བསྐྱོད་བར་གྱུར་ན་ཉེན་ཁའི་རང་བཞིན་ཞིག་གི་དུས་ལ་སླེབས་པ་མཁྱེན་དགོས། མདོར་ན་བོད་རྒྱ་ཆེའི་མི་མང་གི་ད་ལྟའི་བདེ་སྡུག་དང་མ་འོངས་པའི་མདུན་ལམ་སྲོག་དང་བཅས་པ་སྐུ་ཉིད་དང་ཐད་ཀར་འབྲེལ་བ་ཡོད་པས་ཐུགས་གཟབ་གནང་རོགས་ཞེས་གསོལ་བ་ཕུར་ཚུགས་སུ་འདེབ་བཞིན་ཡོད།།།།

    Reply
  11. ནོར། says:
    ལོ་ 14 སྔོན།

    གྲོས་ཆོད་ཁག་ལྔ་བཞག་པ་མ་རེད། དོན་ཚན་ལྔ་ཅན་གྱི་གྲོས་ཆོད་གཅིག་བཞག་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese