༄༅། །གཏོང་ཕོད་ལྷག་བསམ་གྱིས་ཕྱུག་པའི་རང་རིགས་སེར་སྐྱ་བགྲེས་གཞོན་ཡོངས་ལ་གུས་ཞུ།
སངས་རྒྱས་སྨན་ལྷ་ནད་པའི་རོགས་ཚོགས་ནས་ལག་གཉིས་ཐལ་མོ་སྦྱར་ཏེ་ཞུ་གསོལ། རོགས་ཚོགས་འདི་ནི་རྒྱ་གར་གཞུང་གི་མངའ་འོག་ཁྲིམས་མཐུན་དེབ་སྐྱེལ་ཞུས་པ་ཡིན་པ་དང་། པན་ཇཱབ་མངའ་སྡེའི་ཅནྡི་གར་དུ་འཕྲོད་བསྟེན་སྨན་བཅོས་ཆེད་ཕེབས་མི་ཡོངས་ལ་ཚོགས་པ་འདི་བརྒྱུད་རོགས་ཕན་མུ་མཐུད་ཞུ་མུས་ལགས། ད་ལྟའི་ཆར་འདི་ག་ཅནྡི་གར་སྨན་ཁང་དུ་རང་རེའི་ཤ་ཁྲག་གཅིག་པའི་སྤུན་ཟླ་ཨ་མ་ཅུང་ལགས་ཕྱི་ནང་སྨན་གཏུགས་དང་རྒྱབ་རྟེན་ཞབས་རིམ་འཁོས་དཔག་ཇི་ལྟར་བསྒྲུབས་ཀྱང་ཕན་སྐྱེད་མེད་པར་མཁལ་མ་བེད་མེད་དུ་གྱུར་རྐྱེན་གྱིས་ད་ཆ་ཛ་དྲག་གི་གནས་སྟངས་མཚམས་སུ་སླེབས་ཡོད་པར་བརྟེན། སྨན་པས་ཀྱང་དལ་རྟེན་མི་ལུས་ཡུན་འཚོ་ཐུབ་ཆེད་མཁལ་ཚབ་ཅིག་འཛུགས་ཐབས་བྱ་དགོས་གལ་ནན་ལམ་སྟོན་བཀའ་སློབ་གནང་ཡང་།
ཁོང་ཉིད་ཀྱི་ཁྱིམ་ཚང་གནས་སྟངས་དབང་གིས་སྐབས་ཐོག་འགྲུབ་དཀའ་བར་རྒྱ་ཆེའི་རང་རིགས་གཏོང་ཕོད་ཅན་རྣམས་ནས་སྙིང་རྗེ་བྱམས་གཟིགས་དགོངས་ཡངས་གང་ཆེས་མཁལ་ཚབ་ཅིག་ཞལ་འདེབས་སུ་གནང་སྐྱོང་སྐྱབས་འཇུག་ཡོང་བའི་རེ་སྐུལ་གསོལ་འདེབས་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན། སངས་རྒྱས་སྨན་ལྷ་ནད་པའི་རོགས་ཚོགས་ཐུན་མོང་ནས་ཕྱི་ལོ་ ༢༠༡༢ ཟླ་བ ༠༣ ཚེས་ ༠༡ ལ་ཕུལ།།
ནད་པའི་མིང། ཨ་མ་ཅུང་ལགས། རང་ལོ། ༥༣
མཁལ་མ་གཏོང་ཕོད་ཅན། ཁྲག་གི་སྡེ་ཚན། b+va
འབྲེལ་གཏུགས་བྱ་ཡུལ་བློ་བཟང་ལགས། ཞལ་པར་ཨང་ ༩༨༨༨༦༦༦༠༤༩ སངས་རྒྱས་སྨན་ལྷ་ནད་པའི་རོགས་ཚོགས་ནས་ཟླ་ཚེས་བཟང་པོར་ཕུལ།།