མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་མཁས་པའི་ལྷན་ཚོགས་ཐོག་མ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་ལྷག་པའི་ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ། འཛམ་གླིང་གི་སྣེ་གསུམ་པ་བོད་དང་དེའི་གོ་ལའི་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག  བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་མཁས་པའི་ལྷན་ཚོགས་བགྲོ་གླེང་ཐེངས་དང་པོ་དེ་ཚོགས་སོང་།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་དྲུང་ཆེ་དང་འཐུས་མི། རང་དབང་སྡེ་ཚན་དང་ཚོགས་པ་ཁག་གི་འགན་འཛིན་བཅས་ཚོགས་ཞུགས་པ་ ༨༠ ལྷག་མཉམ་ཞུགས་ཐོག བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ལྷན་ཚོགས་དབུ་འབྱེད་གསུང་བཤད་གནང་རྗེས། གདན་ཞུས་སྐུ་མགྲོན་གཙོ་བོ་རྒྱ་གར་གཞུང་ཚབ་ཟུར་པ་ངྷཱ་ལིབ་(Dalip Mehta) ལགས་ཀྱིས་བོད་དང་རྒྱ་དཀར་ནག ཨེ་ཤ་ཡའི་བདེ་འཇགས་སྐོར་དང་། དབྱིན་ཡུལ་ནས་ཡིན་པ་བོད་དོན་ཉམས་ཞིབ་པ་མཱ་ཐུཝ་(Matthew Akester) ལགས་ཀྱིས་བོད་ནང་གི་གཏེར་ཁ་སྔོག་འདོན་སྐོར་དང་། དེ་བཞིན་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ཀྱི་འབྲོག་པའི་སྐོར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་པ་འཕྲིན་ལས་འཇིགས་མེད་ཀྱིས་ཡར་ཀླུང་གཙང་པོའི་སྟེང་གི་ཆུ་རགས་སྐོར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་པ་བསྟན་འཛིན་དོན་ལྡན་གྱིས་བོད་ནང་གི་གཏེར་དངོས་སྐོར་བཅས་ཀྱི་ཐད་གཏམ་བཤད་དང་དྲི་བ་དྲིས་ལན་བྱས་སོང་།

ཐོག་མར་བཀའ་ཁྲི་མཆོག་གིས་ལྷན་ཚོགས་དབུ་འབྱེད་གསུང་བཤད་སྐབས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གསར་འཛུགས་བྱས་པ་ནས་ཕྱོགས་གང་ཐད་ནས་འཕེལ་རྒྱས་སུ་འགྲོ་བཞིན་པ་དང་། ལོ་རེར་འདི་འདྲའི་མཁས་པའི་བགྲོ་གླིང་ལྷན་ཚོགས་ཐེངས་གཉིས་རེ་དང་། ཉིན་གསུམ་ཙམ་རིང་གི་བགྲོ་གླེང་ལྷན་ཚོགས་རྒྱས་པ་གཅིག་རེ་བཅས་འཚོགས་འཆར་ཡོད་ཚུལ། མ་འོངས་པར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དག་གིས་ཉམས་ཞིབ་ཀྱི་ཡིག་ཆ་དང་རྩོམ་ཡིག་སོགས་བོད་པའི་སྤྱི་ཚོགས་དང་རྒྱ་གར་རྒྱལ་ཡོངས་དུས་དེབ་ཁག རྒྱ་ཆེ་ས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་འདོན་སྤེལ་བྱ་ཐུབ་པའི་ཚད་གཞི་ཞིག་གི་སྟེང་འགྲོ་ཐུབ་པའི་རེ་བ་དང་དམིགས་འབེན་འཛིན་གྱི་ཡོད་ལུགས་དང་། དེ་བཞིན་བོད་ནི་འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། ཁོར་ཡུག་དང་རང་དབྱུང་གཏེར་དངོས། ལྷག་པར་དུ་བོད་ཀྱི་ཆུ་ཆེན་བཅུ་ལྷག་རྒྱ་ནག་དང་རྒྱ་གར་གཙོས་པའི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་ནང་འབབ་ཀྱི་ཡོད་པ་དང་། ས་ཁུལ་དེ་དག་གི་མི་མང་དུང་ཕྱུར་མང་པོའི་འཚོ་གནས་དང་འབྲེལ་བ་དམ་ཟབ་ཡོད་སྟབས། རྒྱ་གཞུང་གིས་བོད་བཙན་འཛུལ་བྱས་པ་ནས་བོད་ཀྱི་ཤིང་ནགས་གཅོད་འབྲེག་དང་གཏེར་ཁ་སྔོག་འཐོན། གཞུང་ལམ་དང་གྲོང་ཁྱེར་འཛུགས་སྐྲུན། ཆུ་ཆེན་དག་གི་ཁ་ཕྱོགས་སྒྱུར་བའམ་ཆུ་མཛོད་དང་གློག་ཁང་རྒྱག་པ་སོགས་ཀྱིས་འཛམ་གླིང་གི་སྣེ་གསུམ་པར་འབོད་པའི་བོད་ཀྱི་ཁོར་ཡུག་ལ་གཏོར་བརླག་ཚབ་ཆེན་བཟོས་དང་བཟོ་བཞིན་པ་དེས། བོད་ཙམ་མིན་པར་ཨེ་ཤ་ཡ་དང་འཛམ་གླིང་ཧྲིལ་བོར་གནོད་འཚབ་ཆེན་པོ་འབྱུང་གི་ཡོད་སྐོར་གསུངས་སོང་།

རྒྱ་གར་གཞུང་ཚབ་ཟུར་པ་སྐུ་ཞབས་ངྷཱ་ལིབ་ལགས་ཀྱིས་ལྷན་ཚོགས་སྟེང་གནང་པའི་གཏམ་བཤད་ནང་། ཨེ་ཤ་ཡའི་རྒྱལ་ཁབ་ཆེ་ཤོས་རྒྱ་དཀར་ནག་གི་འབྲེལ་ལམ་དེ་ཨེ་ཤ་ཡ་མངའ་ཁུལ་བདེ་འཇགས་ཀྱི་གནད་དོན་གལ་ཆེན་ཞིག་ཆགས་ཡོད་ཅིང་། བོད་རང་བཙན་མ་ཤོར་གོང་རྒྱ་དཀར་ནག་ལ་མཐའ་མཚམས་རྩོད་རྙོག་གི་གནས་ཚུལ་བྱུང་མྱོང་མེད་པ་མ་ཟད། བོད་ནི་ཨེ་ཤ་ཡའི་གླིང་གི་ཞི་འཇགས་གཏན་གནས་ཀྱི་ས་ཁུལ་གལ་ཆེན་ཞིག་ཡིན་ཡང་། ༡༩༤༩ ལོར་རྒྱ་གཞུང་གིས་བོད་བཙན་ལ་འཛུལ་བྱས་པ་ནས་རིམ་བཞིན་རྒྱ་ནག་གིས་བོད་ནང་དམག་གི་རྟེན་གཞི་རྒྱ་སྐྱེད་དང་། གཞུང་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་བཞིན་པ་དེས་རྒྱ་གར་གཙོས་པའི་ཉེ་འཁོར་རྒྱལ་ཁབ་ཁག་ལ་བཙན་འཛུལ་འཇིགས་སྐུལ་བྱས་པ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་གར་བྱང་ཤར་མཐའ་མཚམས་ཨག་སའེ་(Aksai Chin) ཡི་སྤྱི་ལེ་ ༥༣༠༠༠ ཙམ་གྱི་ས་ཆ་བཙན་བཟུང་བྱས་པ་མ་ཟད། ཨ་རུ་ན་ཅལ་ཁུལ་གྱི་སྤྱི་ལེ་ ༨༣༠༠༠ ཡོད་པའི་ས་ཆ་རྒྱ་ནག་གི་ས་ཁོངས་ཡིན་པར་ཧམ་བཤད་བྱས་སྟབས། ༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག་དེ་བྱུང་ཡོད་པ་དང་། ༢༠༡༡ ནས་ ༢༠༡༥ བར་རྒྱ་གཞུང་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་ཐད་ཨ་སྒོར་ཐེར་འབུམ་ ༧་༣  གཏོང་འཆར་དང་། རྒྱལ་ཁོངས་བདེ་འཇགས་ཐད་བརྒྱ་ཆ་ ༡༡ འཕར་སྣོན་གྱིས་ད་ཆར་རྒྱ་ནག་གི་བདེ་འཇགས་ཐད་ཀྱི་འགྲོ་གྲོན་ལོ་རེར་ཨ་སྒོར་ཐེར་འབུལ་ ༡༠༠ བརྒལ་ཡོད། དེ་ནི་རྒྱ་གར་དང་ཉེ་འཁོར་རྒྱལ་ཁབ་དག་གི་ཉེ་ཁ་ཞིག་ཆགས་ཡོད་པ་བཅས་ཀྱིས། བོད་རང་བཙན་ཤོར་པ་དེས་བོད་ཙམ་མ་ཡིན་པར་ཨེ་ཤ་ཡའི་རང་དབང་དང་བདེ་འཇགས་ལ་ཉེན་འཚབ་འཕྲད་ཡོད་སྐོར་བརྗོད་སོང་།

ད་དུང་། སྐུ་ཞབས་ངྷཱ་ལིབ་ལགས་ཀྱིས། བོད་ཡུལ་གྱིས་ད་ལྟའི་རྒྱ་ནག་གི་སའི་རྒྱ་ཁྱོན་བཞི་ཚན་གཅིག་ཟིན་ཡོད་པ་དང་། དེའི་ནང་གི་རང་བྱུང་གཏེར་དངོས་རིགས་ནི་རྒྱ་ནག་གི་དཔལ་འབྱོར་གྱི་ཐོན་དངོས་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། ལྷོ་ཤར་ཨེ་ཤ་ཡ་དང་རྒྱ་ནག་མི་མང་ས་ཡ་མང་པོ་བོད་ནས་འབབ་ཀྱིན་པའི་ཆུ་ཆེན་དག་ལ་རྟེན་ཡོད་སྟབས། རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་ཁོར་ཡུག་གཏོར་བརླག་གཏོང་བཞིན་པ་དང་། རྒྱ་གར་ཚུད་པའི་ཨེ་ཤ་ཡའི་ཁོར་ཡུག་བདེ་འཇགས་དང་མངའ་ཁུལ་བརྟན་བརླིང་ལ་འཕྲད་བཞིན་པའི་ཉེན་ཁ་དེ་རྒྱ་གར་གཞུང་གིས་སྣང་མེད་དུ་འཇོག་ཐབས་མེད་པ་ཞིག་ཡིན་ཞིང་། འདས་པའི་ལོ་རྒྱུས་ནང་རྒྱ་གར་གཞུང་གིས་བོད་དོན་ཐད་ནོར་འཁྲུལ་བཟོས་པའི་གནས་ཚུལ་དེ་དག་བསྐྱར་དུ་མི་འབྱུང་བ་བྱ་དགོས་པ་དང་། མ་འོངས་པར་བོད་རྒྱ་ཞི་འགྲིག་གི་གནད་དོན་ཐག་གཅོད་ཐད་རྒྱ་གར་གཞུང་གིས་བར་འདུམ་རྐང་འགན་འཁུར་དགོས་ཀྱི་ཡོད་པ་བཅས་ཀྱི་སྐོར་ནས་གཏམ་བཤད་གནང་སོང་།

གསར་འགོད་པ། བནྡེ་སྐྱབས།

 
 
 

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 13

  1. མི་རྒོད། says:
    ལོ་ 14 སྔོན།

    བློ་གྲོས་མཚོ་ལྟར་རྒྱས་པའི་རབས་འབྱམས་པ།
    བཟང་རྟགས་དགུང་ན་མངོན་པའི་སྲིད་སྐྱོང་བ།།
    སེང་དར་ལུགས་གཉིས་སྐྱོང་བའི་བློ་ལྡན་ཁྱེད།།
    གེ་སར་རྒྱལ་དང་མཚུངས་པ་མ་མཆིས་སོ།།
    བོད་དོན་ཉམས་ཞིབ་ལས་འགོ་ཚུགས་པ་དེ།།
    བོད་འབངས་བྱིས་པ་རྣམས་ལ་ཀ་ཁ་ག།།
    བོད་ལ་དམ་བཅའ་ཕུལ་བའི་རྣམ་དཔྱོད་དེས།།
    བོད་དུ་བསྟན་སྲིད་དར་རྒྱུའི་སྔ་ལྟས་ཡིན།།།།
    ངས་བསྟོད་ཐུང་དེ་དུས་བབ་ཚང་ནས་འགོད་པ་ཤོག་ཞེས་སྨོན་་་་་་་་་་་་་་་།

    Reply
  2. མི་རྒོད། says:
    ལོ་ 14 སྔོན།

    ད་དུས་བབ་ཚང་ལ་མཆན་ག་ཚོད་སྤེལ་ནའང་ཕན་ཐོགས་མེད་པ་འདྲ། མི་རིང་བའི་དུས་ཚོད་ནང་གསར་ཤོག། ( དར་མའི་སྙིང་སྟོབས ) ཞེས་པ་ཞིག་ཧ་ཅང་གལ་ཆེ་བས་དེར་དུས་རབས་ ཉེར་གཅིག་གོམས་བསྐྱོད་བྱེད་ཆོག་པ་བཅས། དུས་བབ་ལ་གཟིམ་མཇལ་གནང་གོ།།།།

    Reply
  3. བདེ་རྒྱལ། says:
    ལོ་ 14 སྔོན།

    མཆན་འདེབས་ས་ནོར་འདུག་གསུབ་རོགས།

    Reply
  4. བདེ་རྒྱལ། says:
    ལོ་ 14 སྔོན།

    དེང་སང་སྤྱི་ཚོགས་ནང་དཀྲུགས་ཤིང་འཕེན་མཁན་ཇེ་མང་ཡིན་པ་ལྟར། ཀིརྟིའི་སྒྲོལ་དཀར་ལྷ་མོའི་སྐོར་གྱི་གནས་ཚུལ་ཐད་མོ་རང་གིས་གསར་ལམ་བརྒྱུད་གསལ་བསྒྲགས་མ་བྱས་པར་བདེན་ཆ་མེད་པ་ཞིག་ལ་ངོས་འཛིན་བྱེད་ངེས།

    Reply
  5. སྤང་མདའ་སྟོབས་རྒྱས། says:
    ལོ་ 14 སྔོན།

    མི་རྗེ་བཀའ་ཁྲི་ཁོང་གི་སྙིང་ཁོང་ནས་ཡོད་པའི་གལ་ཆེ་བའི་ལས་གཞི་འདི་མུ་འཐུད་ཡར་རྒྱས་དང་རེ་སྨོན་བཞིན་འགྲུབ་པའི་སྨོན་འདུན་ཞུ།

    Reply
  6. རོ་ལངས། says:
    ལོ་ 14 སྔོན།

    འདི་ནི་སྲིད་སྐྱོང་ལགས་ཀྱི་བྱས་རྗེས་དང་། གསར་གཏོད་དུ་བགྲངས་འོས་པར་འདོད།།

    Reply
  7. མི་རྒོད། says:
    ལོ་ 14 སྔོན།

    ངེད་དྲྭ་གྲོགས་ཡུལ་གྱར་གྱི་འཚེར་ས་ནས་དགོངས་ཆགས་སྟོན་པ་དེ་དྲྭ་ཡི་ས་སྐྱོང་བ་ཡོང་ནས་དང་ལེན་གནང་དགོས།
    དེ་ནས་འདི་ལྟར་ཐལ་ལོ།
    ངེད་དྲྭ་བ་མང་གཙོའི་ལྡིང་ས་རེད།
    ངེད་དྲྭ་གྲོགས་རིག་པ་བསྡུར་ས་རེད།
    ངེད་དྲྭ་བ་ཐོས་བསམ་ཡུལ་ས་རེད།
    ངེད་མང་གཙོའི་གོ་དོན་སྤེལ་ས་རེད།
    བོད་རིག་པ་སྤེལ་ན་འདི་རུ་ཕེབས།
    བོད་དར་རྒྱས་དགོས་ན་འདི་རུ་ཕེབས།
    བོད་ཤེས་པ་འདོད་ན་འདི་རུ་ཕེབས།
    བོད་ཕ་སྐད་སྐྱོན་ན་འདི་རུ་ཕེབས།།་་་་་་་ འདི་རུ་ཕེབས་ཤོག་ཨང་།།།།

    Reply
  8. ལུང་རྟོགས། says:
    ལོ་ 14 སྔོན།

    བོད་གངས་ཅན་བསྟན་པ་ཇེ་དར་རེད།།
    རྒྱ་ནག་པའི་མགོ་འཕང་ཇེ་དམའ་རེད།།

    Reply
  9. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    གསར་འགོད་པས་ནོར་བ་རེད་སྙམ། གང་ལྟར། འཕྲིན་ལས་འཇིགས་མེད་ལགས་ཀྱིས་སྤྱད་པའི་དབྱིན་ཚིག་དེ་བཏོན་ནས་དཔྱད་ན་ས་རིས་ཐང་གསལ་ཆགས་ངེས་རེད་དོ།།

    Reply
  10. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    རགས་རྒྱག་པ་ནི་ཆུ་ཕྲན་འགོག་པ་དང་གཙང་བོ་འགོག་པའང་གོ་དགོས་བར་མཐོང་།
    འོན་ཀྱང་ཆུ་རགས་དང་ཆུ་མཛོད་གཉིས་ཁ་ཁར་དབྱེ་དགོས།

    Reply
  11. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    མི་ཆུང་གི་མཆན་ལ་རྒྱབ་སྐྱོར་ཡོད། ཐ་སྙད་གང་བྱུང་དུ་བེད་སྤྱད་ན་ནམ་ཞིག་མ་དག་རྒྱུན་འཇམས་སུ་སོང་སྟེ་བརྡ་དག་ལ་གཞི་འཛིན་ས་མེད་པ་དང་། གོ་བ་ལོག་པ་ཁོ་ན་ཡོང་བའི་ཉེན་ཁ་ཧ་ཅང་ཆེ། བོད་ཡུལ་སྟོད་སྨད་བར་གསུམ་དུ་ངག་ཐོག་ནས་གོ་བརྡ་མི་འཕྲོད་ས་ཆེས་མང་ཡང་ཡིག་རྨོངས་སེལ་ཞིག་ཡིན་ཕྱིན་ཆད་ཡིག་ཐོག་ནས་མི་གོ་བའི་དཀའ་ངལ་གང་ཡང་མེད་པ་ཉིད་ནི་བརྡ་སྤྲོད་རང་སྟེང་གི་ཁྱད་ཆོས་ཡིན་པས་འདི་གཅེས་ཉར་མེད་པར་གང་བྱུང་དུ་སྤྱོད་ན་བོད་གཞི་བྱེས་གཉིས་བར་ངག་ཐོག་ལྟ་ཞོག་ཡིག་ཐོག་ནས་གོ་བརྡ་མི་འཕྲོད་པ་འགྱུར་རྒྱུ་ཉག་གཅིག་ཡིན། དེ་བཞིན་སྲིད་བྱུས་དང་སྲིད་ཇུས་བར་ཁྱད་པར་ཡོད་མེད་མི་ཤིས། ངས་ནི་སྲིད་ཇུས་ཟེར་བའི་ཇུས་དེ་ཇུས་འདིར་ངོས་འཛིན་བཞིན་ཡོད།

    Reply
  12. མི་རྒོད། says:
    ལོ་ 14 སྔོན།

    མི་ཆུང་གི་བསམ་གྲོས་ལེགས་སོ། ཁྱེད་མི་ཆུང་ཡིན་ཡང་། དོན་མི་ཆེན་རེད་ཤག་ཨ་མའི་བུ་ལ་ཡོན་་་་་་་་་་་་་་་་་་་

    Reply
  13. མི་ཆུང་། says:
    ལོ་ 14 སྔོན།

    ཉམས་ཞིབ་པ་འཕྲིན་ལས་འཇིགས་མེད་ཀྱིས། ཡར་ཀླུང་གཙང་པོ་དང་། དེའི་སྟེང་། ཆུ་རགས། ཐ་སྙད་འདི་ཚོ་གསར་འགོད་པའི་སྐྱོན་དུ་མི་སེམས། གསར་འགོད་པས་ཉམས་ཞིབ་པ་དེའི་སྐད་ཆ་འདི་གར་ཕབ་པ་དེ་རེད།

    ངོ་མ་བརྗོད་དགོས་པ་ནི། ཡང་ཀླུང་གཙང་པོར་ཆུ་མཛོད། ཅེས་པ་དེ་རེད། མ་གཞི་ནས་བཙལ་བྱོལ་ནང་གི་བརྙན་འཕྲིན་ནང་དང་གཏམ་བཤད་པ་ཚང་མས། བོད་གངས་ཅན་ལྗོངས་སུ་ལོ་བརྒྱ་ཕྲག་གོང་ནས་ཡོད་པའི། ཐ་སྙད་ཆུ་མཛོད་ཅེས་པ་དེར་ནམ་ཡིན་ཡང་ཆུ་རགས་ཞེས་བེད་སྤྱོད་ཀྱིན་འདུག

    ཆུ་རགས་དང་ཆུ་མཛོད་གཉིས་ནི་རྦད་དེ་ཐ་དད་རེད། རྒྱ་མིས་གང་བྱུང་དུ་ཆུ་མཛོད་མང་པོ་རྒྱག་གི་ཡོད་པ་ལས། ཆུ་རགས་རྒྱག་གི་མེད། ཆུ་རགས་ནི་ལུང་པ་སོ་སོའི་ནང་དང་། གྲོང་ཚོའི་གཡས་གཡོན་སོགས་སུ། ཆུ་ཡི་གནོད་པ་འགོག་ཆེད་དུ་བརྒྱབ་པའི་རགས་ལ་ཟེར་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese