མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེ་རི་ཡའི་དྲག་གནོན་མཚམས་འཇོག

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་ཕུར་བའི་ཉིན་ནས་སེ་རི་ཡའི་གཞུང་གིས་གྱེན་ལངས་ཤོག་ཁག་སྟེང་དྲག་གནོན་བྱེད་མཚམས་བཞག་ཡོད་ཀྱང་།ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ད་དུང་དོགས་ཟོན་ཆེན་པོས་རྟོག་ཞིབ་བྱེད་བཞིན་ཡོད་འདུག

ཉེ་བའི་དུས་ནས་རྒྱལ་ཚོགས་དྲུང་ཆེ་ཟུར་བ་ཀོ་ཧྥེ་ཨན་ནན་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས་ཀྱི་དམིགས་བསལ་འཐུས་ཚབ་བྱེད་དེ།སེ་རི་ཡའི་གཞུང་དང་གྱེན་ལངས་ཤོག་ཁག་བར་ཞི་འགྲིག་གྲོས་མོལ་བྱེད་ཀྱི་ཡོད་པ་ལྟར།དེ་རིང་ནས་སེ་རི་ཡའི་གཞུང་གིས་ཀོ་ཧྥེ་ཨན་ནན་གྱི་གྲོས་དོན་གཞིར་བཞག་གིས་གྱེན་ལངས་མང་ཚོགས་སྟེང་མེ་མདའ་རྒྱག་པ་དང་དྲག་གནོན་བྱེད་པའི་བྱ་སྤྱོད་མཚམས་འཇོག་བྱས་ཡོད་འདུགའོན་ཀྱང་།ད་སྔ་གྲོང་ཁྱེར་དང་ས་གནས་ཁག་ཏུ་ཡོད་པའི་གཞུང་གི་དྲག་ཆས་དམག་མི་ཕྱིར་འཐེན་བྱེད་རྒྱུར་ཁས་ལེན་བྱས་ཡོད་ཀྱང་ལག་བསྟར་བྱས་པའི་བདེན་དཔང་ཁ་གསལ་བྱུང་མེད་སྟབས།ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མུ་མཐུད་སེ་རི་ཡའི་གཞུང་གིས་ཆོད་དོན་ཁག་ལག་བསྟར་བྱེད་མིན་ལ་རྟོག་ཞིབ་བྱ་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་འདུག

ཞི་འགྲིག་གྲོས་མོལ་བ་ཀོ་ཧྥེ་ཨན་ནན་གྱིས་སེ་རི་ཡའི་གཞུང་ལ་བཏོན་པའི་གྲོས་དོན་ཁག་ནི།མང་ཚོགས་སྟེང་གཞུང་དམག་གིས་དྲག་གནོན་བྱེད་ཀྱིན་པ་མཚམས་འཇོག་དགོས་པ།གྲོང་ཁྱེར་ཁག་ཏུ་འགྲེམས་འཇོག་བྱེད་ཡོད་པའི་དྲག་ཆས་དམག་མི་ཕྱིར་འཐེན་བྱ་དགོས་པ།ཉིན་རེར་ཆུ་ཚོད་༢རིང་མང་ཚོགས་ལ་ཞི་འཇགས་ཁོར་ཡུག་བསྐྲུན་དགོས་པ།འཛིན་བཟུང་བཀའ་ཉར་འོག་ཡོད་པའི་བཙོན་པ་རྣམས་གློག་བགྲོད་གཏོང་དགོས་པ།ཕྱི་ནང་གི་གསར་འགོད་པ་རང་དབང་ཐོག་འགྲོ་འོང་བྱ་འཇུག་རྒྱུ།མང་ཚོགས་ལ་སྐད་འབོད་རང་དབང་སྤྲོད་དགོས་པ་བཅས་ཡིན་འདུག

སེ་རི་ཡའི་ནང་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་རྟོག་ཞིབ་མི་སྣ་ཁག་གིས་བརྗོད་པ་ལྟར་ན།ཀོ་ཧྥེ་ཨན་ནན་གྱི་གྲོས་དོན་དེའི་ཉིན་མཐའ་མ་ཁ་སང་ཕྱི་དྲོའི་ཆུ་ཚོད་༦བར་དུ་ཡིན་ཡང་།ཁ་སང་ཕྱི་དྲོ་སེ་རི་ཡའི་གྲོང་ཁྱེར་མང་པོའི་ནང་རྒྱུན་ལྡན་ལྟར་མེ་མདའ་དང་འབར་གས་སོགས་ཀྱི་སྒྲ་ཐོས་རྒྱུ་ཡོད་ཀྱང་།ད་ནངས་ཞོགས་པ་ནས་མེ་མདའ་རྒྱག་པ་དང་འགད་རྫས་གཏོར་པ་སོགས་ཀྱི་སྒྲ་མཚམས་འཇོག་བྱས་ཡོད་འདུགའོན་ཀྱང་།གྲོས་དོན་གཞན་ཁག་ཇི་ཙམ་དོན་ཐོག་ཏུ་འཁེལ་གྱི་ཡོད་མེད་ད་དུང་བཤད་ཁག་པོ་ཡིན་ཚུལ་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 1

  1. མི་རྒོད། says:
    ལོ་ 14 སྔོན།

    སི་རི་ཡ་ལ་དྲག་གནོན་སྤྱོད་པ་དེ།།
    དམར་དམར་མདོང་རྩུབ་པ་ནས་བྱུང་ཤས་ཆེ།།
    གང་དུ་དྲག་རྩུབ་དར་ན་དེ་ཡི་ཡུལ།།
    རྒྱ་དམར་པ་དང་གྲིབ་གཟུགས་འདྲེས་མ་རེད།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese