ཉེ་ཆར་བོད་ཁམས་ཕྱོགས་རྫ་སེར་ཤུལ་ཁུལ་གྱི་ས་ཆ་མང་པོར་ཁ་བ་བསྟུད་མར་བབས་རྐྱེན་ཕྱུག་ཟོག་མང་བོ་མུག་ཤི་ཐེབས་ཏེ། ཁུལ་དེའི་མི་ཟོག་ཕྱུག་གསུམ་ལ་གནོད་སྐྱོན་ཚབས་ཆེན་འབྱུང་བཞིན་ཡོད་འདུག
ཉེ་ཆར་རྫ་སེར་ཤུལ་ནས་ཡིན་པའི་རྒན་པོ་ཞིག་གིས་ཁ་པར་བརྒྱུད་གནས་ཚུལ་བརྗོད་དོན་ལྟར་ན། ད་ལོ་དགུན་དཀྱིལ་ཙམ་ནས་ཁ་བ་བསྟུད་མར་བབས་རྐྱེན་ཆགས་ཆོན་པོ་བྱུང་སྟེ། གངས་སྐྱོན་འོག་ཕྱུག་ཟོག་མུག་ཤི་ཐེབས་པའི་གྲངས་འབོར་གྱིས་བརྒྱ་ཆའི་བདུན་ཅུ་ཙམ་ཟིན་ཡོད་པ་དང་། གངས་སྐྱོན་ཤུགས་ཆེན་པོ་ཐེབས་ཡུལ་ནི་སེར་ཤུལ་སྡེ་གཟུང་མ་ཤང་དང་སེར་ཤུལ་དབུ་སྟོད་མ་ཤང་གཉིས་ཆགས་འདུག ཤང་ཁག་དེ་གཉིས་ལ་ཁྱོན་བསྡོམས་འབྲོག་སྡེ་བཅུ་བཞི་ཙམ་ཡོད་པ་དང་། སྡེ་བ་རེ་ལ་དུད་ཁྱིམ་ལྔ་བརྒྱ་ཡས་མས་ཡོད་འདུག ཁུལ་དེའི་འབྲོག་སྡེ་ཁག་ལ་འབུད་ཤིང་སོགས་ཀྱི་དཀའ་ངལ་འཕྲད་དེ། འབྲོག་པ་རྣམས་ཀྱིས་རླང་འཁོར་གྱི་འཁོར་ལོ་དང་འགྱིག་གི་རིགས་སོགས་མེ་རུ་འབུད་དགོས་བྱུང་ཡོད་འདུག
རྒྱལ་ཁབ་གཞུང་ནས་རོགས་རམ་བྱེད་ཀྱིན་ཡོད་མེད་སྐོར་དྲིས་པར། རྒན་པོ་དེས་ “ སྲིད་གཞུང་ནས་རོགས་རམ་གྱི་མིང་ཙམ་ཞིག་རེད། དུད་ཚང་རེ་ལ་གཟན་རྩྭ་སྒྱེ་མོ་གང་རེ་དང་འབུད་ཤིང་ཤོག་ཆགས་གཅིག་རེ་སྤྲད་འདུག ད་དུང་བོད་པ་ནང་ཁུལ་གཅིག་གིས་གཅིག་ལ་རོགས་རམ་བྱེད་པ་དེ་རྒྱལ་ཁབ་ཀྱི་ཁྲིམས་འགལ་ཡིན་ཞེས་བརྗོད་དེ། ས་ཆ་འགའ་ཤས་ནས་རོགས་རམ་བྱེད་དུ་ཡོངས་མཁན་རྣམས་སྲིད་གཞུང་ནས་བཀག་འགོག་བྱས་འདུག” ཅེས་བརྗོད་སོང་།
ད་ལོའི་གངས་སྐྱོན་རྒྱག་ས་གཙོ་བོ་ནི་ཁམས་རྫ་སེར་ཤུལ་དང་ཨ་མདོ་འགོ་ལོག མཚོ་ལྷོའི་མང་རྫོང་ས་ཁུལ་བཅས་རེད་འདུག
རྫ་སེར་ཤུལ་གཙོས་གངས་སྐྱོན་བྱུང་སའི་བོད་རིགས་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཡོད། གལ་ཏེ་རྒྱ་ནག་སྲིད་གཞུང་ནས་རོགས་རམ་མ་བྱས་པར་བལྟས་བསྡད་པའི་གནས་ཚུལ་ཡོད་ན་དཔེ་མི་སྲིད་པའི་བློ་འཕམ་རེད། འདི་ཐད་རང་རེའི་བོད་མིའི་སྒྲིག་འཛུགས་ནས་འབོད་སྒྲ་ཤིག་སྒྲོག་དགོས་འདུག འདི་བོད་མིའི་བདེ་སྡུག་རེད་ལ་རྒྱ་ནག་གི་བོད་ལ་འཛིན་པའི་སྲིད་ཇུས་ཀྱི་མཚོན་རྟགས་ཤིག་ཀྱང་རེད།
རྫ་སེར་ཤུལ་སྤུན་ཟླ་རྣམས་པ་ཚོ།།
ངེད་བྱེས་སུ་ཡོད་ཀྱང་ཁྱེད་ཀྱིས་སྡུག།།
སྙིང་ནང་དུ་མེ་རོ་འབར་བཞིན་ཡོད།།
ད་སྙིང་གཏམ་ཡོད་ན་འདི་རུ་སྤེལ།།།
བཀྲ་ཤིས་རྒྱ་མཚོ་ལགས། སེམས་ཅན་མང་བོ་ཤི་བ་ལས་མི་ལ་གནོད་སྐྱོད་ཕོགས་འདུག་གམ། ཡང་རྒྱ་ནག་གཞུང་གི་འདྲེ་གལ་བསྲིང་འདུག་གམ ངོ་མ་བྱ་རྩོག་གི་ཡ ལྟོགས་ཤི་ཐེབས་དགོས་བའི་རྒྱ་དམར་གཞུང་གི་ལས་སྟངས་བཅའ་སྟངས་ངོ་མ་རྩོག་གི་ཡ། འོན་ཀྱང་། རང་རེའི་་རྫ་སེར་ཤུལ་ཁུལ་གྱི་བོད་རིགས་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཡོད།