༸གོང་ས་མཆོག་གིས་ཨ་རིའི་ལོང་བྷི་ཆི་དང་རཱོ་ཆེ་སི་ཊ་ས་གནས་ནང་། མི་མང་སྟོང་ཕྲག་མང་པོར་གསུང་བཤད་དང་རྒྱ་རིགས་མི་མང་བརྒྱ་སྐོར་ཞིག་ལ་བོད་རྒྱའི་གནས་སྟངས་གསལ་བཤད་གནང་ཡོད་འདུག
ཉིན་འདི་འགར་༸གོང་ས་མཆོག་གིས་ཨ་རིའི་ཁཱ་ལི་ཧྥོར་ནི་ཡ་མངའ་སྡེའི་ནང་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཕྱི་ཚེས་ ༢༡ཉིན་༸གོང་ས་མཆོག་གིས་ལོང་བྷི་ཆི་ (Long Beach) ས་གནས་སུ་མི་མང་སྟོང་ཕྲག་མང་པོར་༼དཀའ་རྙོག་གི་དུས་སྐབས་སུ་ཞི་བདེ་བསྐྲུན་ཐབས་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཏེ། འཛམ་གླིང་འདིའི་དཀའ་རྙོག་གི་འབྱུང་ཁུངས་གཙོ་བོ་མིའི་རིགས་ཀྱི་ཀུན་སྤྱོད་ལ་རག་ལས་ཡོད་སྐོར་དང་། འགྲོ་བ་མིས་གདོང་ལེན་བྱ་དགོས་པའི་དཀའ་རྙོག་རྣམས་མི་རང་ཉིད་ཀྱིས་བཟོས་པ་ཞིག་ཡིན་སྟབས། དུས་རབས་ཉི་ཤུ་པ་ཙམ་དུ་མ་ཟད། དུས་རབས་ཉེར་གཅིག་པའི་ནང་དུའང་། མི་ཁག་ཅིག་གིས་འཚེ་བའི་བྱ་སྤྱོད་སྤེལ་བཞིན་ཡོད་ཚུལ་གསུངས་ཏེ། “ མིའི་སྤྱི་ཚོགས་དང་གྲོང་ཁྱེར། སློབ་གྲྭའི་ནང་བསམ་ཡུལ་ལས་འདས་པའི་འཚེ་བའི་སྦྱོར་བ་རྩོམ་བཞིན་པ་དང་། མི་དང་མི་བར་གྱི་དབུལ་ཕྱུག་དང་རུལ་སུངས་མེད་པ་བཟོ་རྒྱུའི་ཚབ་ཏུ་སྣང་ཆུང་གཏོང་བ། ཁོར་ཡུག་སྲུང་སྐྱོབ་ལ་སྣང་ཆུང་གཏོང་བ་བཅས་ལ་དོ་སྣང་བྱས་ཏེ། དུས་རབས་ཉེར་གཅིག་པ་འདི་ཞི་བདེའི་དུས་རབས་ཤིག་ཏུ་བསྒྱུར་བར་འགན་རང་འཁུར་དགོས་ ” ཞེས་གསུངས་ཡོད་ལ། ལོང་བྷི་ཆིར་རྟེན་གཞི་བྱས་པའི་དགའ་ལྡན་ཤ་རྩེ་ཐུབ་བསྟན་དར་རྒྱས་གླིང་ཆོས་ཚོགས་ཀྱིས་གོ་སྒྲིག་ལྟར། ཉིན་དེར་༸གོང་ས་མཆོག་གིས་ཆོས་ཞུ་བ་སྟོང་ཕྲག་མང་པོར་འཇིགས་བྱེད་ཀྱི་བཀའ་དབང་བཅས་བསྩལ་ཡོད་འདུག
ཉིན་རྒྱབ་༸གོང་ས་མཆོག་ལོང་བྷི་ཆིའི་ས་ཁུལ་དུ་ཚོགས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཏུ་ཕེབས་ཏེ། རྒྱ་ནག་སྐམ་ཆེན་མོ་དང་ཐེ་ཝན། སོག་པོ། བོད་པ།ཤར་ཏུར་ཀི་སི་ཐན་བཅས་ཀྱི་ཚོགས་ཞུགས་པ་ ༡༠༠ ཙམ་ལ་བཀའ་སློབ་བསྩལ་ཡོད་ཅིང་། སྐབས་དེར་༸གོང་ས་མཆོག་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་བྱུང་རྗེས། ཕྱི་སྡོད་བོད་རྒྱ་མི་རིགས་བར་འབྲེལ་འདྲིས་ཀྱི་གོ་སྐབས་མང་པོ་བྱུང་ཡོད་ཚུལ་དང་། བོད་མི་ཚོའི་ངོས་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐང་རྩོད་བཞིན་པ་ལས་རང་བཙན་རྩོད་ཀྱི་མེད་པ། དེ་བཞིན། ཤིན་ཅང་གྲོགས་པོ་སྐོར་ཞིག་གིས་ཐོག་མར་ཤིན་ཅང་རང་བཙན་རྩོད་སྐོར་བཤད་ཀྱི་འདུག་ཀྱང་། ༸གོང་ས་མཆོག་དང་ཤིང་ཅང་མགོ་ཁྲིད་ལྕམ་རེ་བྷེ་ཡཱ་ (Rabiya kadeer) གཉིས་ཐུག་འཕྲད་གནང་སྐབས། ལྕམ་རེ་བྷེ་ཡཱ་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཧ་ཅང་ཡག་པོ་ཡིན་པའི་ངོས་འཛིན་གནང་ཡོད་སྐོར། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ལྕམ་རེ་བྷེ་ཡཱ་དང་༸གོང་ས་མཆོག་གཉིས་ཀྱིས་ངན་པ་ལག་འབྲེལ་བྱེད་བཞིན་ཡོད་ཚུལ་སྐྱོན་བརྗོད་རིམ་པར་བྱས་ཀྱང་། ༸གོང་ས་མཆོག་ལྕམ་རེ་བྷེ་ཡཱར་མཇལ་འཕྲད་གནང་བ་དེས་ཕན་ཐོགས་ཆེན་པོ་བྱུང་ཚུལ་སོགས་གསུངས་ཡོད།
༸གོང་ས་མཆོག་གིས་མུ་མཐུད་དུ་ཚོགས་ཞུགས་པ་ཚོར་དབུ་མའི་ལམ་གྱི་དམིགས་ཡུལ་དང་བྱུང་རིམ་ངོ་སྤྲོད་གནང་སྟེ། ད་ཆར་ལམ་དབུ་མའི་སྲིད་བྱུས་ལ་བཙན་བྱོལ་བོད་མི་མང་ཆེ་བས་རྒྱབ་སྐྱོར་ཐོབ་ཡོད་པ་མ་ཟད། བོད་ནང་དུའང་ཤེས་ཡོན་ཅན་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་བཞིན་ཡོད་ཚུལ་དང་། ལྷག་པར་དུ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། ལས་ཐོགས་བཀའ་ཁྲི་བློ་བཟང་སེང་གེ་རྣམ་གཉིས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གཙང་མ་གནང་ཡོད་སྐོར་གསུངས་ཡོད། ༸གོང་ས་མཆོག་གིས་ “ རྒྱ་ནག་སྲིད་བློན་ཝན་ཅཱ་པོས་འདས་པའི་ལོ་གཅིག་གཉིས་ནང་ཆབ་སྲིད་བཅོས་བསྒྱུར་སྐོར་གཏམ་བཤད་སྤེལ་ཡོད་ལ། ཉེ་ཆར་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་མཇུག་སྡོམ་གསར་འགོད་ལྷན་ཚོགས་ཐོག་ཏུའང་ཆབ་སྲིད་བཅོས་བསྒྱུར་སྐོར་ནན་བརྗོད་བྱས་ཡོད། དེའི་རྗེས་བྷོ་ཤི་ལེ་ཡི་ (Bo Xilai) གནས་ཚུལ་དེ་བྱུང་བ་རེད། གང་ལྟར་འགྱུར་བ་ཞིག་ཏན་ཏན་འགྲོ་གི་ཡོད་པ་རེད། འགྱུར་བ་དེ་ལྷིང་འཇགས་པོའི་ཐོག་འགྲོ་ཐུབ་པ་ཡིན་ན། གུང་ཁྲན་ཏང་གིས་མགོ་ཁྲིད་དེ་མང་གཙོ་ཡག་པོ་ཞིག་གི་ཐོག་འགྲོ་ཐུབ་རྒྱུ་དང་།གང་འཚམ་ཞིག་ནས་གུང་ཁྲན་ཏང་ང་རང་ལྟར་གཟི་བརྗིད་ལྡན་པའི་ཐོག་རྒན་ཡོལ་བྱས་ན་ཡག་པོ་རེད། རྒྱ་ནག་མང་གཙོ་ཆགས་ན་བོད་ཀྱི་གནད་དོན་དེ་བདུན་ཕྲག་གཅིག་ནང་སེལ་ཐུབ་ཀྱི་རེད། ” ཅེས་གསུངས།
སྐབས་དེའི་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་༸གོང་ས་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྟེ། མེར་བསྲེགས་ཀྱི་གནད་དོན་དེར་བློ་ཕམ་ཆེན་པོ་བྱུང་ཡོད་སྐོར་དང་། དེ་ནི་ཆབ་སྲིད་དང་འབྲེལ་བ་ཆེན་པོ་ཡོད་པ། རང་ལུས་མེར་བསྲེགས་གཏོང་བའི་གནད་དོན་དེ་གློ་བུར་བ་ཞིག་མིན་པར། ལོ་ངོ་ ༢༠རིང་རྒྱ་ནག་ས་གནས་སྲིད་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་ཐད་ཀར་འབྲེལ་བ་ཆགས་བསྡད་ཡོད་སྐོར་གསུངས་ནས། རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་གང་ཡིན་ཐོག་ཞིབ་འཇུག་བྱ་དགོས་པ་ནན་བརྗོད་གནང་ཡོད།
ཕྱི་ཚེས་ ༢༢ ཉིན་༸གོང་ས་མཆོག་གིས་ལོང་བྷི་ཆིའི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་རཱོ་ཆེ་སི་ཊར་ (Rochester) ས་ཁུལ་དུ་ཆིབས་བསྒྱུར་བསྐྱངས་སྐབས། མེན་ནེ་སོ་ཊའི་སློབ་གྲྭ་ཁག་བརྒྱད་ནས་བཅར་པའི་རྒྱ་རིགས་མཁས་དབང་དང་། སློབ་ཕྲུག་སོགས་ཁྱོན་མི་ ༡༠༠ ལྷག་ལ་བཀའ་སློབ་བསྩལ་ཡོད་ཅིང་། སྐབས་དེར་༸གོང་ས་མཆོག་གིས་བོད་རྒྱ་མི་རིགས་གཉིས་ལ་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་སྐོར་དང་། ལོ་རྒྱུས་ཀྱི་དུས་སྐབས་རེ་རེའི་བོད་རྒྱའི་མཛའ་འབྲེལ་དང་དམག་འཁྲུག་གི་གནས་སྟངས་ངོ་སྤྲོད། བོད་ལ་དུས་འགྱུར་མ་བྱུང་གོང་པེ་ཅིན་དུ་མའོ་ཙེ་ཏུང་དང་མཇལ་འཕྲད་ཐེངས་མང་གནང་སྟེ་མཱ་ཁི་སི་ལྟ་གྲུབ་ལ་སློབ་སྦྱོང་བྱས་ཚུལ། རིག་གནས་གསར་བརྗེའི་སྐབས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་གཏོར་བཤིག་ཐེབས་ཚུལ་དང་། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲན་ཁི་ཡན་ (Chen Kuiyuan) གྱི་སྐབས་ནས། ལྷ་སའི་བོད་མིའི་སློབ་གྲྭ་ཁག་ཏུ་ནང་ཆོས་ཀྱི་བརྗོད་བྱའི་མཚོན་པའི་སློབ་ཁྲིད་བཀག་སྡོམ། ༢༠༠༨ ལོའི་བོད་མིའི་ཞི་རྒོལ་གྱི་རྒྱུ་རྐྱེན་དང་དེའི་རྒྱབ་ལྗོངས་གནད་དོན་སོགས་གསལ་བཤད། བོད་ནང་མེར་བསྲེགས་གཏོང་བའི་གནད་དོན་དེ་བོད་མི་ཙམ་མིན་པར་རྒྱ་རིགས་དང་ཝི་ཐི་ནམ། ཅེག་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་ཡོད་པ། མེར་བསྲེགས་བྱ་སྤྱོད་དེ་འུ་ཐུག་ཐབས་ཟད་ཅིག་ཡིན་ནའང་། བྱེད་སྟངས་དེ་ནི་གཞན་ལ་འཚེ་བའི་དོན་དུ་མིན་ཚུལ་སོགས་བརྗོད་དེ། རྒྱ་གཞུང་གིས་གནད་དོན་དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་མེད་ཐོག་ཞིབ་འཇུག་མཐིལ་ཕྱིན་བྱ་དགོས་པ་ནན་སྐུལ་གནང་ཡོད།
མཐར་༸གོང་ས་མཆོག་གིས་ཚོགས་བཅར་བ་ཚོར་ “ ང་ཚོས་དངོས་ཡོད་གནས་ཚུལ་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། གལ་སྲིད་རྒྱ་གཞུང་གིས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གནས་བབ་ཚད་ལྡན་ཞིག་སྤྲད་ན། བོད་མི་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བསྡད་ན་དགེ་མཚན་ཆེ་བ་ཡོད་པ་རེད། གྲོས་མཐུན་དོན་མཚན་བཅུ་བདུན་ནི། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོང་ན་བསམ་སྟེ་བོད་མིས་ས་རྟགས་བརྒྱབ་པ་ཞིག་ཆགས་ཡོད། ” ཞེས་གསུངས།
ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་ཨ་རིའི་ཆི་ཁཱ་གྷོའི་ས་ཁུལ་དུ་འཚོགས་བཞིན་པའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཚོའི་ཚོགས་འདུའི་སྟེང་ཕེབས་ཡོད་འདུག
མིག་ཐོགས་ཐོགས་དང་ལག་ཐོགས་ཐོགས་ཚང་མས་ཤེས་མ་ཤེས་མང་པོ་ཞིག་རྟག་པར་བཤད་བསྡད་ཀྱིན་འདུག རྒྱལ་བའི་བཀའ་ལ་ཞི་ནང་ཡོད་པ་མ་རེད་ལ་ཐད་ཀར་གོ་བ་མི་ལོན་པ་ཞིག་ཀྱང་མ་རེད། བཀའ་དེ་ལ་རེ་འགས་རི་བོང་གནམ་ལྡིབ་ཀྱི་སེམས་ཁྲལ་འདྲ་བྱེད་ཁུལ་བྱས། འགའ་རེས་འགྲེལ་ལོག་འདྲ་རྒྱག་ཁུལ་བྱས། དོན་དམ་པའི་དེ་ཚོ་ཚང་མ་དོན་མེད་རེད། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་བྱུང་རིམ་ནི་བོད་མི་ཚོ་ལ་བདམ་ག་ཡོད་པ་དང་རང་དབང་ཡོད་པའི་ཐོག་ནས་བྱུང་བ་ཞིག་མ་རེད། དེ་ནི་བཙན་དབང་གིས་ཆེ་བས་ཆུང་ཟོས་བྱས་པ་ཞིག་རེད། དེའི་རྐྱེན་གྱིས་འདྲ་མཉམ་མིན་པའི་གྲོས་ཆོད་དེ་ལ་སྐབས་དེའི་བོད་སྲིད་གཞུང་གིས་ངོས་ལེན་མ་བྱས་པ་རེད། འོན་ཀྱང་དུས་ཚོད་ཛ་དྲག་པོ་དང་ཉེན་ཚབས་ཅན་གྱི་རང་བཞིན་ལ་བརྟེན་ནས་རྗེས་སུ་གྲོ་མོ་ནས་བོད་གཞུང་གིས་ངོས་ལེན་བྱེད་དགོས་བྱུང་བ་རེད། དེ་ནས་བཟུང་ངོས་ལེན་ཡོད་པའི་གྲོས་མཐུན་ཆིང་ཡིག་ཅིག་ཆགས་ཡོད་པ་རེད། དེ་དག་གི་བརྒྱུད་རིམ་ཤེས་པ་དང་ངེས་པའི་ཐོག་ནས་སྐད་ཆ་བཤད་དགོས་པ་རེད། རྒྱལ་བ་མཆོག་གིས་གྲོས་མཐུན་དོན་མཚན་བཅུ་བདུན་ནི། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོང་ན་བསམ་སྟེ་བོད་མིས་ས་རྟགས་བརྒྱབ་པ་ཞིག་ཆགས་ཡོད། གསུངས་པའི་དོན་ཡང་དེ་རེད། དེའི་རྗེས་སུ་དབང་དང་སྟོབས་ཤུགས་ཆེ་ཆུང་གིས་མཐར་རྒྱ་མིས་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས་ནས་རྒྱལ་བ་མཆོག་གིས་དབུས་རང་གཞུང་དང་བོད་མི་ཚོ་ཡུལ་གཞན་དུ་མ་འོངས་བསྐྱར་གསོའི་སླད་དུ་བཙན་བྱོལ་ལ་ཕེབས་པ་རེད། དེ་དུས་སུ་སྔར་གྱི་བཙན་འོག་གི་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་རེད། དེ་ལྟ་ན། རྒྱུན་དུ་བཤད་འདོད་པ་རྣམས་ཀྱིས་ཡུལ་དུས་གནས་སྐབས་ཤེས་པ་བྱས་ནས། ད་བཟོད་གཏམ་གླེང་དོ་ར་འདིའི་ནང་དུ་ཕེབས་ན་སྐབས་དོན་ཡིན་པ་རེད། དེ་མིན་ཚོས་ལ་མ་འཚོད་པ་མང་དྲགས་ན་གཞན་ཕྱོགས་དགའ་བའི་རྒྱུ་རེད།
གྲོས་མཐུན་དོན་མཚན་བཅུ་བདུན་ནི། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོང་ན་བསམ་སྟེ་བོད་མིས་ས་རྟགས་བརྒྱབ་པ་ཞིག་ཆགས་ཡོད། ” ཞེས་པའི་གསུང་བབས་ལ་གཞིགས་ཀྱང་སྐྱབས་སུ་མཆི། དོན་མ་ནོར་ཚིག་མ་འཁྲུགས་པ། གོ་རྒྱུ་ཟབ་ཅིང་སྔར་གསུང་དང་ཅུང་ཙམ་འགལ་བའི་རྣམ་པ་ཙམ་ཡང་མེད་པ་ངོ་མཚར་ཆེའོ། །བོད་མིས་ལམ་ལུགས་གཉིས་ཅན་སྟེ་རྒྱ་གཞུང་གིས་ཐད་ཀའི་སྟངས་འཛིན་འོག་ཡོད་པའི་ཞིང་ཆེན་ཁག་དང་མི་འདྲ་བར་དམིགས་བསལ་གནས་བབས་ཡོད་པ་གྲོས་མཐུན་ནང་ཡོད་པའི་རང་དབང་ཁག་དང་། ལྷག་པར་ཆ་ཤས་ཁག་ཅིག་ཐད་ཚད་མཐོའི་(Honkong) རང་སྐྱོང་ལ་མེད་པ་ཡིན།
ས་རྟགས་བརྒྱབ་ཅེས་པས་ས་རྟགས་བརྒྱབ་ན་མོས་མཐུན་ཆ་ཚང་ཡོད་ནས་བརྒྱབ་ཡོད་པའི་ངེས་གཏན་མེད་པས་དབང་ཤུགས་ཆེ་སྤྱོད་འོག་ཀྱང་བརྒྱབ་པ་ཡོང་ཆོག་པས་ས་རྟགས་བརྒྱབ་ཡོད་ཅེས་གསུངས་པ་ཙམ་ལས་མོས་མཐུན་ཆ ཚང་ཡོད་ནས་བརྒྱབ་ཡོད་གསུངས་མེད་པས་དྲ་འབུ་ཁྱེད་རྣམ་དཔྱོད་ཁབ་མིག་ལས་ཕྲ་བས་ཞལ་རུབ་ཙམ་གནང་ན་གནོད་པ་ཆུང་བར་ངེས་སོ། །
ག྄ྲོགས་པོ་ལགས། ཁ྄ྱེད་ཀ྄ྱིས་གསུང་བ་བདེན་པ་རེད་ཟེར་ཤེས་མ་སོང་།
གང་ཡིན་ཟེར་ན། ས྄ྐར་མདའ་ཞེས་པའི་ངའི་ས྄ྨ྄ྱུག་མིང་འདི་བེད་ས྄ྤ྄ྱོད་བཏང་ནས་ལོ་ངོ་བཞི་ཙམ་འགོར། ཡིན་ན་ཡང་། ས྄ྐབས་དེ་ནས་ད་བར་དུ་ས྄ྐར་མདའ་ཞེས་པའི་ས྄ྨ྄ྱུག་མིང་བས྄ྐ྄ྱར་བ་ཞིག་བེད་ས྄ྤ྄ྱོད་གཏོང་མཁན་ད྄ྲ་ཚིགས་དང་། ཚགས་ཤོག་ དུས་དེབ་སོགས་གང་ཅིའི་ངོས་ནས་མཐོང་མ྄ྱོང་མེད། ག྄ློ་བུར་དུ་ཁ་སང་ས྄ྤ྄ྱི་ཟ྄ླ་བཞི་པའི་ཚེས་ད྄ྲུག་གི་ཉིན་ནས་བཟུང་དུས་བབ་ད྄ྲ་ངོས་ལ་མཆན་བུ་ཐུང་ཐུང་ཞིག་གི་བདག་པོ་ཆགས་འདུག་ ཁ྄ྱེད་ཀ྄ྱིས་གསུང་བ་ས྄ྟངས་ལ྄ྟར་ན། ས྄ྐར་མདའ་ཞེས་པའི་ས྄ྨ྄ྱུག་མིང་ཇི་ལ྄ྟར་བ྄ྱེད་ར྄ྩིས་ཡོད། མུ་མཐུད་ནས་བེད་ས྄ྤ྄ྱོད་གཏོང་ར྄ྩིས་ཡོད་དམ། ཡང་ན། འཕ྄ྲོག་ར྄ྩོད་བ྄ྱེད་ར྄ྩིས་ཡོད། གཙོ་བོ། ངས་བལ྄ྟས་ན། ས྄ྨ྄ྱུག་མིང་འདི་སུས་ས྄ྔོན་ལ་བེད་ས྄ྤ྄ྱོད་བཏང་ཡོད་མེད་ཀ྄ྱི་བདེན་དཔང་གི་ཐོག་ནས་བཤད་ན། ཐག་གཅོད་ཡག་པོ་ཞིག་མི་ཡོང་ངམ་བསམ་ར྄ྒ྄ྱུ་ཡོད།
མཆན་བུ་མང་པོ་བཏབ་དང་མ་བཏབ་ཀ྄ྱི་ཁ྄ྱད་པར་ག྄ྱི་ཐོག་ནས་བཤད་ན་ཏོག་ཙམ་དཀའ་ལས་ཁག་པོ་དང་། ར྄ྙོག་འཛིང་ཆེ་སོང་བ་མ་རེད་དམ། ས྄ྨ྄ྱུག་མིང་ཟེར་བ་དེ། བསམ་བ྄ློ་བཞི་གསུམ་བཅུ་གཉིས་བཏང་ས྄ྟེ་བ྄ློ་ར྄ྩེ་ཉེར་གསུམ་དུས་གཅིག་ཏུ་ས྄ྒ྄ིམ་ནས་གདམ་པའི་མིང་ཞིག་ལས། ག྄ྱ་ཚོམ་ག྄ྱིས་བཏགས་པ་ཞིག་མ་རེད།་
ད྄ྲ་ངོས་གཅིག་ལ་མི་གཉིས་ཀ྄ྱི་ས྄ྨ྄ུག་མིང་གཅིག་བེད་ས྄ྤ྄ྱོད་བཏང་ན་དེ་ག་འད྄ྲ་ཡིན། ལག་པ་བ྄ྲང་ལ་བཞགས་ཏེ་བསམ་བ྄ློ་རེ་ཐོངས་དང་།
ད྄ྲ་ག྄ྲོགས་ལགས།
ད་དངོས་དྲ་འབུ་འདི་ཚོ་སྙིང་རྗེ་གང་ཡང་ཤེས་ཀྱིན་མི་འདུག གྲོས་མཐུན་དོན་ཚན་བཅུ་བཙན་དབང་འོག་རྒྱག་པ་བདེན། རྗེས་སུ་བོད་ཀྱི་གནས་བབས་དྲག་པོས་བཅོས་སྒྱུར་བྱ་འཆར་སོགས་སྐབས་དེའི་རྒྱ་དཔོན་མའོ་སོགས་ཀྱི་ཧ་ལས་པའི་འཆར་གཞི་འགོག་དགོས་པ་དང་། གདམ་ཀ་གཞན་མེད་པའི་གནས་སྟངས་འོག་གྲོས་མཐུན་ལ་ཐུགས་མོས་ཡོད་པའི་ཕྱག་འཕྲིན་སྩལ་བའང་བདེན། སླར་རྒྱ་གཞུང་རང་ནས་གྲོས་མཐུན་བཞག་པ་རྣམས་ལ་རྩིས་འཇོག་རྩ་བ་ནས་མ་བྱས་པར་རྡོག་རོལ་གོང་རྐྱང་བྱས་རྐྱེན་བཙན་བྱོལ་དུ་ཕེབས་མ་ཐག་གྲོས་མཐུན་བཅུ་བདུན་ཐོག་མ་ནས་དབང་ཤུགས་སུ་ཆེའི་གནས་སྟངས་འོག་བཞག་ཡོད་པས་རྩིས་མེད་གནང་གིན་ཡིན་གསུངས་པའང་བདེན། ད་ལྟ་སླར་ཡང་བོད་དུ་བཞཱུགས་སྐབས་ཐུགས་རེ་བསྐྱངས་ཆོག་བཟོ་ཡོད་པའི་དུས་དེར་འཐད་པའི་ཕྱག་འཕྲིན་སྩལ་བ་རྒྱུ་མཚན་འདི་ལྟར་ཡིན་གསུངས་པའང་བདེན། བདེན་པ་འདི་དག་འགལ་མེད་དུ་མ་རྟོགས་ཕྱིན་བོད་ཀྱི་ཆབ་སྲིད་གླེང་བའི་གྲལ་དུ་འཚང་མ་ཡོང་ཞིག རྣམ་དཔྱོད་མཁའ་ལྟར་ཡངས་པའི་༸གོང་ས་མཆོག་རགས་པའི་གནས་འདི་ཙམ་མཉམ་པར་མ་གཞག་པ་ག་ལ་སྲིད། དངོས་གནས་བྱས་ན་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཆ་རྐྱེན་འོག་རང་སྐྱོང་མིང་དོན་མཚུངས་པ་ཡོང་བའི་ལམ་ཞིག་ཀྱང་ཡོད། འོན་ཏང་དེའི་ནང་པཎ་ཆེན་ནང་མ་སྒང་གི་མིག་རྒྱང་ཐུང་བའི་གནད་དོན་དེར་འཇུག་དགོས་ཨུ་ཚུགས་མཐར་བསྐྱལ་བྱས་རྐྱེན་ཀྲུང་དབྱངས་ནས་ཇུས་ཏོག་རྩ་བ་ནས་མི་དགོས་པ་ཞིག་ལ་ལག་པ་འཆང་ཡོད་པ་དེ་དག་ཕྱིར་འཐེན་བྱེད་དགོས།
གསེར་འབྲུག་སྡེར་ལྔས་མཆན་དེ་ལ་ང་མོས་མཐུན་ཡོད་ང་ཚོ་མང་གཙོ་བེད་སྤྱོད་ཤེས་ཚེ་མཆན་རྒྱག་སྟངས་དེ་འགའ་རང་རེད། བོད་དོན་དེ་བསྒྱུར་བ་མང་དྲགས་ན་མི་རབས་རྗེས་མ་ཚོར་དཀའ་ངལ་འཕྲད་སྲིད་པ་རེད། ང་ཚོ་བོད་པ་མིས་ལབ་ཚད་ཉན་ནས་བརྗོད་ན་ཧ་གོ་བ་ཁག་པོ་རེད། ངས་ཨ་རིའི་གསང་བའི་ལས་བྱེད་ཞིག་གྲོགས་པོ་ཞིག་བརྒྱུད་ནས་ངོ་ཤེས་ཀྱིས་ཡོད། དེ་ནས་ངས་ཕྱི་རྒྱལ་ཁབ་དེ་ཚོ་སེམས་གཏིང་གི་བོད་དོན་དང་། ཁ་ནང་གི་བོད་དོན་སྐོར་ལ་རྒྱུགས་མངའ་གང་ཙམ་བྱུང་སོང་།
གོང་རིམ་ནས་འཇུག་བྱིས་པ་ཡན་བོད་དོན་ཟབ་དགོས།།
གོང་དུ་དྲ་གྲོགས་ཤིག་གིས་ངའི་སྨྱུག་མིང་དང་གཅིག་པ་བརྒྱབ་འདུག་པ་དེ། སྔོན་ནས་དུས་བབ་ཀྱིས་གཙོས་པའི་དྲ་རྒྱ་ཁག་ཅིག་ནང་མཆན་བུ་ཉུང་ཤས་རེ་བརྒྱབ་དང་རྒྱག་གིན་ཡོད་པའི་སྐར་མདའ་ང་མིན་ནོ།
ད་རེབ་ཀྱི་གསུང་འདི་དྲང་དོན་དགོངས་པ་ཅན་ཞིག་ཏུ་འགྲེལ་དགོས་ཚེ་ཧ་མི་གོ དེ་མིན་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ས་རྟགས་བརྒྱབ་པ་འདི་བཙན་གནོན་འོག་ནས་བརྒྱབ་པ་ལས་དམིགས་ཡུལ་གཞན་ཞིག་འཁྱེར་ནས་བོད་ཀྱི་སྐུ་ཚབ་ཚོས་ས་རྟགས་བརྒྱབ་མེད་པར་འདོད། བཙན་གནོན་འོག་གི་གྲོས་མཐུན་འདི་ལ་བརྟེན་ནས་ང་ཕོད་ཀྱིས་གཙོས་པའི་བོད་ཀྱི་སྐུ་ཚབ་ཚོ་ལ་བོད་མི་ཚོས་རྒྱལ་བཙོང་བ་ཚོ་ཞེས་པ་སོགས་ཀྱི་སྡིག་སྨོད་རྒྱུན་མ་ཆད་པར་བྱས་ཡོད་ལ། དེ་བཞིན་འབའ་བ་ཕུན་དབང་ལ་ཡང་དམར་པོའི་རྒྱུག་ཁྱི་ཞེས་པ་སོགས་ཀྱི་ཚིག་ངན་སྣ་ཚོགས་སྤྱད་ཡོད། ད་དུང་མང་ཡང་་་་
ཆིང་ཡིག་དོན་མཚན་བཅུ་བདུན་མེ་མདའི་ཁ་འོག་ནས་བཞག་པ་ཡིན་ཞེས་པའི་མི་རབས་རྒན་པ་ཚོས་མ་ཎི་གྲངས་གྲངས་དེ་བདེན་པ་མིན་པ་འདྲ། བྱས་ན་མི་རབས་རྒན་པ་ཚོས་སྐྱག་རྫུན་བཤད་ཀྱི་ཡོད་པ་འདྲ། ཨ་ཁ་ཁ། ང་ཡིད་ཆེས་མ་སོང་། ད་བྱས་ན་ག་ལེར་ག་ལེར་རྫུན་རྐུབ་བརྡོལ་ཡོང་གི་ཡོད་པ་འདྲ། བོད་རང་བཙན་དེ་ཡང་གང་འདྲ་ཡིན་ན། འོན་ཀྱང་ང་ནི་ཤི་ཡང་བོད་རང་བཙན་བློས་གཏོང་ཐུབ་ས་མ་རེད།
ལྷ་མོ་དོན་འགྲུབ་མིང་ཅན་ཨ་མདོ་བུ།།
ས་ཡ་དྲུག་གི་དེད་དཔོན་བསྟན་འཛིན་རྒྱལ།།
ངུར་སྨུག་ཆོས་གོས་འོག་གི་ཞི་བདེ་དཔོན།།
གོ་ལ་ཟླུམ་སྟེང་གི་སེམས་དཔལ་མཆོག།།
སྐུ་ལུས་རི་རྒྱལ་ལྷུན་པོ་བརྟེན་པོ་ངང།།
ཕ་ཡུལ་གངས་རིའི་ཡུལ་དུ་་ཕེབས་གྱུར་ཅིག།
བཀའ་གསུང་འདིས་ལོ་རྒྱུས་ཀྱི་དོན་དངོས་ཞིག་ལ་སེར་ག་གཏོད་རྒྱུའི་ཉེན་ཁ་འདུག འུ་ཚང་གིས་རྒྱུན་དུ་ཆིང་ཡིག་དོན་ཚན་བཅུ་བདུན་དེ་རྒྱ་གཞུང་གིས་ཐེལ་ཙེ་རྫུན་མ་བཟོས་བོད་ཀྱི་སྐུ་ཚབ་ཚོའི་ཐོད་པར་མེ་མདའ་བཞག་ནས་ས་རྟགས་འགོད་དུ་བཅུག་པ་ལས་ཕྱོགས་གཉི་གའི་འདོད་མོས་ལྟར་མིན་པས། རྗེས་སུ་བོད་གཞུང་རྒྱ་གར་དུ་འབྱོར་བ་དང་ཆིང་ཡིག་དེར་ངོས་ལེན་མེད་པའི་གསལ་བསྒྲགས་བསྐྱངས་ཤིང་། དེ་ལྟར་མེད་པའི་རྒྱུ་མཚན་ཡང་གོང་གི་གནས་ཚུལ་དེ་བགྲང་ཡོད་པ་རེད། ངས་བལྟས་ན་བཀའ་སློབ་འདི་བཤད་སྟངས་གསར་པ་ཞིག་ཡིན་པས་མ་ཚད་ཉེན་ཁ་ཅན་ཞིག་ཀྱང་རེད།
གྲོས་མཐུན་དོན་ཚན་བཅུ་བདུན་དེ། བོད་རེ་བས་འཕུངས། རྒྱ་དོག་པས་འཕུངས་ཞེས་པའི་དཔེ་ལས་མ་འདས།
ཁྱེད་གང་དུ་ཕེབས་ཀྱང་ཁ་བ་བོད་པ་ཚང་གི་མཚན་སྙན་མཐོ་བ་ནི་གཟིག་བརྗིད་དང་སྤོབས་པ་ཞིག་རེད།
སྐུ་ངུར་སྨྲིག་གཟི་བྱིན་འཇམ་དཔལ་དབྱངས།།
གསུང་ཚ་དབྱངས་སྙན་གྲགས་སྤྱན་རས་གཟིགས།།
ཐུགས་བྱམས་བརྩེའི་མཐུ་སྟོབས་གསང་བའི་བདག།
དཔལ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་ཏེ།།
མཚན་སྙན་པའི་ཏྰ་ལའི་བླ་མ་ཡི།།
རླབས་ཆེ་བའི་གསང་གསུམ་མཛད་འཕྲིན་དག།
ཕྱོགས་ཀུན་ཏུ་རྒྱས་བཞིན་མངོན་པར་བསྟོད།།
གངས་ཅན་ཡུལ་གནས་ཕེབས་པའི་དགེ་ས྄ློང་ཞིག།
འཛམ་ག྄ླིང་ཆོས་བཞིན་ས྄ྐ྄ྱོང་པའི་ནུས་པ་དེར།།
དབང་མེད་ཡིད་སེམས་མགུ་བ་སུས་མི་བ྄ྱེད།།
འདི་ནི་བོད་རིགས་ཡོངས་ཀ྄ྱི་བསོད་ནམས་རེད།།
ཁོང་གི་ས྄ྐུ་ཚེ་བས྄ྐལ་བར྄ྒ྄ྱར་བར྄ྟན་པ་ཡིས།།
ས྄ྨོམ་ལམ་ས྄ྙིང་ནས་ཐོབས་དང་གངས་ཅན་པ།།
ཁོང་ལས་ལ྄ག་པའི་བཀའ་ད྄ྲིན་བ྄ླ་མེད་ཅིག།
ས྄ྲིད་པ་གསུམ་ནས་བཙལ་ཡང་ར྄ྙེད་མི་འག྄ྱུར།།
ས་ཕ྄ྱོགས་གང་དུ་ཕེབས་ཀ྄ྱང་མཛད་འཕ྄ྲིན་དེ།།
ཡར་ས྄ྔོའི་ཟ྄ླ་བཞིན་གོང་ནས་གོང་དུ་འཕགས།།
བསམ་ན་བ྄ློ་ཡིད་ཤོང་བར་ཧ་ཅང་དཀའ།།
འདི་འད྄ྲའི་མགོན་ས྄ྐ྄ྱབས་ཡོད་པ་ཨེ་མ་མཚར།།