མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྐུ་ལ་ཆས་སྟངས་ཤིག

བོད་ཀྱི་དུས་བབ།
༢༠༡༢/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp




བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༥༣ སྟེང་གི་རྩོམ་སྒྲིག་པའི་གཏམ།

མའོ་ནི་རྒྱ་དམར་པོའི་ཡབ་ཆེན་ཡིན་ཞེས་སྒོ་དམར་པོའི་ཡང་སྟེང་ལ་བཀལ་ཡོད་ལ།རོ་དམར་པོ་དེའང་ཤེལ་གྱི་སྒམ་ནང་ལ་བཅུག་སྟེ་ལྷ་མེད་པའི་ཏང་གི་སྐུ་རྟེན་དུ་ཉར་ཡོད། ཏང་གི་ཡབ་ཆེན་དང་སྐུ་རྟེན་དེས་ཆོས་ལུགས་ཡོད་ཚད་ནག་པོ་དུག་ཏུ་བསྒྲགས་ཏེ་ཏང་གི་དམ་བཅར་བྲིས་ཡོད་སྟབས།  ཅཱང་གིས་ཀྱང་ཏང་གི་ཡབ་ཆེན་གྱི་ངག་བཅོལ་ལྟར། ཆོས་འཁོར་རྩ་རླུང་གི་ནག་པོ་དུག་རླངས་དེ་ཏང་གི་གནམ་འོག་ནས་འཇོམས་པར་བྱེད་ཆེད་དུ། གསོད་འབྲེག་གཏུབ་གསུམ་ལ་ཡ་ང་བྲལ་ཞིང་། ཁྲིམས་སྒྲིག་གནས་ལུགས་ཀྱི་སྒྲོམ་ལ་མི་ཤོངས་པའི་ཏང་གི་རྐུབ་སྟེགས་མཐོན་པོ་ཞིག་ཆེད་བཟོ་བྱས་ཏེ།  ཏང་གི་མིག་ནང་གི་ནག་པོ་དུག་གི་རྩ་རླུང་པ་ཚོའི་དོན་སྙིང་ལྐོག་མར་འབྱིན་པ་དང་། ཤ་ཁྲག་ཚལ་བུར་གཏུབ་རྐྱང་བྱེད་དགོས་པའི་དམར་པོ་ཁྲག་གི་རུ་དར་ཞིག་བསྒྲེངས་ཡོད། 

    ཡིན་ནའང་།  རྒྱ་དམར་པོས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་བོད་པའི་བླ་སྲོག་འཛིན་པའི་དུག་སྡོང་ཞིག་ཏུ་ཚོར་ཏེ། ཏང་གི་ཉི་མའི་སྒྲིབ་གཡོགས་འོག་སྨན་རྫས་དུག་གི་ལག་པ་བརྐྱངས་ཏེ་སྐུ་བཀྲོངས་རྗེས། རྒྱ་དམར་པོས་བོད་ཀྱི་གཟན་དམར་པོའི་འོག་རྫུ་འཕྲུལ་དུག་གི་ཆོ་འཕྲུལ་ཞིག་སྟོན་རྩིས་ཀྱི་རྨི་ལམ་བཏང་ཡོད།  དེ་ནི་ཁོ་ཚོས་དུག་ཏུ་སྒྲོག་པའི་བོད་པའི་ཆོས་ལ་རྒྱང་བཀྱེད་ཀྱིས་མདའ་ཆར་མཚོན་གྱིས་སོ་ཁ་ཁོ་ནས་འབུར་འཇོམས་མི་ཐུབ་པ་རྟོགས་ཏེ།  གནའ་སྔ་མོར་ཆོ་ལོ་དང་ཏཱ་ཡང་གིས་ཆོ་འཕྲུལ་སྐུལ་ཏེ་མི་ཆེན་བླ་ཆེན་ཚོའི་གློ་སྙིང་མཆིན་གསུམ་བསླུས་ཤིང་།   ཡོན་བདག་གི་དར་སྐུད་དང་བཅིངས་བཀྲོལ་གྱི་ཁ་གཡང་ཁྲོད་བོད་པའི་དབང་ཐང་ཡོད་ཚད་ཁྱེར་བའི་བྱུང་པ་ལྟར།  དམར་པོ་གཟན་གྱི་ཤུབ་ནང་ལ་འཛུལ་ཏེ་བོད་པའི་དད་པ་དང་རྣམ་ཤེས་གཏིང་ནས་བཀོག་ཐབས་བྱ་རྩིས་རེད།

    ཉེ་ཆར་ལ་མོའི་ཚུར་རྒྱབ་ཀྱི་དྷ་ས་ན་ཟན་སྒྲིལ་དཀྲུགས་ཏེ་མི་ལོ་ ༡༧ ལ་བོར་སོང་པའི་བཙོན་འོག་གི་པཎ་ཆེན་ཆུང་སྲིད་འཚོལ་བའི་གདུང་དབྱངས་གྱེར་བཞིན་ཡོད་ལ། ལ་མོའི་ཕར་རྒྱབ་ཀྱི་པེ་ཅིན་གཞུང་གིས་གསེར་བུམ་ནང་བཟོས་པའི་པཎ་ཆེན་འཛམ་གླིང་སྒང་གཟིགས་མོར་འདེད་བཞིན་ཡོད།  འཁྲབ་སྟེགས་སྟེང་གི་སྐད་ཆ་རེ་རེ་ནི་ཏང་གིས་གཏུབ་ཅིང་བྲེགས་ཏེ་སྔར་ནས་སོ་ཕག་ལྟར་སྒྲིག་ཡོད་པ་སྨྲ་མི་དགོས་མོད།  ཤ་དར་ཁྲག་དར་གྱི་པཎ་ཆེན་དེའི་ངག་སྒོ་བརྒྱུད་ཕྱིར་བུད་པའི་རང་བྱུང་ཁོར་ཡུག་གི་གལ་གནད་དང་། སེམས་ཀྱི་ཚན་རིག་གི་ནང་ཆོས། འཛམ་གླིང་ཞི་བདེ་ཡི་འབོད་པ་ཞེས་པའི་ཁ་རླངས་འདི་དག་གིས།  ས་སྒང་རིལ་མོ་འདིའི་སྒང་མི་ལོ་དྲུག་ཅུར་ངལ་བ་སྐྱོན་ཏེ་ནང་པའི་ཆོས་ལ་སྔར་མེད་ཀྱི་གར་སྟེགས་བསྐྲུན་མཁན་༸གོང་ས་མཆོག་གི་སྣང་བརྙན་དང་ཤུགས་རྐྱེན་དེ།  མ་འོངས་པའི་ལོ་ཉི་ཤུ་དང་སུམ་ཅུའི་རྗེས་ལ་ག་ལེར་གཟན་གྱི་མཐུ་འོག་ནས་བརྐུ་སེམས་ཀྱི་དམར་པོ་ཏང་གི་རྨི་ལམ་དེའི་ཤིན་ལྐོགས་ཕྱིར་མངོན་བཞིན་པའི་རྣམ་པ་ཞིག་ངང་ངམ་ཤུགས་ཀྱིས་སྤྲད་འོང་གི་འདུག  

            རྒྱ་དམར་པོ་གཟན་དམར་པོའི་འོག་འཛུལ་ཏེ་བརྐུ་ལ་ཆས་བཞིན་པའི་གོམ་སྟབས་འདིས།  དད་པ་དང་དག་སྣང་འོག་གཉིད་དུ་ཡུར་རྒྱུར་གོམས་པའི་བོད་མི་ཚོར་རལ་གྲི་སོ་གཉིས་མ་ཞིག་གི་རྨི་ལྟས་བསྟན་ཡོད་དོ།།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༤ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese