མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་མིག་ནང་གི་རྒྱ་བོད་མི་རིགས་གཉིས།

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

བཙན་རྒོལ་རྒྱལ་སྐྱོབ།

རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་ནང་བཅའ་ཁྲིམས་གང་ཞིག་གི་ནང་དུ་ཡང་འགྲོ་བ་མི་སྤྱི་དང་རྒྱལ་ཁབ་དེའི་སྐྱེ་བོ་ཡོད་དོ་ཅོག་ལ་རང་ལུས་སྲུང་སྐྱོབ་ཀྱི་ཁྲིམས་མཐུན་ཁེ་དབང་ཡོད་ཅེས་བསྟན་ཡོད་ཅིང་། དེ་ནི་ཨ་མེ་རི་ཁའི་སྤྱི་འབངས་ཡིན་ན་འདྲ་རྒྱ་ནག་གི་སྤྱི་འབངས་ཡིན་ན་འདྲ་ཁྱད་པར་སྤུ་ཙམ་ཡང་མེད་པའི་སྒོ་ནས་ངོས་ལེན་བྱས་ཡོད་པ་ཞིག་རེད། ཨ་མེ་རི་ཀས་དེ་རིང་བར་དུ་”རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་”བྱེད་དོན་གྱི་གནད་འགག་ཆེན་པོ་ཞིག་ཀྱང་”མི་རེ་རེའི་འཚོ་གནས་ཀྱི་ཐོབ་ཐང་འདྲ་མཉམ་”ཞེས་པ་འདིའི་འོག་ནས་བྱུང་བ་འབའ་ཞིག་རེད། དཔེར་ན་རྒྱ་ནག་གི་”དྲུག་བཞིའི་དོན་རྐྱེན་”དང་བོད་ལྗོངས་ཀྱི་”གསུམ་བཅུ་བཞིའི་དོན་རྐྱེན་”ལྟ་བུའི་སྐབས་སུ་ཨ་མེ་རི་ཀས་”ལག་པ་འཕྱིད་ས་”གཙོ་བོ་དེ་ནི་”འགྲོ་བ་མིའི་ཐོབ་ཐང་”མ་ཡིན་ནམ།

ཨ་མེ་རི་ཁའི་སྲིད་དོན་དཔོན་རིགས་དང་ཚོང་ལས་མི་སྣའི་བར་དུ་འགལ་བ་འབྱུང་ས་གཙོ་བོ་ཞིག་ཀྱང་”འགྲོ་བ་མིའི་ཐོབ་ཐང་”དང་”འགྲོ་བ་མིའི་འདྲ་མཉམ་གྱི་ཁེ་དབང་སྲུང་སྐྱོབ་”ཅེས་པའི་ཐ་སྙད་འདིའི་འོག་ནས་འབྱུང་གི་ཡོད་ལ། ཨ་རིའི་ཁེ་ཕན་ཆེན་པོའི་མིག་འོག་ནས་འགྲོ་བ་མིའི་ཐོབ་ཐང་དང་རིན་ཐང་སོགས་ནི་དབྱར་ཁའི་གནམ་ངོ་བཞིན་ཆར་བ་འབབ་ཆོག་ཆོག་དང་ཆར་བ་འབབ་མཚམ་བཞག་ཆོག་ཆོག་ཅིག་ཏུ་ག་དུས་ཡིན་ཡང་གནས་ཡོད་པས། དུས་སྐབས་མང་པོ་ཞིག་ལ་རྒྱ་ནག་གི་དམངས་གཙོ་བ་དང་བོད་ཀྱི་རང་དབང་བ་ཚོའི་མགོ་བོ་རྨོངས་སུ་འཇུག་གི་ཡོད་ཅིང་། དེ་ནི་སྐབས་འགར་”ཨ་རིའི་རྒྱབ་རྟེན་”ཟེར་བ་དེ་ཡང་གཏམ་རྒྱུད་ཁྲོད་ཀྱི་ཁ་ཆེའི་རྒྱལ་པོའི་ན་བཟའ་བཞིན་མཛེས་སྡུག་ལྡན་པའི་མིང་ཙམ་མ་གཏོགས་དངོས་ཡོད་ལག་པས་ནམ་ཡང་རག་མི་ཐུབ་པ་ཞིག་རེད།

ཨ་རི་ཡིན་ཡང་འདྲ་རྒྱ་ནག་ཡིན་ཡང་ཆོག ཕྱོགས་གཉིས་ཀའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཕྱོགས་སུ་བཟང་ངན་གཉིས་ཀའི་ཕྱོགས་ནས་འཛམ་གླིང་ནང་ཤུགས་རྐྱེན་ཆེན་པོ་ཞིག་སྤྲོད་ཐུབ དེ་ལས་ཨ་རིའི་ཕྱོགས་ཀྱིས་དྲག་པོའི་མཚོན་ཆའི་ཁ་གཏད་དེ་དབུས་ཤར་ཨེ་ཤི་ཡ་དང་ཡིག་ཐོག་ཡིག་བརྩེགས་ཀྱི་ཆབ་སྲིད་ཀྱི་གནོན་ཤུགས་སྤྲོད་ས་དེ་རྒྱ་ནག་གཙོ་བོ་ཞིག་ཆགས་བསྡད་ཡོད། དཔེར་ན་གཅན་གཟན་གྱི་རྒྱལ་པོར་གྱུར་པའི་སེང་གེ་དེས་ཁ་ཆེན་པོ་ཞིག་གདངས་ཏེ་མདུན་གྱི་སྲོག་ཆགས་དེ་བཟའ་བཞིན་པའི་སྐབས་སུ་དེའི་རྒྱབ་གཟུགས་ཀྱིས་ཀྱང་སྲོག་ཆགས་གཞན་དག་ལ་འཇིགས་སྣང་སློང་ཐུབ་པ་བཞིན་རེད།

དམག་ཆེན་གཉིས་པའི་དུས་ནས་བཟུང་རྒྱ་ནག་དང་ཨ་རི་གཉིས་ཀྱི་འབྲེལ་བ་དེ་མི་མངོན་པ་ནས་མངོན་པ་དང་། མངོན་པ་ནས་ཛ་དྲག་ཏུ་མངོན་པའི་ཕྱོགས་སུ་མྱུར་ཚད་ཧ་ཅང་མཐོ་བོའི་སྒོ་ནས་བསྐྱོད་ཅིང་། ཨ་རིའི་རྒྱ་ནག་གཅིག་གི་ལངས་ཕྱོགས་ཀྱི་རྒྱབ་སྐྱོར་འོག་རྒྱ་ནག་གི་གཟུགས་བརྙན་དེ་འཛམ་གླིང་སྟེང་གློག་ལས་མྱུར་བའི་སྒོ་ནས་ཚད་མཐོར་སོན་པ་མ་ཟད། ཐེ་ཝན་དང་བོད་ལྟ་བུ་ཚོར་བ་རྣོ་བའི་ས་ཁུལ་དག་ཀྱང་ཨ་རིའི་”ཆབ་སྲིད་ཀྱི་སྤྲོ་སྐྱིད་”གཏོང་སའི་གླིང་ཁ་མཛེས་སྡུག་ལྡན་པ་རེ་རེར་བསྒྱུར་པ་དང་། ཨ་རིར་ཁེ་ཕན་ཡོད་དུས་ལྷ་རྫས་དང་གལ་སྲིད་ཁེ་བཟང་མེད་ན་གདོན་རྫས་སུ་བསྒྱུར་ཆོག་ཆོག་གི་ཅ་ལག་ལས་སྐལ་དམན་པ་འདི་གཉིས་ཀྱི་སྟེང་འཚོ་སྡོད་བྱས་ཡོད་པའི་མི་གྲངས་ས་ཡ་དུ་མའི་ལས་དབང་དེ་ཨ་རིའི་”ཆབ་སྲིད་ཀྱི་རྐང་ཤུབས་”གཉིས་སུ་གྱུར་ཡོད་པས། གསར་པ་ནས་རྙིང་པ་དང་། རྙིང་པ་ནས་དྲི་མ་ཅན། དྲི་མ་ཅན་ནས་གཡུག་ཆོག་ཆོག་གི་གོ་རིམ་བསྟར་ཆགས་སུ་གནས་བསྡད་ཡོད་པ་རེད།

པེ་ཅིན་གནམ་བདེའི་སྒོ་ཐང་གི་དྲུག་བཞིའི་དོན་རྐྱེན་དང་སྐབས་དེའི་བོད་ནང་གི་ཟིང་ཆ་གཉིས་ཀྱིས་ཨ་རིའི་རྒྱ་ནག་ལ་འཛིན་པའི་ཆབ་སྲིད་ཀྱི་མིག་རབ་རིབ་གཉིས་ཕྱེས་པ་ནས་བཟུང་སྟེ། མི་རིགས་ཐ་དད་དང་དམིགས་ཡུལ་ཐ་དད་ཡིན་པའི་ཆ་རྐྱེན་གྱིས་བསྐྲུན་པའི་ཟློས་གར་རང་བཞིན་གྱི་ངོ་རྒོལ་དོན་རྐྱེན་འདི་གཉིས་ཀྱིས། ཨ་མེ་རི་ཀའི་ཆབ་སྲིད་པ་ཚོའམ་ཡང་ན་སྲིད་འཚོང་བ་ཚོར་གོ་སྐབས་ངེས་ཅན་ཞིག་ཐོབ་སྟེ། རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་གོ་སྐབས་ཆེན་པོ་ཞིག་ལྷ་ཡིས་གནང་བ་བཞིན་ཐོབ་པ་དང་། ཁེ་བཟང་གང་ན་མང་ཚེ་དེའི་ཕྱོགས་སུ་བསྐྱོད་པའི་ཨ་རིའི་ཆབ་སྲིད་པ་འདོད་རྔམ་ཅན་འདི་རིགས་ཀྱིས་རྒྱ་རིགས་ཀྱི་མི་གྲངས་མང་ཞིང་དེས་རྒྱ་ནག་གི་སྲོག་རྩ་བཟུང་ཡོད་པ་དེ་ལམ་སེང་ཤེས་རྟོགས་བྱུང་བས། རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོའི་ཕྱོགས་སུ་གོམ་པ་དྲུག་ཅུ་བདུན་ཅུ་སྤོས་ཡོད་ན། བོད་རིགས་གྲངས་ཉུང་ཞིང་མཐའ་འཁོབ་ཏུ་གནས་པ་ཚོའི་ཕྱོགས་སུ་གོམ་པ་བཅུ་ཉི་ཤུ་ལས་སྤོས་མེད་པ་རེད་ལ་སྤོ་འདོད་ཀྱང་མེད་པ་རེད།

འདིར་ང་ཚོས་འདས་པའི་ལོ་ངོ་ཉི་ཤུའི་ནང་ཕྱི་མིག་ཅིག་བལྟས་ཚེ། ཁོ་བོས་གོང་དུ་བཤད་པའི་སྐད་ཆ་དག་ལ་ཐལ་ཆ་ཅི་ཡང་མེད་པ་དེ་ཤེས་རྟོགས་ཐུབ་པ་སྟེ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཝེ་ཅིན་ཧྲིན་དང་ཝང་ཏན་སོགས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོར་ཨ་རིའི་ཕྱོགས་ནས་ཉེན་སྐྱོབ་ཁོར་ཡུག་མཁོ་སྤྲོད་བྱས་ཡོད་པ་དང་། ལིག་ཞོ་པོ་དང་ཡིས་ཅེ་སོགས་ལ་ཡོངས་ཁྱབ་ཏུ་མངོན་པ་དང་མངོན་གསལ་མིན་པའི་རྒྱབ་སྐྱོར་ཚད་མཐོ་ག་འདྲ་ཞིག་བྱས་ཡོད་ང་ཚོས་ཤེས་གསལ་བཞིན་ཡིན་མོད། ལས་སྐལ་དམན་པའི་བོད་རིགས་དཔའ་མོ་ཚེ་རིང་འོད་ཟེར་དང་དཔའ་བོ་དོན་གྲུབ་དབང་ཆེན་སོགས་རྩོམ་འབྲི་དང་གློག་བརྙན་བཟོ་སྐྲུན་གྱི་ལམ་ནས་བོད་དོན་ཁྱབ་བསྒྲགས་བྱེད་མཁན་ཚོར་ཨ་རིའི་ངོས་ནས་རྒྱབ་སྐྱོར་ག་ཚོད་ཅིག་བྱས་ཡོད་དམ། ཁོང་གཉིས་ཨ་རིར་སྨན་བཅོས་དང་སློབ་སྦྱོང་གི་མིང་ཐོག་ནས་གདན་འདྲེན་མི་ཞུ་བའི་གནས་ལུགས་རྩ་བ་དེ་གང་ལ་ཐུག་ཡོད་དམ། དོན་ངོ་མར་རྒྱ་ནག་གི་ཝེ་ཅིན་ཧྲེང་དང་ཝང་ཏན་གཉིས་དང་བོད་ཀྱི་སྐུ་ཞོགས་དཔལ་ལྡན་རྒྱ་མཚོ་དང་རྟ་ནག་འཇིགས་མེད་བཟང་པོ་གཉིས་ཏེ་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་རང་སྲོག་འབེན་དུ་བཞག་པའི་མི་བུ་འདི་བཞི་ལ་ཁྱད་པར་ག་རེ་ཤོར་སོང་བ་རེད།

ལྷག་པར་དུ་རྩོམ་ཡིག་འདི་འབྲི་དགོས་པའི་དོན་སྙིང་ལྟེ་བ་ཞིག་སྟེ། ལོ་གསར་རྙིང་འདི་གཉིས་ཀའི་ནང་དུ་བོད་ཕྱི་ནང་གཉིས་ཀ་ནས་བོད་མི་སུམ་ཅུ་སོ་གྲངས་ཤིག་གིས་བོད་མི་ས་ཡ་དྲུག་གི་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་སྲུང་སྐྱོབ། ཆོས་ལུགས་ཀྱི་དབུ་ཁྲིད་བོད་ལ་གདན་ཞུ་སོགས་ཀྱི་འབོད་སྒྲ་སྒྲོག་བཞིན་ཆེས་གཅེས་སུ་འོས་པའི་རང་རང་གི་ཚེ་སྲོག་དེ་དག་ཐེ་ཚོམ་ཅི་ཡང་མེད་པའི་སྒོ་ནས་མཐོང་ན་འཇིགས་སུ་རུང་ཞིང་དྲན་ན་སེམས་པ་སྐྱོ་བའི་དྲག་ཏུ་འབར་བའི་མེ་དམར་པོའི་ཀློང་དུ་བསྟིམས་སོང་ཡང་། ཨ་རིའི་གཞུང་དང་མི་དམངས་ཀྱིས་སེམས་འགུལ་ཐེབས་པའི་གསལ་སྒྲོག་དང་ཚེ་འདས་དེ་ཚོའི་ནང་མིར་ཐུག་འཕྲད་སེམས་གསོ་ལྟ་བུ་ཅི་ཞིག་གནང་ཡོད། ཡིན་ན་ཡང་རྒྱ་རིགས་ཁྲིམས་རྩོད་པ་ལོང་པ་ཁྲེན་རང་ཁྱིམ་ནས་ཨ་རིའི་རྒྱལ་ཁབ་ཀྱི་ཚབ་མཚོན་གཞུང་ཚབ་ལས་ཁུངས་སུ་ཁྲིད་པ་དང་། ཨ་རིའི་གཞུང་ཚབ་ཆེན་མོ་རྒྱ་རིགས་སྒེ་རེ་ལོག་དང་ཨ་རིའི་དམིགས་བསལ་ཆེད་གཏོང་སྐུ་ཚབ་ཀྱིས་ལག་པ་དང་ལག་པ་འཇུས་ཏེ་བྱམས་བརྩེ་ཆེན་པོའི་རྣམ་འགྱུར་ཚད་མེད་བསྟན་པ། ཡང་དེ་ནས་སྨན་ཁང་དུ་བསྐྱལ་རྗེས་སུ་ཁོང་ལ་ཨ་རིའི་བསྐྱོད་པའི་སྒོ་མོ་ཆེ་ཆེར་ཕྱེས་པ་སོགས་ལ་བལྟས་པ་ཡིན་ན། འཛམ་གླིང་འདིར་བཙན་པོའི་གཉའ་གནོན་དང་གཉོམ་ཆུང་གི་རྒྱབ་རྩ་ཡིན་པར་གྲགས་པའི་ཨ་མེ་རི་ཁའི་གཞུང་འདིའི་མིག་ལམ་དང་རྣ་ལམ་དུ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོ་དང་ཁོ་ཚོའི་འབོད་ཚིག་འོག་གི་རྒྱ་མི་རིགས་དང་། བོད་རིགས་ཚེ་སྲོག་མཆོད་སྦྱིན་བྱེད་མཁན་དེ་དག་དང་ཁོ་ཚོའི་འཆི་ཁའི་འབོད་སྒྲའི་ཀློང་གི་བོད་རིགས་གཉིས་ལ་ཁྱད་པར་ཅི་ཞིག་ཤོར་སོང་བ་རེད།  

ཉིན་འགའི་སྔོན་ཁོ་བོ་ས་འདིའི་ཚོང་ཁང་ཆེན་པོ་ཞིག་གི་གྲུ་ཟུར་དུ་ཡོད་པའི་འཚིག་ཇ་འཐུང་ས་ཞིག་ཏུ་བསྐྱོད་པ་ཡིན་ལ། དེའི་སྒོ་འགྲམ་དུ་འཛམ་གླིང་གི་ཚགས་པར་ཆེ་ཤོས་གྲས་<<ཉིག་ཡོར་དུས་བབ་>>དང་ཞིང་ཆེན་འདིའི་སྦྲག་ཚགས། ས་གནས་དུས་བབ་སོགས་བཤམས་ཡོད་པའི་མདུན་ཤོག་སྟེང་དུ་རྒྱ་མི་ཁྲེན་དང་ཨ་རིའི་གཞུང་ཚབ་ཆེན་མོ་སྒེ་རེ་ལོག་སོགས་ལྷན་འཛོམས་ཀྱི་འདྲ་པར་ཆེན་པོ་དག་ཧ་ཅང་མངོན་གསལ་དོད་པོའི་སྒོ་ནས་མཐོང་རྒྱུ་འདུག་ཅིང་། དེ་མ་ཐག་ཁོ་བོའི་སེམས་ནང་ལོ་སྔོན་མའི་ལོ་མཇུག་ཏུ་བདག་གིས་འདི་གའི་སྤྱི་དམངས་དཔེ་མཛོད་ཁང་ཞིག་ཏུ་<<ཉིག་ཡོར་དུས་བབ་>>ཅིག་གི་ཤོག་ངོས་ལྔ་པ་དྲུག་པ་གང་རུང་ཞིག་གི་ཟུར་མཐའ་ཞིག་ན་བོད་པའི་ཨ་ནེ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་སྐོར་གྱི་གསར་འགྱུར་མཐེ་བོང་གི་ཚད་ཙམ་ལས་མེད་པ་ཞིག་བྲིས་ཡོད་པ་དེ་བཀླགས་པ་དེ་ལམ་སེང་དྲན་སོང་བས། རང་གི་ཁེ་སྤོགས་གཅིག་པོ་མ་གཏོགས་མི་བསམས་པའི་ཨ་རིའི་དཔོན་རིགས་ཁག་ཅིག་དང་ཨ་རིའི་ཚོང་པ་གནག་སེམས་ཧ་ཅང་ཆེ་བ་སྐོར་ཞིག་དང་། རྒྱ་ནག་གི་དཔོན་རིགས་འདི་ཚོས་དོན་ངོ་མར་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་གྲང་དམག་རྒྱག་གི་ཡོད་དམ་ཁེ་སྤོགས་བཟའ་རེས་བྱེད་ཀི་ཡོད་ཁོ་བོས་དུས་ད་ལྟ་བར་ཧ་ཅང་རྟོགས་དཀའ་བར་འདུག་ལ། བདག་གིས་འདི་ནས་ཨ་རིའི་གཞུང་འབྲེལ་དཔོན་རིགས་ཚོས་ཏྰ་ལའི་བླ་མར་གསེར་གྱི་གཟེངས་རྟགས་སྤྲད་པ་དེ་ལས་ཀྱང་བོད་ནང་མི་ལུས་དམར་མཆོད་བྱེད་པའི་དུས་ཚོད་ཧ་ཅང་ཛ་དྲག་ཆེ་བའི་དུས་འདིར་ཨ་མེ་རི་ཁའི་གཞུང་གིས་རང་གི་ཁེ་སྤོགས་དང་རྒྱ་མི་རིགས་ཀྱི་ངོ་དཀར་ནག་འཚོ་རྒྱུ་འདི་རེ་ཞིག་ཟུར་དུ་བཞག་ནས་བོད་མི་རིགས་ཀྱི་ཆེད་དུ་སྐད་ཆ་ཏོག་ཙམ་ཞིག་བཤད་རོགས་གནངས་ཞེས་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན་བོད་མི་རིགས་འདི་ཡང་འཛམ་གླིང་གི་མི་རིགས་གཞན་དག་དང་ཁྱད་པར་རྒྱ་ནག་མི་རིགས་དང་འདྲ་བར་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་ས་སྟེང་གི་སྲོག་ལྡན་གྱི་སྤྱི་ཚོགས་ཤིག་ཡིན།

རྩོམ་ཡིག་འདི་མཇུག་མ་རྫོགས་གོང་བཤད་ན་འདོད་པའི་སྐད་ཆ་ཞིག་ནི། ཨ་རིའི་གཞུང་དང་མི་དམངས་གཉིས་ཀའི་ངོས་ནས་ལོ་ངོ་འདི་སྙེད་ཅིག་ལ་རྒྱ་ནག་གིས་བཟོས་པའི་ལྷམ་དང་ལྭ་བ་གྱོན། རྒྱ་ནག་གིས་བཟོས་པའི་ཅ་ལག་ཁྱིམ་དུ་བརྩིགས། རྒྱ་ནག་གིས་བཟོས་པའི་གློག་ཀླད་དང་ཁ་པར་ལག་ཏུ་ཐོགས་ནས་འཚོ་བ་བསྐྱལ་དང་སྐྱེལ་བཞིན་ཡོད་པས། རྒྱ་མི་དམར་ཕྱོགས་ཡིན་ན་འདྲ་རྒྱ་མི་དམང་གཙོ་བ་ཡིན་ཡང་རུང་གལ་སྲིད་རྒྱ་མི་ཞིག་ཡིན་ན་དེའི་ངོ་དཀར་ནག་འཚོས་དང་འཚོ་བཞིན་པའི་དུས་རབས་འདིར། བོད་ནང་སྲོག་ཆགས་གྲོག་མའི་སྟེང་དུ་རྐང་པ་སྤོ་རྒྱུར་ཡང་འཚེར་སྣང་བྱེད་པའི་བྱམས་སེམས་ཅན་གྱི་བོད་མི་རེ་རེས་འུ་ཐུག་ཐབས་ཟད་ཀྱིས་རང་རང་གི་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་དེ་ཚོ་མེར་བསྲེགས་གཏོང་ཐེངས་རེ་རེར། ངའི་མིག་ལམ་དུ་སྲིད་འཛིན་ཨོ་སྦ་མའི་ཆབ་སྲིད་པ་མགོ་བདེ་བོའི་གཟུགས་རིས་དེ་མི་ཤར་བར་རྒྱག་གཅིག་མཆོང་གཅིག་ཡིན་པའི་ སྔོན་ཆད་ཀྱི་ཨ་རིའི་སྲིད་འཛིན་རྗོར་རྗེ་དགྲ་རྦད་ལུ་སྦུ་ཞི་དྲན་ཡོང་ཞིང་། དེ་བས་ཐེངས་རྗེས་མའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ངས་སྲིད་འཛིན་ཨོ་སྦ་མར་འོས་ཤོག་འཕེན་གྱི་མིན་ཞེས་འདིར་བརྗོད་འདོད་བྱུང་།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༥ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༥ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༩ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 5

  1. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    བཤད་ཚད་བདེན་པ་རེད། འོན་ཀྱང་ང་ཚོས་སྡུག་ཡུལ་བཤད་ནས་ཅི་ཕན། རྒྱལ་ཁབ་ཀྱི་འགོ་ཁྲིད་ཚང་མས་སོ་སོའི་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་དགོས་དུས་སོ་སོའི་མི་དམངས་དང་རྒྱལ་ཁབ་ཀྱི་ཁེ་ཕན་གཅོ་བོ་བཟུང་ནས་གཏམ་བཤད་དང་ལག་ལེན་ཚང་མ་དེའི་ཐོག་འགྲོ་གི་རེད། ཨ་རེའི་གཞུང་དམངས་བྱང་ཆུབ་སེམས་པ་མ་རེད། མ་གཞི་ནས་བོད་མིའི་རང་དབང་བོད་མིས་རྩོད་ནས་ལེན་དགོས་པ་ལས་སུས་ཀྱང་རྩོད་ལེན་རྣལ་མ་ཞིག་དང་རྒྱབ་སྐྱོར་སླད་མེད་ཅིག་མེད་པ་མཐོང་ཆོས་རེད།

    Reply
  2. ཤིང་རྟ། says:
    ལོ་ 14 སྔོན།

    ཐེངས་རྗེས་མའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ངས་ཀྱང་སྲིད་འཛིན་ཨོ་སྦ་མར་འོས་ཤོག་འཕེན་གྱི་མིན།

    Reply
  3. དུག་མདའ། says:
    ལོ་ 14 སྔོན།

    ཨ་རི་བོད་པའི་ཨ་ཕ་ནི་མ་རེད། མགོ་བདེ་བོ་བྱེད་རྒྱུ་ནི་རྒྱལ་ཁབ་ཅིག་གི་སྲིད་སྐྱོང་སྟངས་ཚུལ་མཐུན་ཞིག་རེད། ད་ཁྱོད་ཚོ་ལ་ཁེ་ཕན་གྱི་གོ་སྐབས་ཤིག་བསྐྲུན་ཡོད། ཁ་ཞིག་གྲགས་རོགས་བྱོས་ཟེར་ན་ལོགས་ཀ་རེད། མ་གཞི་ནས་ཨ་རིས་རོགས་བྱས་ནས་ང་ཚོའིདོན་དག་འགྲིག་འགྲོ་གི་རེད་བསམ་མཁན་འདྲ་ཨེ་ཡོད་ན།

    Reply
  4. ཐོ་རེངས། says:
    ལོ་ 14 སྔོན།

    འདིར་ཨ་རིའི་མིག་ནང་གི་རྒྱ་བོད་མི་རིགས་གཉིས། ཅེས་པའི་ཟིན་བྲིས་འདི་ལ་གསར་དུ་གོ་རྒྱུ་ཅི་ཡང་མི་འདུག་ལགས། གང་ཡིན་ཞེ་ན་ད་སྐབས་རྒྱ་ནག་གི་ཤིན་དཔའ་གསར་འགྱུར་ཞེས་པའི་ནང་དུ་བཀོད་ཡོད་པའི་དམར་པོའི་ལྟ་བ་རྣམས།འདིར་དོན་བསྒྱུར་བྱས་ནས་བྲིས་འདུག སྤྱིར་མི་སུ་ཞིག་གི་སྐད་ཆ་ཞིག་བཤད་ན་བརྒྱ་ཆའི་བརྒྱ་ཡང་དག་ཡིན་མི་སྲིད་ལ། བརྒྱ་ཆའི་བརྒྱ་རྗུན་པ་ག་ལ་ཡིན། དེས་ན་ཁྱེད་ཀྱིས་ཆར་མན་མོའོ་ཙེ་ཏུང་སོགས་རྒྱ་ནག་དམར་ཕྱོགས་པའི་ལྟ་བ་འགའ་རེད་འདིར་བཀོད་པ་ལ་རྗེས་ལོན་བྱེད་རྒྱུ་ཡོད་སྲིད། མ་ཟད་བོད་དང་རྒྱ་ནག་གི་སེམས་ཁམས་འདྲ་བོ་ཡོད་ཕྱིར་མི་མང་པོ་ཞིག་འདི་ལ་དགའ་ཡང་སྲིད།
    འོན་ཀྱང་ང་ཚོ་བོད་པ་ཚང་ནི། ནམ་རྒྱུན་བོད་རེ་བས་ཕོངས་ཞེས་པ་ལྟར་མི་གཞན་ཞིག་རེ་བ་འཆའ་དྲག་པའི་དབང་གིས་དེང་སང་རྒྱལ་ཁབ་གཞན་དག་དང་། གྲོགས་པོ་གཞན་དག་ལ་བློ་ཕམ་གང་མང་འབྱུངས་དང་འབྱུང་བཞིན་པ་རེད། དངོས་གནས་བཤད་ན་འདི་ནི་ང་ཚོའི་སྐྱོན་རེད། རྒྱལ་ཁབ་དང་མ་ཟད་གང་ཟག་རྒེར་པ་སུ་ཞིག་ཡིན་ནའང་རང་མགོ་རང་གི་ཐོན་དགོས་མ་གཏོགས་གཞན་ལ་ལེ་ལན་འཇོག་ས་མེད།
    ལྷག་པར་དུ་ཨ་རི་ལྟ་བུའི་རྒྱལ་ཁབ་ཆེན་པོ་ཚོ་ལ་མཚོན་ན་འཛམ་གླིང་གི་སྟེང་ན་དོན་སྐྱེན་ཆེ་ཤོས་དང་། མི་གྲངས་མང་ཉུས་སོགས་གྱི་ཁེ་ཕན་ལ་བལྟ་སྲིད་མ་གཏོགས། བོད་པ་ཚང་ངོ་ཆེ་རྒྱུ་ཨེ་ཡོད་མི་ཤིས།
    དེས་ན་རང་མགོ་རང་ཐོན་ཕྱོགས་ལ་འཆར་གཞི་འཇོག་དགོས། དེ་མིན་དེས་མ་ཐོན། འདིས་མ་ཉན་སོགས་ལེ་བརྡ་དེད་ནས་མི་ཚེ་བསྐྱལ་བསྡད་ན་བོད་པའི་མདུན་ལམ་ད་སྔོན་ནང་བཞིན་ཞིག་ཡིན་རྒྱུ་རེད་ལགས།

    Reply
  5. སྐར་མདའ། says:
    ལོ་ 14 སྔོན།

    བདེན་པ་རེད། སྡིག་དཔོན་མའོ་ཡིས་༼ཨ་མེ་རི་ཀ་ནི་ཤོག་བུའི་སྟག་ཡིན་༽ཞེས་བཤད་མྱོང་བའི་གཏམ་དེ། ཨ་རིའི་སྲིད་འཛིན་ཟུར་བ་སྦིལ་ཁི་ལིན་ཀྲོན་གྱིས་བདེན་པར་གྱུར་པའི་གཞི་སྒྲོམ་བསླངས་པ་དང་། ཨོ་སྦ་མ་ནག་རིལ་གྱིས་གཏམ་དེ་བདེན་ཐོག་དངོས་སུ་བསྐྱལ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese