མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་འཚོང་བའི་ཉེས་མིང་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

པཱ་ཀི་སི་ཐན་གྱིས་སྨན་པ་ཨ་ཧྥི་རེ་ཌེ་ལ་རྒྱལ་འཚོང་བའི་ཉེས་ཁྲིམས་བཅད་པར་བརྟེན། ཨ་རི་གཞུང་གིས་ཨ་སྒོར་ས་ཡ་ ༣༣ ཀྱི་རོགས་དངུལ་གཅོད་རྒྱུ་ཡིན་པར་བསྒྲགས་འདུག

ཉེ་མལ་པཱ་ཀི་སི་ཐན་གྱི་ཁྲིམས་ཁང་ཞིག་གིས་ཨ་ཧྥི་རེ་ཌེ་ (Afridi) ཟེར་པའི་སྨན་པ་ཞིག་གིས་བྷེན་ལཱ་ཌན་འཚོལ་ཞིབ་ཐད་ཨ་རིའི་གསང་བའི་ལས་ཁུངས་ལ་རོགས་པ་བྱས་པའི་ཉེས་མིང་འོག ལོ་ ༣༣ གྱི་བཙོན་འཇུག་ཁྲིམས་ཐད་བཅད་ཡོད་པ་དང་། གནད་དོན་དེར་ཨ་རི་གཞུང་གིས་སྔ་ཕྱིར་པཱ་ཀི་སི་ཐན་གྱི་བྱེད་སྟངས་དེ་དྲང་བདེན་མིན་པའི་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཉེས་ཅན་པ་ཨང་དང་པོ་བྷེན་ལཱ་ཌན་འཛིན་བཟུང་བྱ་རྒྱུ་དེ་ཨ་རི་དང་པཱ་ཀི་སི་ཐན་གཉིས་ཀར་འགན་ཡོད་པ་ཞིག་ཡིན་སྟབས། སྨན་པ་ཨ་ཧྥི་རེ་ཌེ་འཕྲལ་དུ་བཙོན་གྲོལ་བྱ་དགོས་པའི་ནན་སྐུལ་བྱས་ཡོད་པ་རེད།

པཱ་ཀི་སི་ཐན་གཞུང་གིས་སྨན་པ་ཨ་ཧྥི་རེ་ཌེ་ནི་པཱ་ཀི་སི་ཐན་གྱི་མི་སེར་ཡིན་པ་དང་། ཁོས་སོ་སོའི་རྒྱལ་ཁབ་ཀྱི་བདེ་སྲུང་ལ་འགན་མ་ཁུར་པར་གསང་པའི་སྒོ་ནས་རྒྱལ་ཁབ་གཞན་གྱི་གསང་ཉུལ་བ་བྱས་ཏེ་རྒྱལ་འཚོང་གི་ལས་དོན་བསྒྲུབས་པར་ཉེས་ཆད་བཏང་པ་ཞིག་ཡིན་པ་དང་། ཉེས་ཅན་མི་སྣ་འཛིན་བཟུང་བྱ་རྒྱུར་ཨ་རིའི་གཞུང་གིས་པཱ་ཀི་སི་ཐན་གཞུང་དང་མཉམ་འབྲེལ་བྱ་དགོས་ཡོད་ཀྱང་། དེ་ལྟར་མ་བྱས་པར་པཱ་ཀི་སི་ཐན་གཞུང་ལ་གསང་བའི་སྒོ་ནས་མི་སེར་ལ་གསང་ཉུལ་བྱས་བཅུག་པ་དང་། གསང་སྟབས་ཀྱིས་པཱ་ཀི་སི་ཐན་གྱི་རྒྱལ་ཁོངས་སུ་འཛུལ་ཏེ་བྷེན་ལཱ་ཌན་དམར་གསོད་བཏང་པ་བཅས་ནི་ཨ་རིའི་པཱ་ཀི་སི་ཐན་གྱི་བདག་དབང་ལ་བརྩི་བཀུར་མ་བྱས་པ་དང་། སྨན་པ་ཨ་ཧྥི་རེ་ཌེ་ལ་པཱ་ཀི་སི་ཐན་གྱི་ཁྲིམས་ཁང་ནས་ཐག་གཅོད་བྱས་པ་ཞིག་ཡིན་སྟབས།་ཨ་རི་དང་པཱ་ཀི་སི་ཐན་གཉིས་ཀྱིོས་རྒྱལ་ཁོངས་སོ་སོའི་ཁྲིམས་ལུགས་ལ་བརྩི་སྲུང་བྱ་དགོས་པའི་ལན་འདེབས་བྱས་འདུག

ཁ་སང་ཕྱི་ཚེས་ ༢༤ ཨ་རིའི་རྒྱལ་དོན་དྲུང་ཆེ་ཧཱེ་ལ་རེ་ཁཱི་ལེན་ཝོན་གྱིས། པཱ་ཀི་སི་ཐན་གཞུང་གིས་སྨན་པ་ཨ་ཧྥི་རེ་ཌེར་ཉེས་འཛུག་ཁྲིམས་ཐག་བཅད་པ་དེར་ངོ་རྒོལ་ཡོད་པ་དང་། དམག་དོན་དེའི་ཐད་མུ་མཐུད་པཱ་ཀི་སི་ཐན་གཞུང་གི་དཔོན་རིགས་ཚོ་དང་གླེང་སློང་བྱ་རྒྱུ་ཡིན་པར་བརྗོད་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་ནས་ལོ་ལྟར་པཱ་ཀི་སི་ཐན་གཞུང་ལ་རོགས་དངུལ་སྤྲོད་ཀྱི་ཡོད་པ་ལས། ལོ་རྗེས་མའི་རོགས་དངུལ་ལས་ཨ་སྒོར་ས་ཡ་ ༣༣ མེད་པར་གཏོང་རྒྱུ་ཡིན་ཚུལ་བསྒྲགས་འདུག

པཱ་ཀི་སི་ཐན་ཁྲིམས་ཁང་གིས་བརྗོད་པ་ལྟར་ན། བྷེན་ལཱ་ཌན་དམར་གསོད་བཏང་པའི་བདུན་ཕྲག་གསུམ་ཙམ་གྱི་མཚམས་སུ་སྨན་པ་ཨ་ཧྥི་རེ་ཌེ་ལ་བྷེན་ལཱ་ཌན་གཡོ་བཙོང་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་དང་། ཁོང་འཛིན་བཟུང་བྱས་རྗེས་འདྲི་གཅོད་རིམ་པར་བྱས་མཐར། སྨན་པ་ཨ་ཧྥི་རེ་ཌེ་ཡིས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་བཀོད་མངགས་འོག ནད་གཞི་སྔོན་འགོག་གི་ལས་གཞི་ཞིག་སྤེལ་ཏེ། བྷེན་ལཱ་ཌན་སྦས་སྐོང་བྱས་ཡོད་པའི་དོགས་གཞི་ཅན་གྱི་ས་ཁུལ་ཁག་ནང་གི་མི་མང་དང་བྱིས་པ་ཚོར་འགོག་ཁབ་བརྒྱབ་པ་བརྒྱུད། བྷེན་ལཱ་ཌན་དང་ཤ་ཁྲག་གི་འབྲེལ་བ་ཡོད་པ་ཞིག་གི་ཁྲག་རིགས་བརྟག་དཔྱད་བརྒྱུད་བྷེན་ལཱ་ཌན་གྱི་སྡོད་གནས་ཤེས་རྟོགས་དང་གཡོ་བཙོང་བྱས་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

ཨོ་གླིང་གྲོས་ཚོགས་ཀྱིས་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༥ སྔོན་ལ།
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧

མཆན། 1

  1. ཨ་མདོ་བ། says:
    ལོ་ 14 སྔོན།

    ཉེ་མལ་མིན་པ་་་་་་་་་་་ཉེ་ལམ་ཡིན་པ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese