མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་ཐང་དུ་བུད་མེད་ཅིག་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་ལྷག་པའི་ཉིན་གྱི་ཕྱི་དྲོ་རྔ་པ་ཁུལ་འཛམ་ཐང་བར་མ་ཡུལ་ཚོའི་བུད་མེད་ཅིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་ས་གནས་དེར་སྐུ་གྲོངས་འདུག

ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་སུ་ད་ལྟ་རང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན།  དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༣ པ་ཡས་མས་སུ་འཛམ་ཐང་བར་མ་ཡུལ་ཚོའི་གཙང་སྡེ་བའི་ཕ་ཕྱུག་ལོ་དང་མ་རིན་ལྷ་གཉིས་ཀྱི་བུ་མོ། རང་ལོ་ ༣༣ ཡས་མས་ཡིན་པ་རི་ཀྱོ་ལགས་ཀྱིས། རྔ་པ་ཁུལ་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འཁྲིས་སུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་ས་གནས་དེར་སྐུ་གྲོངས་ཡོད་འདུག

རང་ལུས་མེར་བསྲེགས་གཏོང་མཁན་བུད་མེད་རི་ཀྱོ་ལགས་ཀྱི་ཁྱོ་གའི་མིང་ལ་སྣང་སྟོང་ཟེར་བ་དང་། ད་ལྟ་ཁོང་གཉིས་ལ་བྱིས་པ་གསུམ་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

མིས་བཟོས་རིག་ནུས་ཀྱི་བསྒྲིགས།
Editorials

མི་རབས་གསར་པའི་ངར་ཤུགས།

ཆུ་ཚོད་ ༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན།

༢༠༢༦/༡༠/༠༩
Mobile App

འཐབ་རྩོད་གཉིས།

༢༠༢༦/༡༠/༠༨
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༠༨
ཨ་མ་རྗེ་བཙུན་པདྨའི་གཟེངས་རྟགས་བཞེས་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ།

༢༠༢༦/༡༠/༠༧
TTTT
Mobile App

ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད།

༢༠༢༦/༡༠/༠༧

མཆན། 6

  1. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ཀྱེ་མ་ཀྱེ་ཧུད་ང་ཡི་སྤུན་ཟླ་ལགས། །སྐུ་ལུས་བསྲེགས་པ་བོད་ཀྱི་དོན་ཡིན་ཀྱང་། །སྙིང་སྟོབས་འགྲན་ཟླ་བའི་སྐྱེས་མཆོག་རྣམས། །རེ་རེ་གཤེགས་པ་སྙིང་ལ་ནད་དུ་མཆིས། །འཛམ་གླིང་རྫུན་གྱིས་གང་བའི་དུས་ངན་འདིར། །ཁྱེད་དང་ཁྱེད་ཉིད་ལྟ་བུའི་སྐྱེས་མཆོག་ཚོས། །རང་ལུས་བསྲེགས་པའི་བདེན་པའི་དར་ཆ་དེ། །འཛམ་གླིང་ཧྲིལ་པོར་འཕྱུར་བར་ཐུགས་རྗེ་ཆེ། །ཉམ་ཆུང་བོད་མི་ཧམ་ཆེན་རྒྱ་ཡིས་ཟ། །གནམ་ས་གཉིས་ནས་བོད་མི་གྲངས་མེད་བསད། །དཔའ་བོ་སྟོང་གིས་སྙིང་ནས་མ་བཟོད་པར། །བསམ་པའི་མཐའ་མར་རང་ལུས་མེར་བསྲེགས་ནས། །འཛམ་གླིང་ཡོངས་ལ་བདེན་པའི་དཔུང་རོགས་ཞུས། །གཅེས་པའི་ཚེ་སྲོག་བདེན་པའི་གཏར་མ་ལ། །བཞག་ནས་གངས་ཅན་བོད་ཀྱི་གུད་ཆག་ལ། །ལན་གཟིགས་པའི་ཞུ་འབོད་མེ་ཡིས་བྱས། །

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    དཔའ་མོ་རི་ཀྱོ་ལགས་ལ་བསྔོ་ཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿཿཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿ
    བཙན་བྱོལ་ཚོ་ལ་ཚོར་སྣང་ཅི་ཡང་མེད་པ་འདྲ།།

    Reply
  3. འཁྲུངས་སྐར། says:
    ལོ་ 14 སྔོན།

    ད་ཡིན་ན་ནི་དེ་སྔོན་སྤྱི་མཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མའི་བོད་ནང་གནས་ཚུལ་རིགས་བྱུང་ཚེ་དེ་སྔོན་མ་འཇོན་བྱུང་ཡོད་ཞིག་པའི་ངོས་ལེན་བྱེད་ཡོད་ ད་གསར་པ་འདི་འདྲ་རིགས་བྱུང་ཚེ་མ་གོ་བ་བཞིན་བཞུགས་པ་དེ་བློ་ཕམ་ཡོད་ ཁྱེད་རྣམས་པ་དབུ་ཁྲིད་མི་འགའ་ཤས་གིས་ལས་ཀ་ག་ལ་ཡིན་ཏེ་འོན་ཏེ་མི་དམངས་བསྐུལ་བའི་དུས་ཞིག་རེད་ད

    Reply
  4. གངས་ཕྲུག says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་པོ་དཔའ་མོ་གསུམ་ལ་སྙིང་ནས་གུས་ཕྱག་འཚལ།
    ཁྱེད་རྣམས་ཀྱིས་བསམ་དོན་མྱུར་ཏུ་འགྲུབ་པའི་སྨོན་འདུན་ཞུ།
    བོད་མའི་བསྒྲིགས་འཛུག་གཞུང་དང་ཚོགས་པ་སྐྱིད་སྡུག་ཁག་གིས་
    ད་ལས་འགུལ་རེ་བྱེད་རྒྱུ་ཚར་སོང་བ་རེད་དམ།

    Reply
  5. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    ང་མ་མེད་དྭ་ཕྲུག་གསུམ་པོས།
    སེམས་སྐྱོ་ཡང་སྐྱོ་དགོས་ཆོད་ཀི
    བོད་བསྟན་པ་ཆབ་སྲིད་དོན་དུ
    ངའི་མ་ལོས་རང་ལུས་འབུལ་ཀི

    ངེད་མ་བུའི་བརྩེ་བ་ལོས་ཡོད
    ངེད་ནང་མིའི་དྲོད་ཁོལ་ལོས་ཡོད་
    སེམས་བརྩེ་བའི་དྲན་གདུང་བསམ་ན
    སེམས་སྐྱོ་བའི་མིག་ཆུ་ཤོར་ཀི

    ཨ་ཤུ་རེ་ཕྱི་བསྡོད་བོད་མི
    ནང་བོད་མིའི་ཚེ་སྲོག་བསམ་ནས
    ཕྱི་རྒྱལ་ཚོགས་སྒོ་འགྲམ་ཐོག་ན
    བོད་མི་ཡི་ལས་དབང་གླེང་རོགས

    Reply
  6. སྐར་མདའ། says:
    ལོ་ 14 སྔོན།

    ཧ་ཅང་གི་བློ་ཕམ་ངང་གདུང་སེམས་མཉམ་བསྐྱེད་ཡོད། བདེན་པ་རྒྱལ་གྱུར་ཅིག བཀའ་ཁྲིས་གཙོས་པའི་ལས་ཀྱི་སྣེ་མོ་བ་ཚོས་གོ་སྐབས་མ་ལྷོད་པ་གནང་དགོས་གལ་ཆེ། སྟོང་གཏམ་རེ་སྒྲོག་བཞིན་མ་བཞུགས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese