མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བ་ཞིག་དམར་གསོད་བཏང་།

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp


ཉེ་ཆར་ལྷ་ས་གྲོང་ཁྱེར་གྱི་ཞིབ་བཤེར་ས་ཚིགས་ཤིག་ཏུ། ཨ་མདོ་ཐེ་བོ་ནས་ཡིན་པའི་གྲྭ་བ་ཞིག་ལ་རྒྱ་དམག་གིས་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་ཡོད་འདུག

དེ་རིང་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་ཆར་ཨ་མདོ་ཀན་ལྷོ་ཁུལ་ཐེ་བོ་ནས་ཡིན་པའི་གྲྭ་བ་ཞིག་ལ་ལྷ་ས་གྲོང་ཁྱེར་གྱི་ས་ཚིགས་ཁ་ཤས་ནས་ཞིབ་བཤེར་ཡང་ཡང་བྱས་སྟབས། གྲྭ་བ་དེ་སུན་སྣང་སྐྱེས་ཏེ་ “ནག་ཉེས་གང་ཡང་མེད་མཁན་ཞིག་ལ་འདི་འདྲའི་ཞིབ་བཤེར་ཡང་ཡང་བྱེད་དོན་ཅི་ཡིན” ཞེས་བརྗོད་དེ་དམག་མི་ཞིག་དང་ཁ་ཚོད་ཤོར་སྐབས། དམག་མི་དེས་འདུག་ཚོད་མ་ཟིན་ན་གསོད་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་པར། གྲྭ་བ་དེ་ཁོང་ཁྲོ་ལངས་ཏེ་ཁྱེད་ལ་བློ་ཁོག་ཡོད་ན་ང་ད་གསོད་ཅིག་ཟེར་ནས་བྲང་ཁ་ཕྱིར་བསྟན་པར། དེ་མ་ཐག་རྒྱ་དམག་དེས་མེ་མདའ་བརྒྱབ་ཡོད་ཅིང་། སྐབས་དེར་ཁོང་ལ་རོགས་པ་གཉིས་ཡོད་པ་དེས་སྨན་ཁང་དུ་བསྐྱལ་ཡོད་ཀྱང་། མེ་མདས་གློ་རྩ་བྲེག་ཡོད་སྟབས་མྱུར་སྐྱོབ་མ་ཐུབ་པར་འདས་གྲོངས་སུ་ཕྱིན་ཡོད་འདུག གྲྭ་བ་དེའི་མིང་དང་དུས་ཚེས་གསལ་བོ་ཤེས་མ་སོང་ཟེར།

 

གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན། “ ང་རང་དེང་སྐབས་ཨ་མདོའི་གྲོང་ཁྱེར(་་་་་་་་་)ན་ཚོང་ལས་གཉེར་གྱི་ཡོད། ཁ་སང་ང་དང་ཕ་ཡུལ་གཅིག་པའི་གྲྭ་བ་ཞིག་གིས་འདི་གར་རྒྱ་ཆས་གྱོན་ནས་འགྲོ་བཞིན་ཡོད་པ་མཐོང་སོང་། ངས་ཁོང་ལ་ཁ་བརྡ་བྱས་པར། ཁོ་རང་ལྷ་ས་ནས་རྒྱ་གཞུང་གིས་འཛིན་བཟུང་གིས་ཕྱིར་ས་གནས་སུ་བསྐྱལ་ཏེ་དུས་ཚོད་དེའི་སྔོན་ཏག་ཏག་ལ་བཏང་འདུག ཁོ་བདུན་ཕྲག་འགའི་སྔོན་ལྷ་སར་འབྱོར་ཏེ་ཉིན་ཤས་ལ་མ་ཕྱིན་པར་རྒྱ་དམག་གིས་འཛིན་བཟུང་བྱས་ཏེ། ཉིན་འགར་བཀག་བསྐྱིལ་བྱས་མཐར་ཕྱིར་ས་གནས་སུ་བསྐྱལ་བ་ཞིག་རེད། ཁོ་རང་གིས་ད་དུང་བློ་ཕམ་པ་ཞིག་ལ་ང་ད་ཐེངས་ལྷ་སའི་ཇོ་ཁང་དང་ར་མོ་ཆེ་གཉིས་ལ་མ་གཏོག་མཇལ་མ་ཐུབ་ཐལ། ངའི་ཅ་དངོས་མང་པོ་ཞིག་ལྷ་སར་ལྷག་ཡོད་སྟབས་ཕྱིར་ལྷ་སར་ཐེངས་གཅིག་མི་འགྲོ་ཐབས་མེད་ཆགས་སོང་ཟེར” ཅེས་བརྗོད་སོང་།  

 

གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན། “ དེ་མིན། རྒན་པོ་ཞིག་ཀྱང་རྒྱ་གཞུང་གིས་ལྷ་ས་ནས་འདིར་བསྐྱལ་འདུག རྒན་པོ་དེས་ལབ་པ་ལྟར་ན། ཁོ་རང་ལྷ་སར་གནས་མཇལ་དུ་ཕྱིན་པ་ཞིག་ཡིན་ཡང་། ལྷ་སར་འབྱོར་མ་ཐག་རྒྱ་དམག་གིས་འཛིན་བཟུང་བྱས་ཏེ་བཀག་བསྐྱིལ་ཁང་ཞིག་ཏུ་བསྐྱལ་ཡོད་པ་དང་། བཀག་བསྐྱིལ་ཁང་དེར་བོད་པ་རྐྱང་རྐྱང་ཆིག་སྟོང་ལས་བརྒལ་བ་ཞིག་འཛིན་བཟུང་བྱས་ཡོད་འདུག དེ་ནས་ཉིན་འགའི་རྗེས་གནས་ལུགས་རྒྱུ་མཚན་གཅིག་ཀྱང་ཤོད་ས་མེད་པར་ཕྱིར་ས་གནས་སུ་བསྐྱལ་ཡོད་སྐོར་ལབ་སོང” ཞེས་བརྗོད་དེ། དེང་སྐབས་ལྷ་ས་གྲོང་ཁྱེར་གྱི་ས་ཚིགས་གང་ས་གང་དུ་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིས་ཞིབ་བཤེར་ནན་མོ་བྱེད་ཀྱི་ཡོད་པ་དང་། ལྷ་སའི་རླངས་འཁོར་འབབ་ཚིགས་དང་མེ་འཁོར་འབབ་ཚིགས་སོགས་སུ་ཁམས་དང་ཨ་མདོའི་ཕྱོགས་ནས་ཡོང་མཁན་རྣམས་ལ་ཞིབ་བཤེར་འདྲི་རྩད་དང་། དུས་ཚོད་ངེས་མེད་དུ་བཀག་བསྐྱིལ། གནས་ལུགས་རྒྱུ་མཚན་ཚིག་གཅིག་ཀྱང་བཤད་དབང་མེད་པར་ཁུངས་སོ་སོར་ཕྱིར་སློག་སོགས་བྱེད་ཀྱིན་ཡོད་སྐོར་ངོ་སྤྲོད་གནང་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༢༣ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 8

  1. སྐར་མདའ། says:
    ལོ་ 14 སྔོན།

    མི་སྒེར་གྱི་མི་གཞིའི་ཆ་ནས་གང་མང་གླེང་དགོས་དོན་མི་འདུག གཞི་རྩ་དེ་དོན་དག་དང་བརྗོད་དོན་གྱི་ཐད་ནས་གླེང་རོགས། ང་རང་ལ་མཚོན་ན་ཡང་། ཤར་ཕྱོགས་ཁུག་རྟའི་མཆན་དོན་དེ་ཐད་མོས་མཐུན་ཆེན་པོ་ཡོད། བོད་མི་མང་གི་ཚབ་མཚོན་གཞུང་གི་ངོས་ནས་རང་རེའི་བོད་དོན་ཐད་ཚད་ལྡན་གྱི་ཞིབ་འཇུག་ཅིག་བྱེད་ཐུབ་ཀྱི་མེད་པ་དེ་མངོན་གསལ་རེད། དེ་ལ་བརྟེན་ནས་བོད་དོན་ཅི་ཡང་ལེགས་འགྲུབ་ཡོང་གི་མེད་པ་རེད།

    Reply
  2. ཡུལ་གྱར་བ། says:
    ལོ་ 14 སྔོན།

    སྔོན་མདོ་སྨད་སྤྱི་ཟུར་བསྟན་འཛིན་མགོན་པོས་ཟམ་གདོང་ཅི་བཤད་ཀྱང་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བཤད་མྱོང་། སྤྱིར་ཟམ་གདོང་བླ་མས་གང་བཤད་ཐམས་ཅད་ནོར་འཁྲུལ་མིན་པས་ཁོས་བཤད་པར་ནོར་འཁྲུལ་ཆེ་ནའང་ཁོ་ཟམ་གདོང་བླ་མའི་ཆབ་སྲིད་ཀྱི་ལྟ་གྲུབ་ལ་མོས་པ་མེད་མཁན་ཞིག་ཡིན་སྟབས་ཁ་ཁོགས་མཚུངས་པའི་གཏམ་འདི་བཤད་པ་རེད། ཤར་ཕྱོགས་ཁུག་རྟས་སྒེར་འཁོན་གཞིར་བཞག་ནས་སྐབས་རེ་བཀའ་ཤག་ལ་རེ་བ་ཡོད་ཚུལ་གྱི་གཡོ་རྒྱུའི་ཚིག་ཕྲེང་ཁ་ཤས་དང་སྒྲུབ་བྱ་གཙོ་བོ་བཀའ་ཤག་འདིར་གོད་ཆག་ཆེན་པོ་ཞིག་བྱུང་ན་ཅི་མ་རུང་། དེ་ཡོང་ཐབས་ལ་ངས་ཟ་དང་ཟུར་ནས་ལས་དོན་ཇི་འདྲ་ཞིག་བསྒྲུབ་དགོས་སམ་ལྟ་བུ་ཁོང་གི་མངོན་འདོད་དུ་སོང་འདུག་པ་ནི་ཐོག་མཐའ་བར་གསུམ་དུ་ཁོས་སྤེལ་བའི་རྩོམ་ཡིག་དག་ལས་ངམ་ངམ་ཤུགས་ཤུགས་ཀྱིས་མངོན་བཞིན་འདུག གང་ལྟར་བསྟན་མགོན་གྱིས་ཟམ་གདོང་ལ་ལྟ་བ་འདི་ཁ་ཁོག་མཚུངས་ཤིང་གཅིག་ཤོས་ཀྱིས་བློ་སེང་ལ་ལྟ་བ་ནི་ཁ་ཁོག་མི་མཚུངས་སོ། གང་ལྟར་ཤར་ཁུག་འདི་བོད་ནས་དང་པོར་སླེབས་སྐབས་མི་གཞི་ཅན་ཞིག་དང་ལྒལ་ཚུགས་ཡོད་པ་ཞིག་ཡིན་ཀྱང་རིམ་བཞིན་འདི་ལྟར་འགྱུར་བ་འདི་སུས་གཡོ་འོག་ཏུ་ཚུད་པ་ཡིན། འགལ་རྐྱེན་ཅི་ཞིག་འཕྲད་ཡོད། སེམས་སྐྱོ་དགོས་པ་ཞིག་རེད།

    Reply
  3. བཀྲ་ཤིས། says:
    ལོ་ 14 སྔོན།

    ད་ཡིན་ན་བོད་མི་རྣམས་ཀྱི་གཟབ་ཙམ་མ་བྱ་ན། རྒྱ་མི་ས་གནས་སོ་སོའི་ཉེན་རྟོག་པ་རྣམས་ཀྱི་སོ་སོར་གོ་གནས་དང་ཐོབ་ཐང་རགས་པའི་ཆེད་དུ། བོད་མི་གང་བྱུང་ལ་ཁྲིམས་ཐག་བཅད་པ་དང་། འཇུ་བཟུངས་བྱས་པ། དོན་མེད་མེ་མདའ་འཕེན་ནས་སྲོག་བཅད་པ། སྒེར་གྱི་དགྲ་ཤ་ལེན་པ་སོགས་བྱས་པ་ནི། སོ་སོར་དབུས་ཀྲུང་དབྱང་སྲིད་གཞུང་ལ་གསོལ་རས་ཐོབ་པའི་ཕྱིར་དུ་རེད་གདའ།།

    Reply
  4. བདུད་རྡོ། says:
    ལོ་ 14 སྔོན།

    ཨ་ཁ།ལག་དམར་དེ་རང་རིགས་རྒྱལ་བཙོང་བ་ཞིག་་ཀྱང་སྲིད།སྔོན་མ་ཡང་ས་མཚམས་ནས་ཨ་ནེ་བསད་མཁན་དེ་བོད་སྐད་བཤད་ཅིག་རེད་ཟེར་བ་དེ་ཡང་དྲན་སོང།

    Reply
  5. བཀྲ་ཤིས། says:
    ལོ་ 14 སྔོན།

    དེང་སང་མདོ་སྟོད་སྨད་གང་སར་གྲྭ་པ་རྣམས་ལ་ཉེས་པ་ཆེན་པོ་མེད་ཀྱང་། ཉེན་རྟོག་པས་ཉེན་པ་ཆེན་པོ་བཟོས་ཏེ་བཙོན་འཇུག་བྱས་པ་དང་། ཁྲིམས་ཐག་བཅད་པ། དོན་མེད་མི་ལ་ཉེན་སྡུག་བྱས་པ་སོགས་ནི་སོ་སོར་གོ་གནས་ཐོབ་པའི་ཆེད་དུ་རེད་འདུག རྫོང་དེ་ལ་ཉེན་པ་མེད་ཀྱང་ཉེན་ཁ་ཆེན་པོ་ཡོད་པའི་ཀྲུང་དབྱང་དབུས་གཞུང་ལ་སྙན་ཞུ་ཕུལ་ན། རྫོང་གི་ལས་བྱེད་རྣམས་ལ་གསོལ་རས་དང་གོ་གནས་ཡག་པོ་རག་པའི་གཏམ་གསར་འདུག

    Reply
  6. གངས་སྨྱུག says:
    ལོ་ 14 སྔོན།

    བློ་བཟང་ཆོས་འབྱོར་གྱི་བསམ་ཚུལ་འདི་སྔ་བར་ཕྱི་གསུམ་དུ་བོད་མིའི་རྩ་དོན་རྩོད་ཡག་གི་བསམ་ཚུལ་ཞིག་ནམ་ཡང་མ་རེད། རྩ་དོན་རྩོད་བར་དང་པོ་དགྲ་གྲོགས་ངོ་ཤེས་དགོས། གཉིས་པ་ཆབ་སྲིད་གོ་རྟོགས་གང་འཚམ་ཞིག་དགོས། གསུམ་པ་དོན་ཆེན་སྒྲུབ་པར་བློས་གཏོང་ཆེ་ཙམ་དགོས། བཞི་པ་རང་འདོད་ཀྱིས་སྤྱི་ཚོགས་བདེ་དོན་ཕོག་ཐུག་གཏོང་མི་ཉན། ལྔ་པ་རང་ཉིད་ལྷག་བསམ་ཡོད་ན་སྤྱི་ཚོགས་ཕན་བདེ་མང་ཙམ་སྐྲུན་དགོས། མ་གཏོགས་སྤྱི་ལ་དབང་བའི་ཕན་བདེ་ལ་ཟུར་ཟ་དང་གནོད་སྐྱོན་གཏོན་མི་ཉན་བས་དེ་ལུགས་དགོངས་ལམ་སྟི་བ་ཞུ།

    Reply
  7. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    སྔོན་ཕྱག་མཛོད་མདོ་སྔགས་ཀྱིས་བཀའ་ཁྲིར་རེ་སྐུལ་བྱས་པ་དེ་གསར་འགྱུར་འདི་བཀླགས་ནས་ངའི་ཡིད་ལ་དྲན་སོང། དངོས་གནས་བོད་ནང་མངོན་གསལ་མ་ཡིན་པར་བོད་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་བཞིན་པ་དག་ལ་དབུས་བོད་མིའི་སྒྲིག་འཛུགས་རང་གི་ངོས་ནས་ཚད་ལྡན་གྱི་ཞིབ་འཇུག་ཅིག་བྱ་མ་ཐུབ་ཚེ། བཙན་བྱོལ་བོད་མིའི་བོད་ཀྱི་བདེན་དོན་འཐབ་རྩོད་ནང་དྲི་བ་མང་པོ་ཞིག་རང་བཞིན་གྱིས་སླེབས་སྲིད་པ་དང། མ་འོངས་པའི་འཐབ་རྩོད་ཁ་འཐོར་མི་འགྲོ་ཆེད་དམར་གསོད་འདི་དང་འདི་འདྲ་བ་དག་ལ་གང་མགྱོགས་རང་གཞུང་ནས་ཁ་ཡོད་ལག་ཡོད་ཀྱི་ནུས་བ་ཐོན་པའི་ཐབས་ལམ་ཞིག་འཚོལ་དགོས་ཀྱི་འདུག་ལ། དེ་ནི་བཙན་བྱོལ་སྒྲིག་འཛུགས་རང་གི་ལོ་རྒྱུས་ལ་ཐེབས་པའི་དྲི་རྟགས་ཤིག་ཀྱང་ཆགས་ཡོད་པ་རེད།

    Reply
  8. ཡུལ་གྱར་བ། says:
    ལོ་ 14 སྔོན།

    འབུ་གྲོ་མ་ཞིག་རིན་ཐང་མི་བརྩི་བའི་བྱེད་བབས་འདི་དག་སེམས་ཧ་ཅང་སྐྱོ་དགོས་པ་ཞིག་རེད། ད་ང་ཚོ་ལ་ཐབས་ལམ་ཅི་ཞིག་ཡོད་དམ། མེ་མདའ་རྒྱག་མཁན་དེ་བོད་རིགས་ཡིན་ནམ་རྒྱ་རིགས་ཡིན། བོད་རིགས་ཞབས་འདྲེན་པ་ཞིག་མིན་པའི་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese