མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༩ བལ་གཞུང་ལ་རྩིས་སྤྲོད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

འགྲམ་རྒྱ་གཞུང་མཐའ་སྲུང་དམག་མིས་བལ་ཡུལ་ནས་ཕྱིར་བོད་ལ་ལོག་མཁན་གྱི་བོད་མི་དགུ་འཇུ་བཟུང་བཀག་ཉར་བྱས་རྗེས། བལ་ཡུལ་རྒྱལ་སར་ཡོད་པའི་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་བལ་ཡུལ་ནས་བོད་ནང་ཕྱིར་ལོག་མཁན་གྱི་བུ་ ༥ དང་བུ་མོ་ ༤ བཅས་བསྡོམས་བོད་མི་ ༩ བོད་དང་བལ་བོའི་ས་མཚམས་འགྲམ་བརྒྱུད་དེ་བོད་ལ་ལོག་སྐབས། བལ་བོད་མཐའ་མཚམས་འགྲམ་དུ་ཡོད་པའི་རྒྱ་གཞུང་མཐའ་སྲུང་དམག་གིས་འཇུ་བཟུང་བྱས་ཏེ། ཉིན་༩ རིང་བོད་མི་ཚོར་འདྲི་བརྩད་གཅར་རྡུང་དང་དོ་དམ་བཀག་ཉར་བྱས་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༤ ཉིན་འགྲམ་མཐའ་སྲུང་དམག་མི་དང་བལ་ཡུལ་ཉེན་རྟོག་པ་མཉམ་འབྲེལ་ཐོག་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུར་ཡོད་པའི་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་འདུག 

འདིའི་ཐད་འབྲེལ་ཡོད་མི་སྣ་ཞིག་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན། ཐེངས་འདིར་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་པའི་བོད་ ༩ ལས་མང་ཆེ་བ་ཁམས་ནག་ཆུ་ས་ཁུལ་ཡིན་འདུག་ལ། ད་ལོའི་ཕྱི་ཟླ་ ༡ ནང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་བོད་ནས་ཆེད་དུ་ཡོང་མཁན་ཁག་ཅིག་ཡིན་འདུག  ཉེ་ལམ་ཁོང་རྣམས་བལ་བོད་མཐའ་མཚམས་སུ་ཡོད་པའི་འགྲམ་མཐའ་སྲུང་དམག་གིས་འཇུ་བཟུང་བྱས་རྗེས་གཅར་རྡུང་བཀག་ཉར་བྱས་ཡོད་པ་མ་ཟད། ཁོང་ཚོའི་ལག་ཏུ་ཡོད་པའི་ལག་འཁྱེར་ཡིག་ཆ་ཁག་ཅིག་ཡོད་པ་གཞུང་བཞེས་བཏང་རྗེས་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་ཏེ་དེར་བཀག་ཉར་བྱས་ཡོད་འདུག 

ཉེ་ལམ་བལ་ཡུལ་དུ་ཡོད་པའི་རྒྱལ་སྤྱིའི་སྐྱབས་བཅོལ་ལྟ་རྟོག་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་དང་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། བོད་ཡུལ་བོད་མིའི་འབྲེལ་མཐུད་ཁང་ཡན་ལག་སྣེ་ལེན་ཁང་གི་ལས་བྱེད་མི་སྣ་བཅས་ཀྱིས། ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣར་ཁོང་ཚོ་ཀློད་གྲོལ་གཏོང་རྒྱུའི་རེ་སྐུལ་བྱས་ཡོད་ཀྱང་།  ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱིས་བོད་མི་དེ་དག་ལ་ལམ་ཡིག་གང་ཡང་སྟོན་རྒྱུ་མེད་སྟབས། དཔལ་འབྱོར་གྱི་ཉེས་ཆད་བཏང་རྗེས་ཕྱིར་རྒྱ་གར་ནང་ཕྱིར་ཕུད་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

ཐེངས་འདི་ནི་འདི་ལོའི་ཕྱི་ཟླ་ ༤ བའི་ནང་རྒྱ་གཞུང་གིས་བོད་རང་སྐྱོངས་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་ནང་ཁུལ་ཚོགས་འདུ་ཞིག་ཚོགས་ཏེ། བལ་ཡུལ་ཉེན་རྟོག་པ་དང་མཉམ་འབྲེལ་ཐོག བལ་ཡུལ་ནང་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་ལས་འགུལ་སྤེལ་མཁན་གྱི་བོད་མི་ཚོར་དྲག་རྡུང་ལས་འགུལ་སྤེལ་རྒྱུའི་ཁྱབ་བསྒྲགས་བྱས་རྗེས། རྒྱ་ནག་མཐའ་སྲུང་དམག་མིས་བོད་དུ་ལོག་མཁན་གྱི་བོད་མི་བལ་ཡུལ་ཉེན་རྟོག་པར་རྩིས་སྤྲོད་བྱེད་ཐེངས་ཐོག་མ་ཆགས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༡༥ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

ཆུ་ཚོད་ ༡༩ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༢༢ སྔོན་ལ།
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤

མཆན། 4

  1. བཀྲ་ཤིས་ཉི་མ། says:
    ལོ་ 14 སྔོན།

    ( བོད་དུ་ལོག་མཁན་བོད་མི་ ༩ ཡི་ད་ལྟའི་གནས་སྟངས་སྐོར་བལ་ཡུལ་ཕྱི་མི་ཞིབ་བཤེར་བཀག་བསྐྱིལ་ཁང་དུ་བཀག་ཉར་བྱས་ཡོད་པའི་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བྲིས་པའི་ཟིན་ཐོ། )

    སྤྱི་ཟླ་དྲུག་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོ་ལ་ང་རང་བསྡོད་སའི་བཀག་བསྐྱིལ་ཁང་འདི་ལ་རང་ཡུལ་ཁ་བ་ཅན་ལ་ཕྱིར་ལོག་བྱེད་མཁན་གྱི་བོད་མི་སྐྱེ་ཕོ་མོ་དགུ་བལ་བོད་མཐའ་མཚམས་འགྲམ་དུ་འབོད་པའི་ས་ཁུལ་དེ་ནས་རྒྱ་ནག་གིས་མཚན་དཀྱིལ་དུ་དམག་གིས་འཇུ་བཟུང་ཐེབས་རྗེས། བཅར་བརྡུང་ཚད་མེད་བཏང་བ་དང་ཁོང་ཚོས་ལག་ནང་གི་མི་མང་བསྡོད་མིང་ལག་ཁྱེར་ཚང་མ་བཙན་གྱིས་འཕྲོག་འདུག དེ་ཡི་རྗེས་སུ་བསྟུད་མར་ཉིན་དྲུག་ལ་འདྲི་བརྩད་སྣ་ཚོགས་ཤིག་བྱས་མཐར་ལག་ནས་ཅ་དངོས་གཞན་དག་གང་ཡང་མ་འཕྲོག་པར་ཕྱིར་བལ་བོད་མཐའ་མཚམས་ཀྱི་བལ་དམག་གི་ལག་པར་རྩིས་སྤྲོད་བྱས་འདུག
    བལ་དམག་གིས་ཁོང་ཚོ་ཁྲིད་ནས་འོང་དེ་བལ་ཡུལ་ལག་ཁྱེར་ཞིབ་གཤེར་ཁང་གི་བཀག་བསྐྱེལ་ཁང་འདི་ལ་སྤྲད་འདུག ཁོང་ཚོ་སླེབས་ནས་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་ཁོང་ཚོ་ལ་ཁ་ལག་དང་ཟ་མའི་རོགས་སྐྱོར་བྱེད་མཁན་གྱི་མི་རེ་ཟུང་ཞིག་ཀྱང་འབྱོར་སོང་། དེ་ནས་ངས་བལ་ཡུལ་སྣེ་ལེན་ཁང་དང་འགྲོ་བ་མིའི་ཐོབ་ཐང་བཅས་ལ་བརྡ་ཞིག་རྒྱགས་རོགས་ཞེས་གྲོགས་པོ་ཞིག་ལ་ཁ་པར་རྒྱུད་དེ་ཞུས་པ་ཡིན།
    བལ་ཡུལ་སྣེ་ལེན་ཁང་གིས་མི་སླེབས་མོད། ཁོང་ཚོས་བོད་ནས་གསར་དུ་སླེབས་མཁན་དག་ལ་མ་གཏོགས་གཏན་ནས་བདག་པོ་རྒྱགས་ཀྱི་མེད་རབས་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་བྱེད་ཡིན་ནམ། བོད་མི་གཞན་ཞིག་གིས་ཁོང་ཚོ་རང་རང་གི་དངུལ་ཆད་ཐབས་ཤེས་བྱེད་མ་ཐུབ་པ་ཡིན་ཚེ། ཁོང་ཚོ་ལ་ཐབས་ཤེས་གཞན་མེད་པར་ཁྱོད་ཚོ་སང་ཉིན་ནས་བཙོན་ཁང་དུ་འཇུག་སྲིད་ལ། བཙོན་ཁང་དུ་བཅུགས་པ་ཡིན་ན། ཁོང་ཚོས་ཁྱོད་ཚོ་ལ་མནར་གཅོད་གཏོང་བ་དང་བརྙས་བཅོས་བྱེད་ངེས་ཡིན་ལ། དེ་དུས་ཁྱོད་ཅག་གིས་སྡུག་པོ་ཚད་མེད་མྱོང་གི་རེད་ཟེར་གྱི་འདུག རྒྱ་གར་ལ་ཡར་རྩིས་སྤྲོད་བྱེད་སྲིད་པ་རེད་ཅེས་ཡང་དང་བསྐྱར་དུ་བཤད་པ་མ་ཟད། སྒོར་མོ་ཕ་ཡུལ་གཅིག་པ་དང་ཡང་ན་ངོ་ཤེས་སོགས་གང་ལ་རོགས་སྐུལ་བྱེད་ཐུབ་པ་ཡིན་ན་ཁྱོད་ཚོ་སང་ཉིན་འདི་ནས་ཕྱིར་འབུད་ཐུབ་ངེས་ཡིན་ཞེས་བཤད་འདུག སྐབས་དེར་ཁོང་ཚོ་མི་རེ་ལ་བལ་སྒོར་དགུ་སྟོང་རེ་སྤྲད་ན་གཏོང་ཚུལ་བཤད་ཀྱང་། ཕྱིར་ཉིན་སྐད་ཆ་དེ་འགྱུར་ནས་མི་རེ་ལ་བལ་སྒོར་ཁྲི་གཅིག་རེ་བཤད་འདུག དེ་ནས་ཡང་སྐད་ཆ་འགྱུར་ནས་བོད་མི་ཞིག་ཁོང་ཚོ་སར་ཡོང་ནས་ཁྱོད་ཚོས་བལ་སྒོར་འབུམ་གཅིག་སྤྲད་མ་ཐུབ་ཚེ། ཁོ་རང་གིས་འདི་ནས་རོགས་པ་བྱེད་ཐུབ་ཀྱི་མེད་པ་དང་། རོགས་པ་བྱེད་དགོས་པ་ཚང་མ་ཁོ་རང་གིས་འབད་བརྩོན་བྱས་ཡོད་ཚུལ་དང་ཁྱོད་ཚོས་སྒོར་མོ་མ་སྤྲད་ན་ང་རང་འདི་ཚོས་ཁྲིམས་ཁང་དུ་འཇུག་སྲིད་པ་སོགས་ང་རང་གི་རྣ་བའི་གོ་ས་ནས་བཤད་སོང་།

    བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གི་མི་གཉིས་ཐད་ཀར་ང་ཚོ་བསྡོད་སའི་ནང་ལོག་དུ་བལ་དམག་གིས་ཁྲིད་དེ་ཁོང་ཚོའི་འགྲམ་བར་དུ་ཡོང་ནས། ཁོང་ཚོ་ལ་ཁྱོད་ཚོ་ཀྲུང་གོ་ནས་ཡིན་ནམ་ཟེར་ནས་དྲིས་སོང་། དེ་དུས་མི་གཅིག་གིས་ང་ཚོ་བོད་ནས་ཡིན་ཟེར། བོད་གང་ནས་ཡིན། སི་ཁྲོན་ནས་ཡིན་ནམ་ཟེར། དེ་དུས་ཁོས་ང་ཚོ་ལྷ་སའི་ཁུལ་ནས་ཡིན་ཟེར་ནས་བཤད་དུས། ཁྱོད་ཚོ་ལ་རྒྱ་ནག་གི་ལག་ཁྱེར་ཡོད་དམ་ཟེར། ཁོང་ཚོའི་ལག་པར་ལག་ཁྱེར་གང་ཡང་མེད་ཅེས་བཤད་དུས་སུ། རྒྱ་ནག་གཞུང་ཚབ་ཁང་གི་མི་དེས་ང་རང་ལ་བལྟ་བཞིན་ཁོ་རང་རྡ་རམ་ས་ལ་ནས་ཡོང་བ་རེད་དམ་ཟེར་ནས་དྲིས་སོང་། དེ་དུས་ཁོང་ཚོས་གཅིག་གིས་ཀྱང་ལན་སྤྲད་མ་སོང་། དེ་དུས་རྒྱ་ནག་གཞུང་ཚབ་ཁང་གིས་མི་དེས་ང་རང་ལ་ཞིབ་དུ་བལྟ་ཞོར་འགྲོ་བ་ལས་ང་ལ་སྐད་ཆ་གང་ཡང་དྲིས་མ་སོང་།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཞིག་ཡོང་ནས་ཁོང་ཚོ་ལ་ཆུ་ཚོད་ཕྱེད་ཀ་ཙམ་གྱི་རིང་དུ་སྒོའི་ལྕགས་དྲའི་གསེང་ནས་སྐད་ཆ་དྲིས་སོང་། མཐའ་མཚམས་ནས་བཟུང་བ་ནས་བལ་ཡུལ་བཀག་བསྐྱིལ་ཁང་ལ་སླེབས་རེག་བར་གྱི་གནས་ཚུལ་ཚང་མ་དྲིས་པ་དང་ཁོ་རང་གིས་ཉིན་མ་གཅིག་གཉིས་འདི་ནས་མུ་མཐུད་དུ་བཀག་གཉེར་བྱས་པ་ཡིན་ན། ཁོ་རང་ཕྱིར་ཁོང་ཚོ་ལ་བལྟ་རུ་ཡོང་ཆོག་ལ། ཁོང་ཚོས་བདེ་སྡུག་གང་སར་ཁྱབ་བསྒྲགས་བྱེད་ཆོག་ཟེར་ནས་བུད་སོང་།

    རྗེས་སུ་བོད་མི་དེ་དག་ལ་ཡུལ་མི་གཅིག་པ་དང་ངོ་ཤེས་ཡག་པོ་དེ་འདྲ་གང་ཡང་མེད་སྟབས། སྒོར་མོ་དེ་འདྲའི་མང་བོ་ཞིག་གང་ནས་ཐབས་ཤེས་ཀྱང་གློ་བར་དུ་མི་རེག་པ་ཡིན་དུས། ཁོང་ཚོས་ཚང་མས་སེམས་ཐག་གཙང་བཅད་ཀྱིས་བོད་གཞུང་གིས་ང་ཚོ་ལ་རོགས་རམ་ཞིག་ཏན་ཏན་ཡོང་ངེས་རེད་ཅེས་ཡིད་ཆེས་བྱོས་དེ། ད་ནི་གང་དུ་ཁྲིད་ཀྱང་ཁྲིད་དུ་བཅུགས་ང་ཚོའི་རྒྱབ་དུ་བོད་གཞུང་ཡོད་པ་རེད་ལ། བོད་གཞུང་གིས་རབ་བྱུང་ན་ང་ཚོ་ཡར་རྒྱ་གར་དུ་སོང་ནས་སློབ་སྤྱོང་གི་གོ་སྐབས་ཤིག་སྤྲོད་ཐུབ་པ་བྱུང་སྲིད་ལ། ཕྱིས་སུ་རང་ཡུལ་དུ་མ་ལོག་བར་དུ་བལྟ་སྐྱོང་བྱེད་རྒྱུར་ཡིད་ཆེས་བྱེད་ཆོག་པ་ཡིན་དུས། ང་ཚོ་ལ་གནས་སྐབས་རིང་དཀའ་ངལ་གང་འཕྲད་ཀྱང་བློ་འགྱོད་མེད་ཅེས་མི་དེ་ལ་ཞུས་སོང་།

    མི་དེས་ང་ཚོས་གོ་ས་ནས་བལ་ཡུལ་གྱི་སྐད་ཀྱི་སྟེང་ནས་བལ་ཡུལ་གྱི་འགོ་ཁྲིད་ཅིག་ལ་ཁ་པར་ཁྲོད་ནས་ཡར་མི་ཟེར་མར་མི་ཟེར་བར། ཁོང་ཚོ་ཡར་རྒྱ་གར་དུ་འགྲོ་ཡི་མིན་ཟེར་གྱི་འདུག་ཟེར་ནས་ཤོད་པ་ལས་ཁོང་ཚོས་དཀའ་ངལ་ངོས་དང་ཁོང་ཚོ་ལ་ཡོང་སའི་དངུལ་མེད་པ་དང་ཁོང་ཚོས་རེ་བ་རྒྱག་ས་ནི་བོད་གཞུང་དང་བལ་ཡུལ་སྣེ་ལེན་ཁང་སོགས་ཡིན་པའི་སྐོར་གཅིག་ཀྱང་བཤད་མ་སོང་།

    མཚན་མོ་འགྲོ་ཁར་ཁོང་ཚོས་ཚང་མས་སེམས་པ་སྐྱོ་ཡི་འདུག་ལ། ང་དང་རོགས་པ་གཉིས་ལ་ཉིན་མ་འདི་གཉིས་རིང་དུ་ཁ་པར་གཡར་བ་དང་ཟས་ཐུན་གཅིག་གཉིས་རེ་ཡི་རོགས་པ་བྱས་པ་སོགས་ལ་སྙིང་ཐག་པ་བཀའ་དྲིན་ཆེ་ཟེར་གྱི་འདུག ངས་ཁོང་ཚོ་ལ་ཁྱོད་ཚོས་སེམས་ཁྲལ་མ་བྱེད་པར་རྒྱ་གར་དུ་སོང་དང་། ཁོང་ཚོས་དངོས་ནས་དྲང་གནས་ཀྱི་རྒྱ་གར་དུ་བསྐྱལ་བ་ཡིན་ན། རྒྱ་གར་ནི་བལ་ཡུལ་ལས་བོད་མིའི་སྒང་ལ་བཟང་བ་དང་བོད་གཞུང་དང་འབྲེལ་བ་ཡང་ཡག་པོ་ཡོད་དུས། ཁྱོད་ཚོ་ལ་དཀའ་ངལ་གཏན་ནས་འཕྲད་དུ་འཇུག་མི་སྲིད། དོ་ནུབ་བོད་པ་དེས་བཤད་པ་བདེན་པ་ཡིན་ན་ཁྱོད་རང་ཚོ་ས་མཚམས་ནས་གཏོང་གི་རེད་ལ། ཁྱོད་ཚོ་ཕྱིར་བལ་ཡུལ་ནང་དུ་ལོག་ཡོང་ཐུབ་ཀྱི་རེད་ཟེར་གྱི་ཡོད་པ་བདེན་པར་གྱུར་ཚེ། སང་ཞོགས་ཁྱོད་ཚོ་གང་དུ་སླེབས་ས་དེ་ནས་ཕྱིར་ང་རང་ལ་ཡིན་གཅིག་མིན་གཅིག་ཁ་པར་གྱི་ལམ་ནས་བརྡ་ཞིག་རྒྱོབས་དང་། ངས་ཁྱོད་ཅག་གིས་སྐོར་བོད་མི་ཕྱི་བསྡོད་པ་ཡོངས་ལ་རོགས་པ་བྱེད་རོགས་གནོང་ཟེར་ནས་འབོད་སྐུལ་ཞུ་ཆོག་ཞེས་བཤད་པ་ཡིན། ཁོང་ཚོས་ནང་གི་གཅིག་གིས་འགྲོ་ཞོར་དུ་ངས་ཁ་པར་ཁྲོད་ནས་རང་གི་ཕ་ཡུལ་ཁ་པར་གཏོང་འཕྲོ་བྱེད་ཞོར་དུ་ང་ལ་བཤད་རྒྱུ། ཨང་གྲངས་དེ་ཡིས་སྟེང་ནས་ངའི་ནང་མི་ལ་ང་རང་རྒྱ་གར་དུ་འགྲོ་སོང་། རྒྱ་གར་བདེ་བོའི་ངང་འབྱོར་རྗེས་ཁྱེད་ཅག་ལ་ཁ་པར་གཏོང་གི་ཡིན་ཟེར་ནས་བཤད་ཀྱི་འདུག་ཟེར་ནས་ཞུ་རོགས་ཟེར།

    གནས་ཚུལ་འཁོ་འདོན་པ་གནས་ཚུལ་དངོས་སུ་རིག་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་ཁོང་ཚོའི་ཚབ་དུ་བྲིས་པ་ཡིན།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    ཨ་རོད་དོན་གོ
    ཕྱི་མི་ཕྱི་བཤེར་ཞེས་པའི་དག་འདེད་དེ་མ་བཀོད་རུང་དེ་དང་མཉམ་དུ་ཡོད་པའི་བསམ་ཚུལ་འདིར་འགོད་ཀི་བཅུག་ཡོད་ན་ཅིས་མི་འགྲིག ངས་ཀྱང་རང་ཚོད་ཀྱིས་ཆབ་སྲིད་སྐོར་ནས་ཚིག་རེ་གཉིས་གླེང་འདོད་པ་ཡིན་ཡ། ངོ་མ་སེམས་ཟེར་ནི་མེད་ཀི

    Reply
  3. ཡུལ་གྱར་བ། says:
    ལོ་ 14 སྔོན།

    སྐྱག་ཤོར་བལ་ཡུལ་གཞུང་འདིར་ཉེས་མེད་ཉེས་ཁྲིམས་གཅོད་རྒྱུ་དང་གུང་ཁྲན་གྱི་རྐུབ་ལྡག་རྒྱུ་ལས་ཅི་འཇོན། གློ་ཆུ་མིག་ཏུ་བསྟན་སྲུང་དང་ལང་དམག་གིས་ཡུལ་འདི་དབང་དུ་བསྡུས་ཏེ་རྒྱ་དམར་ལ་རྒོལ་ལན་སློག་རྒྱུའི་འཆར་གཞིར་འགོག་རྐྱེན་བཟོས་པའི་ཡིད་སྐྱོའི་གནས་ཚུལ་ཡང་དྲན་ཡོང་བཞིན་འདུག རྒྱལ་ཞེན་པ་ཚེ་རྡོར་ལ་ནག་ཉེས་ཇི་འདྲ་གཡོག་རྩིས་ཡོད་དམ། ཁོང་གི་གནས་ཚུལ་མ་ཐོས་ཉིན་ཤས་སོང་བས་སེམས་འཚབ་སྐྱེ་འོས་པ་ཞིག་རེད།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    ་་་་་་ལྟོས་དང་་་་་་་
    བལ་པོའི་ལོ་རྒྱུས་ནང་ངན་རྗེས་བཞག་པའི་བལ་ཐལ་བ་ཉུང་ཤས་ཤིག་གིས་བལ་ཡུལ་གྱི་མིང་ཐོག་ནས། བོད་ཐོག་གཟས་པའི་སྲིད་ཇུས་ནི་རྣོ་ངར་དང་གུང་ཁྲན་ལ་ངན་བསྒྲིལ་ངེས་ཅན་ཞིག་གིས་ལག་བསྟར་བྱས་པ་ཞིག་རེད། དེ་དང་མཉམ་དུ་ཁེ་འཚོལ་བ་ངེས་མེད་མི་སྣ་ཕོན་ཆེས་མཉམ་ཞུགས་བྱས་ཏེ། བོད་ཀྱི་མདུན་ལམ་ལ་གྱོང་གུད་ཚབས་ཆེ་བཏང་དང་གཏོང་བཞིན་པ་དེ། རྒྱལ་སྤྱིའི་མི་སྣ་དང་བལ་བོད་ཀྱི་མི་རབས་གསར་པར་གོ་བརྡ་འཕྲོད་ངེས་བྱ་དགོས་པ་ནི། བོད་ཀྱི་གནས་ཚུལ་བརྒྱུད་སྤེལ་བ་ཚོས་ལས་འགན་ཉག་ཅིག་རེད། བོད་ཀྱི་དུས་བབ་ཚང་ཐུགས་རྗེ་ཆེ། ཧེ་ཧེ་ཧེ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese