མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་འཛིན་སྒྲོལ་མའི་གླུ་ལེན་དགོང་ཚོགས།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་དགོང་མོ་ཨ་རིའི་ཉུག་ཡོག་ཧའོ་ཐིར་སློབ་ཆེན་ནང་། གླུ་མ་རིག་འཛིན་སྒྲོལ་མས་གླུ་གཞས་ཆེད་ལེན་དགོང་ཚོགས་བསྡུ་རྒྱུ་རེད། 

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་ཨ་རིའི་ཉིན་རྒྱབ་ཆུ་ཚོད་ ༦ པའི་སྟེང་ཉུག་ཡོག་ཧའོ་ཐིར་སློབ་ཆེན་ནང་། སྙན་གྲགས་ཅན་གྱི་བོད་ཀྱི་གཞོན་སྐྱེས་གླུ་མ་རིག་འཛིན་སྒྲོལ་མ་ལགས་ཀྱི་གླུ་གཞས་ཆེད་ལེན་དགོང་ཚོགས་ཤིག་བསྡུ་རྒྱུ་ཡིན་པ་དང་། གླུ་གཞས་ཆེད་ལེན་དགོང་ཚོགས་དེ་ནི་ཁོ་མོ་ཐེངས་འདིར་ཨ་རིར་ཕྱོགས་བསྐྱོད་ཀྱི་སྐབས་དང་བསྟུན་ནས། ཁོ་མོའི་གླུ་གཞས་ལ་དགའ་མོས་དང་རྒྱབ་སྐྱོར་བྱེད་མཁན་ཕྱི་བསྡོད་གྲོགས་པོ་རྣམས་ལ་ཆེད་དམིགས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག

གླུ་མ་རིག་འཛིན་སྒྲོལ་མའི་གླུ་ལེན་དགོང་ཚོགས་དེ་ནི། ཕྱིའི་རྒྱལ་ཁབ་ནང་ཁོ་མོས་གླུ་གཞས་ཆེད་ལེན་དགོང་ཚོགས་བསྡུས་པ་ཐོག་མ་དེ་ཆགས་ཡོད་ལ། དགོང་ཚོགས་ཀྱི་འཛིན་བྱང་རིན་གོང་ཨ་སྒོར་ ༣༠ ཡིན་པ་དང་།   ཐེངས་འདིའི་གླུ་གཞས་ཆེད་ལེན་དགོང་ཚོགས་ཐོག་བསྡུ་ཉར་བྱུང་བའི་དངུལ་རྣམས།  ཁོ་མོ་རང་ཉིད་ཀྱིས་ཕ་ཡུལ་དཔའ་རིས་ས་ཁུལ་དུ་སློབ་གསེང་སྐབས་སྒྲུབ་བཞིན་པའི་བོད་དབྱིན་ཟབ་སྦྱོང་འཛིན་གྲྭ་དག་གི་ཆེད་དུ་གཏོང་རྒྱུ་ཡིན་འདུག

གླུ་མ་རིག་འཛིན་སྒྲོལ་མ་ལགས་ཀྱིས།  ཉེ་བའི་ལོ་ངོ་གཉིས་གསུམ་གྱི་ནང་དཔའ་རིས་ས་ཁུལ་གྱི་གྲོང་གསེབ་ཁག་བཅུ་གཉིས་ལྷག་ནང་།  ཁྱོན་བསྡོམས་བོད་རིགས་བྱིས་པ་ ༦༠༠ ཙམ་ལ་ལོ་རེའི་དགུན་ཁའི་གུང་གསེང་སྐབས་བོད་ཡིག་འཛིན་གྲྭ་སྒྲུབ་ཏེ།  སྙུ་གུ་དང་འབྲི་དེབ། ཀློག་དེབ་སོགས་སློབ་ཆས་ཚང་ཁོ་མོ་རང་ཉིད་ཀྱིས་མཐུན་སྦྱོར་གནང་བཞིན་ཡོད་པ་དང་། འཛིན་ཁང་གི་ཐད་ནས་ས་གནས་སོ་སོའི་གནས་བབ་བསྟུན་ནས་གཞུང་སློབ་ཁང་དང་ཁྱིམ་ཚང་གི་སྦྲ་གུར་སྡོད་ཁང་སོགས་རང་ངོས་ནས་གྲ་སྒྲིག་བཞིན་ཡོད་པ་རེད།

དཔའ་རིས་བལ་བཟའ་བཀྲ་ཤིས་དཔལ་ཡོན་སྡེ་བའི་གྲོང་གསེབ་ཁྱིམ་ཚང་དཀྱུས་མ་ཞིག་ནས་འཚར་ལོངས་བྱུང་བའི་བོད་ཀྱི་གཞོན་སྐྱེས་གླུ་མ་འདིས། བོད་ཤར་ཕྱོགས་རྒྱ་བོད་མཐའ་མཚམས་ཁུལ་གྱི་དཔའ་རིས་ས་ཆའི་གྲོང་གསེབ་ཁག་ཏུ་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་གསར་བ་ཞིག་སྐྲུན་བཞིན་ཡོད།

ཚོགས་ཡུལ་ས་གནས་ཁ་བྱང་།

Hunter College
425 E 25th St First Ave, Manhattan NY 10010

Direction: subway #6 to 23 ST.

འབྲེལ་བ་གནང་ཡུལ་ཁ་པར་ཨང་གྲངས། ༦༤༦ ༤༢༡ ༩༥༥༨ ( 646-421-9558)

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༥ སྔོན་ལ།
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 3

  1. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 14 སྔོན།

    ངག་གི་འགྱུར་ཁུག་དང་དབྱངས་རྟའི་སྒྱུ་རྩལ་ལ་རང་དབང་བརྙེས་པའི་གླུ་མ་རིག་འཛིན་སྒྲོམ་མ་ལགས་ནི། ཁ་རྩང་ཨ་རིར་ལེན་ཞིག་ཡོང་བ་དེ་སྐྱེ་བོ་ཀུན་གྱིས་ཆེས་དོ་སྣང་དང་གུས་བཀུར་འོས་པ་ཞིག་རེད། གང་ཡིན་ཞེ་ན་དེ་སྔོན་བོད་ལ་མཚོན་ནའང་གླུ་པ་གླུ་མ་སོགས་བརྗོད་ན་གྲངས་ཀྱིས་མི་ལོང་པ་ཤིག་བྱུང་ཡོད་ནའང་། ཕལ་མོ་ཆེས་ས་ཁུག་དང་ལུང་ཁུག་རྣམས་སུ་ཤགས་གླུ་འདྲ་བླངས་ཏེ་བསྡད་སྟབས་དེ་ཙམ་དུ་ཕྱིར་གོ་རྒྱུ་མེད་པ་ཤ་སྟག་རེད། ད་ཐེངས་ཁོ་མོ་ཨ་རིར་ཡོང་བ་དེ་བོད་པའི་གླུ་པ་དང་གླུ་མ་ཀུན་གྱི་སྙན་གྲགས་དང་ཆེ་ཐང་སོགས་དང་འབྲེལ་བ་དམ་པ་མ་ཟད་མོ་རང་སྒེར་གྱི་སྙན་གྲགས་ལ་ཡང་འབྲེལ་བ་ཡོད། ལྷག་པར་སྐབས་འདིར་ཁོ་མོས་ཨ་རིའི་མི་དམངས་རྣམས་ལ་བོད་པའི་གླུ་གཞས་དང་འགྱུར་ཁུག་སོགས་ལ་བག་ཆག་ལེགས་པོ་ཞིག་འཇོག་ཐུབ་ཚེ། འབྱུར་འགྱུར་བོད་ཀྱི་གླུ་པ་དང་གླུ་མ་སོགས་ཀྱི་སྡིངས་ཆའི་དེ་ཚད་མཐོ་རུ་འགྲོ་བ་དང། གླུ་མ་རང་ཉིད་ཀྱི་མཛེས་ཤིང་སྡུག་པའི་བྱད་གཟུགས་དང་། ཡིད་དུ་འོང་བའི་རྣམ་འགྱུར་གྱིས་བརྒྱན་པའི་གླུ་གཞས་དེ་དག་ལ་དགའ་ཞེན་དང་རྒྱབ་སྐྱོབ་མཁན་ཉིན་རེ་བཞིན་དུ་མང་དུ་འགྲོ་སྲིད། མ་ཟད་ཨ་རིར་གནས་པའི་ཤ་ཁྲག་གཅིག་པའི་སྤུན་ཟླ་རྣམས་ལ་ཕ་ཡུལ་དྲན་པའི་དྲན་གླུ་དང་། གཞན་ཡུལ་གནས་པའི་ཚོར་འདུ་འདྲ་མིན་ཞིག་ཀྱང་སྲིད། འོན་ཀྱང་བདག་ལྟ་བུར་མཚོན་ནངའ་གླུ་གཞས་སོགས་ལ་དེ་ཙམ་དུ་དགའ་ཞེན་མེད་མཁན་ཞིག་ཡིན་ཡང་མོ་རང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། འདབ་པ་ཚེ་དབང་མགོན་པོས།

    Reply
  2. ལི་ཐང་གི་ལུག་རྫི། says:
    ལོ་ 14 སྔོན།

    གླུ་མ་རིག་འཛིན་སྒྲོལ་མས་བོད་མི་རིགསས་ཀྱི་སྲོག་རྩར་གྱུར་བའི་སྐད་དང་ཡི་གེ་ཡར་རྒྱས་གོང་འཕེལ་ཡོང་བའི་ལས་དོན་སྒྲུབ་བཞིན་པའི་བྱ་བ་ལམ་དུ་འགྲོ་བ་དང་།
    གང་ཉིད་ཚེ་རིང་ནད་མེད་ཡོང་བའི་་སྨོན་འདུན་ཞུ།

    Reply
  3. རེབ་ཐོག་མདའ says:
    ལོ་ 14 སྔོན།

    བོད་མི་རིགས་དང་སྐད་ཡིག་ལ་དུངས་བ་ཟབ་པའི་བོད་གངས་ཅན་པའི་ངག་གིས་ཕྱུག་པའི་གྲོང་གསེབ་གླུ་མ་རིག་འཛིན་སྒྲོལ་མ་མཆོག་ནུབ་ཕྱོགས་ཨ་རི་ནང་དུ་མ་འོངས་གངས་ཅན་པའི་སྲོག་རྩ་དག་གི་ཆེད་དུ་རིག་རྕལ་སྤྲོ་ཚོགས་ཞིག་གོ་སྒྲིག་བྱེད་བཞིན་པ་དེ་ལ་བཀྲ་ཤིས་བདེ་ལེགས་དང་ཆབས་ཅིག་ཐ་སྙད་ཁ་ཤས་ཤིག་འདིར་བཞག་ན་བསམ་ཡོད།
    བདག་གིས་བསམ་ཚུལ་ཡིན་ན་ནུབ་ཕྱོགས་ཨ་རི་དང་ཡོ་རབས་སོགས་གནས་སྡོད་གངས་ཅན་པའི་ཕུ་ནུ་མིང་སྲིང་སུ་ཡིན་ཡང་ད་ཐེངས་ཁོ་མོ་ལ་ཨ་སྒོར་སུམ་ཅུ་རྒྱབ་སྐྱོར་ཞིག་བྱས་བ་ཡིན་ན་ཡག་པོ་ཡོད་པར་བསམ། བདག་ལྟ་བུ་ཡིན་ན་མ་འོངས་བར་གང་མགྱོགས་ངང་ཕ་ཡུལ་དུ་ལོག་ནས་ཁོ་མོ་དང་ཁོ་མོ་ལྟ་བུའི་གངས་ཅན་སྐད་ཡིག་དང་མ་འོངས་བའི་སོན་རྩ་དག་གིས་ཆེད་དུ་ཁོང་ཚོ་མཉམ་ཏུ་ལས་ཀ་བྱེད་འདོད་ཡོད།
    དེའི་རྐྱེན་ཀྱིས་བོད་མི་སུ་འདྲ་ཞིག་ཡིན་ཡང་ཨ་སྒོར་སུམ་བཅུའི་རྒྱབ་གནང་བར་སྙིང་ཁོང་རུས་བའི་སྟེང་ནས་འབོད་སྐུལ་ཞུ་བཞིན་ཡོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese