ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་འཛམ་གླིང་སྐྱབས་བཅོལ་ཉིན་མོར་འཁེལ་ཡོད་པ་ལྟར། ཉིན་གཅིག་གི་གོང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་གིས་ད་ལྟའི་འཛམ་གླིང་གི་སྐྱབས་བཅོལ་བའི་གནས་བབ་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་འདུག
དེ་རིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་གིས་སང་ཉིན་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་ནི་འཛམ་གླིང་སྐྱབས་བཅོལ་ཉིན་མོར་འཁེལ་ཡོད་པའི་དྲན་གསོ་དང་སྦྲགས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། མི་སུ་ཞིག་དམིགས་བསལ་སྡོད་གུར་རམ་གྲོང་ཁྱེར་གང་ཞིག་ཏུ་བདེ་འཇགས་མེད་པར་གནས་མཁན་དེ་སྐྱབས་བཅོལ་བ་ཆགས་ཀྱི་ཡོད་པ་དང་། འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་སྐྱབས་བཅོལ་བ་ས་ཡ་ ༡༠།༤ ཙམ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་གི་ལྟ་རྟོག་འོག་ཡོད་པ་ལས། ས་ཡ་ ༧།༡ ཙམ་ལ་ཁོ་ཚོའི་དཀའ་རྙོག་མ་སེལ་པར་ཉུང་མཐར་ལོ་ ༥ རིང་བཙན་བྱོལ་དུ་འདུག་རྒྱུར་ཆོག་མཆན་དང་ལྟ་རྟོག་བྱེད་ཀྱི་ཡོད་པར་བརྗོད་འདུག་ལ། ༢༠༡༡ ལོའི་ལོ་འཇུག་ཏུ་རྒྱལ་ཁོངས་ནས་ཕྱིར་ཕུད་བཏང་པ་དང་། སོ་སོ་རྒྱལ་ཁོངས་ནས་བྲོས་བྱོལ་གྱིས་གཞན་ལ་སྐྱབས་བཅོལ་དུ་ཡོང་མཁན་སྐྱབས་བཅོལ་བ་ས་ཡ་ ༤༢།༥ ཡོད་པར་བརྗོད་འདུག
རྒྱ་གར་ནང་གི་སྐྱབས་བཅོལ་བའི་གནས་སྟངས་སྐོར་ལ། རྒྱ་གར་ནང་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་གི་ལྟ་རྟོག་འོག་ཡོད་མཁན་སྐྱབས་བཅོལ་བ ༡༧༣༨༠ ཡོད་པ་ལས་གྲངས་ཀ་མང་ཤོས་ཨབ་གྷན་དང་འབར་མ་ནས་ཡིན་པ་དང་། དེ་བཞིན་རྒྱ་གར་གཞུང་གིས་ཐད་ཀར་ལྟ་རྟོག་འོག་ཡོད་མཁན་བོད་མི་སྐྱབས་བཅོལ་བ་འབུམ་གཅིག་དང་། ཤེ་རེ་ལཱང་ཀཱའི་སྐྱབས་བཅོལ་བ་འབུམ་གཅིག་བཅས་ཡོད་པར་བསྒྲགས་འདུག
རྒྱལ་ཚོགས་ཀྱི་སྙན་ཐོ་ལྟར་ན། ༢༠༡༠ ལོའི་ལོ་འཇུག་ཏུ་འཛམ་གླིང་ནང་གི་སྐྱབས་བཅོལ་བའི་གྲངས་ཀ་ས་ཡ་ ༤༣།༧ ཡོད་པ་ལས། ༢༠༡༡ ལོའི་ལོ་མཇུག་བར་ས་ཡ་༤༢།༥ བར་མར་ཆགས་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
དེ་ནི་མི་གཤིས་གྱོང་དྲགས་པ་མ་རེད་ཁྱོད་ནོར་སོང་དེ་ནི་གོང་ས་ཡིད་བཞིན་ནོར་བུའི་བཀའ་དྲིན་ཉག་གཅིག་རེད། དྲིན་ཆེན་ལ་དྲིན་ལོག་མ་བྱེད།
རྒྱལ་ཁབ་ཀྱི་ནང་ནས་ཨ་རི་དང་རྒྱ་ནག་བཞིན་དུ་སྟོབས་ཆེན་དེ། སྐྱབས་བཅོལ་གྱི་ནང་ནས་བོད་མི་ཡིན་པ་འདྲ། དེ་ཡང་ཕྱོགས་གཅིག་ནས་བཤད་ན་འགྲིག་པ་ཞིག་ཡིན་ཏེ། སྐྱབས་བཅོལ་གྱི་ནང་ནས་ཆེས་མཐའ་འཇུག་དེ་ཆགས་ན་ཐབས་ཅི་ཡོད། དེ་འདྲ་མ་ཆགས་པ་ནི་བོད་མི་རྣམས་ལ་ཤེས་ཡོན་དང་འཇོན་ཐང་མེད་ཀྱང་མི་གཤིས་གྱོང་དྲགས་ཏེ་ཡིན་འདྲ།