མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀུའུ་ཁའེ་ལའེ་ཡིས་ལྐོག་གསོད་ཉེས་དོན་ངོས་ལེན་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཀུའུ་ཁའེ་ལའེ་ཡིས་དབྱིན་ཇིའི་ཚོང་བ་ཧའེ་ཝོ་ཌི་ལྐོག་གསོད་ངོས་ལེན་བྱས་ཡོད་པ་དང་། ཁམ་བྷོ་ཌི་ཡཱའི་ཉེན་རྟོག་པས་པའོ་ཚང་གི་རུལ་སུངས་དང་འབྲེལ་ཡོད་ཧྥ་རན་སིའི་བཟོ་སྐྲུན་པ་ཌེ་བའེ་ལིར་སི་འཇུ་བཟུང་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཉི་ཧོང་གི་གསར་ཤོག་ཆེ་ཤོས་༼ཉི་ཧོང་དང་ཀོ་རི་ཡའི་གསར་འགྱུར༽ཞེས་པའི་སྟེང་། དེ་སྔའི་རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་དམར་ཤོག་དྲུང་ཆེ་པའོ་ཞིས་ལའེ་ཡི་ཆུང་མ་ཀུའུ་ཁའེ་ལའེ་ཡིས།  ལྐོག་དངུལ་འབོར་ཆེན་ཕྱིའི་རྒྱལ་ཁབ་ཏུ་གཏོང་འཇོག་ཐད་རོགས་འདེགས་གནང་མཁན་དབྱིན་ཇུའི་ཚོང་བ་ཧའེ་ཝོ་ཌི་ལྐོག་གསོད་ངོས་ལེན་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག 

རྒྱ་གཞུང་འབྲེལ་ཡོད་དཔོན་རིགས་ཀྱིས་གསང་བའི་སྒོ་ནས་གསར་ཁང་དེར་གནས་ཚུལ་ཕྱིར་སྒྲོག་བྱས་པ་ལྟར་ན། རྒྱ་ནག་དབུས་གཞུང་སྒྲུབ་ཁང་གིས་འབྲེལ་ཡོད་ཡིག་ཆ་ཕྱོགས་སྒྲིག་གིས་ནང་ཁུལ་སྙན་ཐོ་ཞིག་བཏོན་ཏེ། རྒྱ་ནག་དབུས་གཞུང་གི་མཐོ་རིམ་དཔོན་རིགས་ཁྲོད་བཀྲམས་ཡོད་པ་དང་། ད་ལྟའི་ཆར་ཀུའུ་ཁའེ་ལའེ་རྒྱ་ནག་བྱང་ཤར་གྱི་སྲིད་འཛིན་ས་ཁུལ་ཞིག་ནང་བཀག་སྡོམ་གྱིས་འདྲི་གཅོད་བྱེད་བཞིན་ཡོད་པ་དང་། ཧའེ་ཝོ་ཌི་ལྐོག་གསོད་དགོས་དོན་ནི་ཁོ་མོར་ཚུར་གནོན་ཤུགས་ཆེན་པོ་སྤྲད་པས་རྐྱེན་གྱིས་ཡིན་ཚུལ་དང་། ཧའེ་ཝོ་ཌི་ལྐོག་གསོད་བྱས་པའི་བརྒྱུད་རིམ་རྣམས་གསལ་བཤད་བྱས་ཡོད་འདུག

ལོ་རབས་ ༩༠ བ་ནས་མགོ་བརྩམས་ཏེ་ད་ལྟའི་བར་དུ། ཀུའུ་ཁའེ་ལའེ་ཡིས་རང་ཉིད་ཀྱི་ཁྱོ་ག་པའོ་ཞིས་ལའེ་ཡི་དབང་ཤུགས་སྤྱད་དེ། ཁྲིམས་མཐུན་མ་ཡིན་པའི་ཐོག་ནས་བཟོ་ཚོང་སྡེ་ཁག་མང་པོའི་མ་དངུལ་ཕོན་ཆེན་ལྐོག་ཟ་བྱས་ཡོད་པ་མ་ཟད། ཨ་རི་དང་དབྱིན་ཡུལ་ནང་ཡོད་པའི་ཁོ་མོའི་གཉེན་ཉེ་དང་གྲོགས་པོའི་མིང་ཐོག་ཏུ་དངུལ་བྱང་བཟོས་ཐོག   ཨ་སྒོར་དུང་ཕྱིར་ ༦༠ ལྷག་ཕྱིའི་རྒྱལ་ཁབ་ནང་གཏོང་འཇོག་བྱས་ཡོད་པ་དང་། དངུལ་ཕྱིར་གཏོང་ཐད་དབྱིན་ཇིའི་ཚོང་བ་ཧེ་ཝོ་ཌི་(Neil Heywood)དང་ཧྥ་རན་བཟོ་སྐྲུན་པ་ཌེ་བའེ་ལིར་སི(Patrick Henri Devillers)་གཉིས་ཀྱིས་རོགས་འདེགས་བྱས་ཡོད་པ་རེད། 

ཧྥ་རན་སིའི་བཟོ་སྐྲུན་པ་ཌེ་བའེ་ལིར་སི་འཇུ་བཟུང་།

ཨེ་ཕའེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་བའི་བདུན་ཕྲག་གཉིས་ཀྱི་སྔོན་དུ་ཁམ་བྷོ་ཌི་ཡཱའི་ (Cambodia) རྒྱལ་ས་ཧྥོན་ཕེན་(Phnom Penh) གྱི་ས་གནས་ཉེན་རྟོག་པས་ཧྥ་རན་སའི་བཟོ་སྐྲུན་པ་ཌེ་བའེ་ལིར་སི་འཇུ་བཟུང་བྱས་ཡོད་པ་དང་། དེའི་སྐོར་གྱི་གནས་ཚུལ་ཁྲིམས་ལུགས་སྡེ་ཁག་ལ་སྙན་ཞུ་ཕུལ་ཡོད་ཀྱང་། འཇུ་བཟུང་དགོས་པའི་རྒྱུ་མཚན་གསལ་ཁ་བཏོན་མེད་པ་རེད། ཁོ་རང་འཇུ་བཟུང་བྱས་པ་ཕྱིར་བསྒྲགས་མ་བྱས་པའི་བདུན་ཕྲག་གཅིག་གི་སྔོན་དེར། རྒྱ་གཞུང་རྩ་འཛུགས་ཞིབ་བཤེར་འཐུས་ཚོགས་ཀྱི་དམར་ཤོག་དྲུང་ཆེ་ཧི་ཀོ་ཆང་ཁམ་བྷོ་ཌི་ཡཱའི་ནང་སླེབས་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་བར་འཛུགས་སྐྲུན་མ་དངུལ་ཕོན་ཆེན་པོ་གཏོང་འཇོག་བྱ་རྒྱུའི་གྲོས་ཆོད་ཅིག་ཀྱང་བཞག་ཡོད་འདུག  

ཕྱི་ཚེས་ ༡༩ ཉིན་ཁམ་བྷོ་ཌི་ཡཱར་བཅའ་སྡོད་ཧྥ་རན་སིའི་གཞུང་ཚབ་ཁང་གིས། ཁམ་བྷོ་ཌི་ཡཱ་གཞུང་གིས་ཧྥ་རན་སིའི་ཡུལ་མི་འཇུ་བཟུང་བྱེད་དགོས་པའི་རྒྱུ་མཚན་གསལ་བོ་བཟོ་དགོས་པ་ནན་སྐུལ་བྱས་ཡོད་པ་རེད། ཧྥོན་ཕེན་ཉེན་རྟོག་ཁང་གི་མགོ་གཙོ་ནཱ་རའོ་ཐི་ (Touch Naruth ) གསར་ལམ་ཁག་ཏུ། ཁམ་བྷོ་ཌི་ཡཱའི་ཕྱོགས་ནས་བཟོ་སྐྲུན་པ་ཌེ་བའེ་ལིར་སི་ཧྥ་རན་སི་དང་རྒྱ་ནག་གཉིས་ཀྱི་གང་ལ་རྩིས་སྤྲོད་བྱ་མིན་ཐད་བསམ་བློ་གཏོང་གིན་ཡོད་ལ། རྒྱ་གཞུང་གི་ངོས་ནས་བཟོ་སྐྲུན་པ་ཌེ་བའེ་ལིར་སི་ཡིས་རྒྱ་ནང་དུ་ཁྲིམས་འགལ་གྱི་ལས་དོན་གཉེར་ཡོད་སྟབས། ཁོ་རྒྱ་གཞུང་ལ་རྩིས་སྤྲོད་དགོས་པའི་རེ་སྐུལ་ཞུས་ཡོད་སྐོར་བརྗོད་ཡོད་པ་རེད། 

ཕྱི་ཚེས་ ༢༠ ཉིན་ཧྥ་རན་སིའི་ཕྱི་འབྲེལ་མགྲིན་ཚབ་པ་ཝེ་ལི་རའོ་(Bernard Valero)ཡིས། ཁམ་བྷོ་ཌི་ཡཱས་བཟོ་སྐྲུན་པ་ཌེ་བའེ་ལིར་སི་འཇུ་བཟུང་བྱས་པའི་རྗེས། དེ་གར་བཅའ་སྡོད་ཧྥ་རན་སིའི་གཞུང་ཚབ་ཁང་གི་འབྲེལ་ཡོད་མི་སྣས་གནད་དོན་དེའི་གནས་སྟངས་ཐད་དོ་སྣང་ཤུགས་ཆེན་གནང་བཞིན་པར་མ་ཟད། ཉིན་ལྟར་ཁོ་དང་ཐུག་འཕྲད་ཀྱིས་ལྟ་རྟོག་གནང་གི་ཡོད་སྐོར་བརྗོད་འདུག ཡིན་ནའང་། ཉིན་དེར་རྒྱ་གཞུང་ཕྱི་འབྲེལ་སྡེ་ཁག་གི་གསར་འགོད་ལྷན་ཚོགས་ཐོག ཕྱི་འབྲེལ་མགྲིན་ཚབ་ཧུང་ཧྲི་ཡིས་གནད་དོན་དེའི་ཐད་ཀྱི་གསར་འགོད་པའི་དྲི་བར་ལན་འདེབས་གང་ཡང་བྱས་མེད་པ་རེད། ཁམ་བྷོ་ཌི་ཡཱས་བཟོ་སྐྲུན་པ་ཌེ་བའེ་ལིར་སི་རྒྱལ་ཁབ་གང་ལ་རྩིས་སྤྲོད་དགོས་མིན་དེ། ད་ལྟའི་ཆར་ཧྥ་རན་སི་དང་རྒྱ་ནག་བར་གྱི་ཕྱི་འབྲེལ་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད།

པའོ་ཚང་གི་རུལ་སུངས་དང་རྒྱ་དམར་གྱི་འཁྲབ་གཞུང་།

ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་གཞུང་དབུས་རྩ་འཛུགས་ཞིབ་བཤེར་ལྷན་ཁང་གིས། ཝང་ལིས་ཅོན་གྱི་བློས་འཁེལ་ལག་རོགས་ཁྲུང་ཆིན་གྲོང་ཁྱེར་བྱང་ཁུལ་ཉེན་རྟོག་ཁང་གི་མགོ་གཙོ་ཝང་ཕིན་ཧྥེ་རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཁྲིད་དེ་ཞིབ་བཤེར་བྱེད་མགོ་བརྩམས་ཡོད་པ་དང་། དེ་བཞིན། པའོ་ཞིས་ལའེ་དང་ཀུང་ཁའེ་ལའེ་གཉིས་ལ་ཞིབ་བཤེར་བྱེད་པའི་ཁྱབ་ཁོངས་ཀྱང་རྒྱ་བསྐྱེད་དེ། དེ་སྔོན་པའོ་ཞིས་ལའེ་ལེའོ་ཉཱན་ཏ་ལེན་གྲོང་ཁྱེར་གྱི་མགོ་གཙོའི་སྐབས་ཀྱི་འབྲེལ་ཡོད་དཔོན་རིགས་དང་དྲུང་ཡིག རླངས་འཁོར་ཁ་བ་བཅས་མི་བཅུ་གྲངས་ཤིག་འཇུ་བཟུང་གིས་ཞིབ་བཤེར་བྱས་པར་མ་ཟད། པའོ་དང་ཐུག་འཕྲད་བྱས་མྱོང་ཡོད་པའི་བཟོ་ཚོང་སྡེ་ཁག་གི་དཔོན་རིགས་དང་། བཟོ་སྐྲུན་པ་སོགས་མི་ ༡༠༠ ལྷག་ལ་འདྲི་གཅོད་བྱས་ཏེ། པའོ་དང་འབྲེལ་བ་ཅི་ཞིག་ཡོད་མེད་ཐད་རྟོག་ཞིབ་བྱེད་བཞིན་ཡོད་འདུག

ཧྥ་རན་སིའི་འཛམ་གླིང་གསར་ཤོག་གིས་༼རྒྱ་གཞུང་གིས་པེ་ཅིན་དུ་འཁྲབ་པའི་མུ་འབྲེལ་བརྙན་སྒྲུང་༽ ཞེས་དཔྱད་བརྗོད་ཅིག་སྤེལ་ཏེ། དང་ཐོག་ཉེན་རྟོག་སྡེ་ཁག་གི་མགོ་བས་ཕྱི་རྒྱལ་དུ་བྲོས་བྱོལ་གྱི་འཆར་གཞི་བཏང་བ། དེ་རྗེས་རྒྱ་དམར་ནང་ཁུལ་རྙོག་ཟིང་གི་མགོ་བསླངས་པ། དེར་མཐུད་ནས་ཆབ་སྲིད་གཡོ་འགུལ་གྱི་བཤད་ཡམས་གང་སར་ཁྱབ་པ། མཐར་བློ་ཡིད་ལས་འདས་པའི་ཕྱི་མི་ཞིག་གི་བེམ་རོ་དང་འབྲེལ་ནས་གྱོད་དོན་དེ་ཕྱི་འབྲེལ་གནད་དོན་གྱི་ངོ་བོར་གྱུར་བ་སོགས་གནས་ཚུལ་གྱི་འཕེལ་རིམ་གསལ་འདོན་བྱས་ཡོད་པ་ལྟར། ད་ལྟའི་ཆར་པའོ་ཚང་གི་གནད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་རྒྱལ་ཁབ་ ༥ ཁྲོད་ཀྱི་ཧྥ་རན་སི་དང་དབྱིན་ཡུལ། ཨ་རི། རྒྱ་ནག་བར་གྱི་ཕྱི་འབྲེལ་གནད་དོན་ཞིག་ཆགས་ཡོད་པ་རེད།  

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༡༡ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese