ཉེ་ལམ་སྦེལ་ཇམ་ནང་བོད་མི་ ༣༩ ཙམ་གྱིས་བོད་དོན་དྲིལ་བསྒྲཊ་ཆེད་ཡུལ་དེའི་གྲོང་ཁྱེར་ཁག་གཉིས་ནང་རྐང་འཁོར་རྒྱང་སྐྱོད་བྱས་འདུག
སྦེལ་ཇམ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་སྦེལ་ཇམ་གནས་སྡོད་བོད་རིགས་གཞོན་སྐྱེས་ ༣༩ ཙམ་གྱིས། སྦེལ་ཇམ་གྲོང་ཁྱེར་ཨན་ཊི་ཝར་ཕན་(Antwerpen)ནས་རྒྱལ་ས་སྦར་སིལ་ (brussel)བར། རྐང་འཁོར་རྒྱང་སྐྱོད་ཀྱི་ལམ་ནས་བོད་དོན་དྲིལ་བསྒྲགས་ཞིག་གནང་ཡོད་འདུག
ཐེངས་འདིའི་གོམ་བགྲོད་ཀྱི་དམིགས་ཡུལ་གཙོ་བོ་རྒྱ་གཞུང་གི་དྲག་གནོན་འོག་བོད་མི་ཚོས་སྡུག་བསྔལ་མྱོང་བཞིན་པ་དང་། ལྷག་པར་དུ་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་བོད་ལ་རང་དབང་དགོས་པ་དང་། ༸གོང་ས་མཆོག་ལ་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་ཁག་འཛམ་གླིང་མི་མང་ལ་གསལ་སྟོན་བྱེད་ཆེད། བོད་ནང་གི་བོད་མི་ཚོའི་མངོན་འདོད་མཚོན་པའི་འོད་སྡེར་ ༢༠༠ ཙམ་རིན་མེད་ཐོག་མང་ཚོགས་ནང་འགྲེམས་སྤེལ་བྱས་འདུག་ལ། ལས་འགུལ་གྱི་མཇུག་སྡོམ་མཛད་སྒོ་ལཱ་ཧོར་སི་(la bourse)ས་གནས་སུ་ཚོགས་སྐབས་བོད་མི་མང་པོ་ཞིག་མཉམ་ཞུགས་གནང་ཡོད་འདུག
གསར་འགོད་པ། དཔལ་ལྡན།
གདུང་སེམས་མཉམ་བསྐཻད་གྱི་ལས་འགུལ་ཁ་ཡོད་གནང་བར་དགའ་བསུ་ཞུ་ མི་མང་དག་བཅས་ཁ་ནས་ དོན་ཐོག་ལག་ལེན་གང་ཡང་མེད་པས་ གོ་སྒྲིག་གནང་མཁན་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་ཆེ་གནང་ ངསྔགས་བརྗོད་ཡོད་