ཉེ་ལམ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་མཆོག་ཐའེ་ཝན་དང་ལྷོ་ཀོ་རི་ཡ། ཉི་ཧོང་བཅས་ཨེ་ཤ་ཡའི་རྒྱལ་ཁབ་གསུམ་གྱི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་དུ་ཕེབས་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༨ ཉིན་བཀའ་བློན་མཆོག་གིས་ཐའེ་ཝན་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་ཐའེ་ཝན་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། སློབ་ཕྲུག་བཅས་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གསུང་བཤད་དང་དྲི་བར་ལན་འདེབས་བཅས་གནང་འདུག
ཐེངས་འདིར་བཀའ་བློན་མཆོག་རྒྱལ་ཁབ་དེ་དག་ནང་སྐོར་བསྐྱོད་ཀྱི་དམིགས་ཡུལ་གཙོ་བོ། འཆར་ཟླའི་ནང་ཐའེ་ཝན་དང་ལྷོ་ཀོ་རི་ཡ། ཉི་ཧོང་བཅས་རྒྱལ་ཁབ་དེ་དག་ནང་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་སྲུང་གཙི་ཞུ་རྒྱུ་དང་། འབྲེལ་ཡོད་གཞུང་འབྲེལ་མི་སྣར་མཇལ་འཕྲད་གནང་སྟེ་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུ་ཆེད་ཡིན་འདུག
གསར་འགོད་པ། དོན་གོ