གཟའ་ཉི་མའི་ཉིན་རྒྱ་གར་དབུས་འོས་བསྡུ་ལས་ཁུངས་ཀྱིས། ༢༠༡༢ ལོའི་རྒྱ་གར་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་གཞུང་འཛིན་ཚོགས་པའི་ནོར་སྲིད་བློན་ཆེན་ཟུར་པ་པི་རཱ་ནབ་མུ་ཀར་རྗེ་ལ་ཐོབ་ཡོད་པ་བསྒྲགས་འདུག
ཕྱི་ཚེས་ ༢༢ ཉིན་རྒྱ་གར་དབུས་འོས་བསྡུ་ལས་ཁུངས་ཀྱིས། ཉེ་སྔོན་ཕྱི་ཚེས་ ༡༩ ཉིན་གྱི་རྒྱ་གར་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པའི་ནང་། ད་ལྟའི་རྒྱ་གར་གཞུང་འཛིན་ཚོགས་པ་ཀང་གྷི་རེ་སི་(Congress) ཡི་འོས་མི་ནོར་སྲིད་བློན་ཆེན་ཟུར་པ་པི་རཱ་ནབ་མུ་ཀར་རྗེ་(Branab Mukherjee) ལ་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད།
གཟའ་ཕུར་བའི་ཉིན་གྱི་རྒྱ་གར་སྲིད་འཛིན་འོས་བསྡུའི་ཁྲོད་དབུས་དང་མངའ་སྡེ་གྲོས་ཚོགས་འཐུས་མི་ ༤༨༩༦ འོས་ཤོག་བླུགས་ཏེ། ནོར་སྲིད་བློན་ཆེན་ཟུར་པ་ཁོང་ལ་ཁ་གཏད་སྲིད་འཛིན་འོས་མི་པུར་ནོ་ཨེ་སང་མཱ་(Purno.A. Sangma ) ལས་བརྒྱ་ཆ་ལྡབ་གཉིས་མང་པ་ཐོབ་ཡོད་འདུག
རང་ལོ་ ༧༦ ཡིན་པ་པི་རཱ་ནབ་མུ་ཀར་རྗེ་ནི་དེ་སྔོན་རྒྱ་གར་ཕྱི་སྲིད་བློན་ཆེན་དང་བདེ་སྲུང་བློན་ཆེན། ༢༠༠༩ ནས་ད་སྔའི་བར་ནོར་སྲིད་བློན་ཆེན་བཅས་སུ་བསྡད་མྱོང་ཡོད་པ་རེད།
རྒྱ་གར་གྱི་སྲིད་གསར་བ་ལ་རྟེན་འབྲེལ་ཞུ།
རྒྱ་གར་སྲིད་འཛིན་གསར་པར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་དང་བསྔགས་བརྗོད་ཡོད། ལྐོག་ཟ་རུལ་སུངས་དང་གཡོ་སྒྱུ་ཁྲམ་གསུམ་གྱིས་གཞན་དབང་དུ་མི་འགྱུར་པའི་རེ་བ་ཡོད།།
འཛམ་གླིང་ན་གྲགས་པ་རྒྱས་པའི་མང་གཙོའི་གཞུང་འཛིན་གྱི་ཞབས་བཀྱག་མཐོ་ཤོས་ཀྱི་རྒྱལ་ཁ་བླངས་པར་བཀྲིས་བདེ་ལེགས།
བོད་ཀྱི་མེ་ལྕེའི་གནད་དོན་དེ་ཉིད་དཔལ་འབྱོར་འབྲེལ་ལམ་གྱི་ཐག་སྐུད་ཅིག་ཏུ་མ་སྦྲེལ་བའི་རེ་བ་ཡིན།
ཁྲིམས་ཀྱི་མཐའ་སྣེར་ལྷུངས་བའི་ཉེས་ཅན་དག་ལའང་ཚེ་སྲོག་གི་དབུགས་སྦྱིན་རེ་ཞོར་དུ་གནང་རོགས་གནང་།