མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་རང་བཙན་ཉིན་མོ་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཟླ་ ༨ པའི་ཚེས་ ༡༥ ཉིན་ནི་རྒྱ་གར་རང་བཙན་ཐོབ་ནས་ལོ་ ༦༥ འཁོར་བཞིན་ཡོད་པར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་གཙོས་པའི་བཀའ་བློན་རྣམ་པ་དང་སྲི་ཞི་ལས་བྱེད་ཚོས་བཀའ་ཤག་མདུན་ཐང་དུ་དུས་དྲན་སྲུང་གཙི་གནང་སོང་ལ། ངྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་ངྷ་ས་ཉིན་མོའི་སློབ་གྲྭའི་ནང་དུས་དྲན་སྲིང་གཙི་གནང་སོང་།

ད་ནིང་ཞོགས་པའི་ཆུ་ཚོད་ ༩ སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གཙོས་པའི་ཕྱག་རོགས་བཀའ་བློན་རྣམ་པ་དང་། ཟུང་དྲུང་ཡན་གྱི་སྲི་ཞུ་ལས་བྱེད་ཡོངས་བཀའ་ཤག་མདུན་ཐད་དུ་འཛོམས་ཏེ། རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༦༥ པ་དེ་སྲུང་གཙི་གནང་ཡོད། སྐབས་དེར་བཀའ་ཁྲི་མཆོག་གིས་གསར་འགོད་པ་ཚོར། རྒྱ་གར་དང་བོད་གཉིས་ནི་ས་ཁམས་ཁོར་ཡུག་དང་། ལོ་རྒྱུས་ཐོག་ནང་ཆོས་རིག་གཞུང་། ཆབ་སྲིད་སོགས་ཀྱི་ཐད་ནས་དམིགས་བསལ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ། ལྷག་པར་དུ་འདས་པའི་མི་ལོ་ ༥༠ ལྷག་གི་རིང་བཙན་བྱོལ་བོད་མི་ཚོར་རྒྱ་གར་གཞུང་དམངས་གཉིས་ཀྱིས་རྒྱབ་སྐྱོར་གཟིགས་སྐྱོང་གནང་པར་བཀའ་དྲིན་ཆེན་པོ་ཡིན་པ་སོགས་གསུངས་ཡོད།

དེ་རིང་སྔ་དྲོར་ངྷ་ས་ས་གནས་མགོ་འཛིན་ལས་ཁུངས་དང་ཧིན་བོད་མཛའ་འབྲེལ་ཚོགས་པ། བོད་ཀྱི་རྩོད་རྙོག་འདུམ་འགྲིག་ཁང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། ས་གནས་གཞོན་ནུ་དང་བུད་མེད། བོད་རང་བཙན་སློབ་ཕྲུག་ཚོགས་པ། ཐང་ཁྲོམ་སྐྱིད་སྡུག་ཚོགས་པ་བཅས་ཀྱིས་ངྷ་སའི་ཁྲོམ་གཞུང་ནས་མངར་ཟས་བཀྲམས་ཏེ་རྒྱ་གར་རང་བཙན་གྱི་ཉིན་མོ་སྲུང་གཙི་གནང་ཡོད་ལ། ཉིན་རྒྱབ་ཆུ་ཚོད་ ༡།༣༠ སྟེང་གོང་གསལ་ཚོགས་པ་ཁག་གིས་ངྷ་ས་བོད་ཁྱིམ་ཉིན་སློབ་ཚོགས་ཁང་དུ་དུས་དྲན་སྲུང་གཙིའི་མཛད་སྒོ་ཞིག་ཀྱང་ཚོགས་སོང་།

མཛད་སྒོའི་སྐུ་མགྲོན་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་ཡ་སེན་(Ajay Singh Mankotia)མཆོག་དང་། ངྷ་རམ་ས་ལའི་ས་གནས་སྐོར་སྲུང་མགོ་བ། ངྷ་ས་གྲོང་སྡེ་ལས་ཁུངས་ཀྱི་མགོ་དཔོན། དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ལགས་བཅས་གདན་ཞུ་གནང་འདུག

མཛད་སྒོའི་ཐོག་མར་ཉིན་སློབ་ཐང་ཆེན་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་ངྷ་ས་ས་གནས་ཉེན་རྟོག་མགོ་བ་གཉིས་ཀྱིས་རྒྱ་གར་རྒྱལ་དར་སྒྲེང་འཛུགས་དང་རྒྱ་གར་རྒྱལ་ཀླུ་བཏང་རྗེས་སྐུ་མགྲོན་རྣམས་ཚོགས་ཁང་ནང་འཛོསམ་ཏེ། ངྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་དུས་དྲན་ངོ་སྤྲོད་གནང་བར་ཉིན་མོ་འདི་ནི་རྒྱ་གར་མི་མང་གི་གཟི་བརྗིད་ལྡན་པའི་དུས་ཆེན་ཞིག་ཡིན་པ་དང་། བཙན་བྱོལ་བོད་མི་ཚོས་ཀྱང་དུས་ཆེན་འདི་སྲུང་གཙི་དང་ལྷན་དུ་རྒྱ་གར་གཞུང་དམངས་ལ་སེམས་གཏིང་ནས་ཡི་རེངས་དང་བཀའ་དྲིན་རྗེས་དྲན་ཞུས་པ་མ་ཟད། ལོ་ངོ་ ༢༠༠ ལྷག་རིང་རྒྱ་གར་མི་མང་གི་ཚེ་སྲོག་གིས་འཐབ་རྩོད་བྱས་མཐར་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་ཡོད་ཀྱང་། བོད་མི་ཚོས་འདས་པའི་ལོ་ ༥༣ རིང་འཚེ་མེད་ཞི་བའི་འཐབ་རྩོད་བྱས་ཡོད་ཅིང་། ཉེ་བའི་དུས་ནས་བོད་ནང་རང་ལུས་མེར་བསྲེགས་ཀྱི་གནས་སྟངས་ཛ་དྲག་འོག་འདས་གྲོངས་སུ་གྱུར་པ་རྣམས་ལ་གུས་འདུད་དང་། མི་རིང་བར་ཧིན་བོད་མཉམ་འབྲེལ་ཐོག་བོད་རང་དབང་གི་ཉིན་མོ་སྲུང་གཙི་ཐུབ་པའི་རེ་སྨོན་ཡོད་པ་སོགས་བརྗོད་སོང་།

དེའི་རྗེས་དམིགས་བསལ་སྐུ་མགྲོན་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་མཆོག་གིས། རྒྱ་གར་རང་དབང་འཐབ་རྩོད་པ་དང་སྐབས་དེའི་མགོ་ཁྲིད་རྣམ་པ་དེང་གི་རྒྱ་གར་བ་དང་བོད་མི་ཚང་མས་སེམས་ལ་དྲན་དགོས་པ་དང་། རྒྱ་གར་ནི་རིག་གཞུང་དང་ཆབ་སྲིད་སོགས་ཕྱོགས་མང་པོའི་ཐོག་ནས་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པ། དེ་རིང་གི་ཉིན་མོ་འདི་ནི་བོད་མི་ཚོས་རྒྱ་གར་མི་མང་ལ་སོ་སོའི་སྙིང་དབུས་ནས་བཀའ་དྲིན་བསམ་ཤེས་ཀྱི་རྣམ་པ་སྟོན་པའི་གོ་སྐབས་ལེགས་ཤོས་ཤིག་ཡིན་སྐོར་སོགས་གསུངས་སོང་།

མཐར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙི་ཨ་ཇེ་སེན་མཆོག་གིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཁྲུངས་ས་བོད་ཡིན་ཡང་། བཞུགས་གནས་རྒྱ་གར་དང་ལྷག་པར་དུ་ངྷ་རམ་ས་ལར་རྒྱུན་བཞུགས་གནང་བ་དེས། རྒྱ་གར་བ་སྤྱི་དང་བྱེ་བྲག་ཏུ་ངྷ་ར་ས་ལའི་རྒྱ་གར་མི་མང་ལ་བྱིན་རླབས་དང་བཀའ་དྲིན་བླ་ན་མེད་པ་ཞིག་ཆགས་ཡོད་པ་དང་། ༧གོང་ས་མཆོག་ནི་འཛམ་གླིང་ནང་མཐོང་དཀའ་བའི་མི་སྣ་རླབས་ཆེན་ཞིག་ཡིན་ཞིང་། རྒྱ་གར་དང་མི་མང་དང་གཙོ་བོ་ཧི་མ་ཅལ་དང་ངྷ་སའི་རྒྱ་གར་མི་མང་གིས་༧གོང་ས་མཆོག་གི་བཀའ་དྲིན་དུས་ནམ་ཡང་བརྗེད་མི་ཉན་པོར་སེམས་ལ་ཉར་དགོས་པ། ལྷག་པར་དུ་སོ་སོར་གཞུང་དང་རང་དབང་ཡོད་པའི་མི་རིགས་ཤིག་ཡིན་སྟབས། བློ་སྟོབས་ཆེན་པོས་ཐོག་ནས་༧གོང་ས་མཆོག་དང་བོད་མི་ཚོར་རྒྱབ་སྐྱོར་དང་འཐབ་རྩོད་ལ་མཉམ་ཞུགས་བྱ་དགོས་པའི་སྐུལ་མ་གནང་སོང་།

མཛད་སྒོའི་གསུང་བཤད་ཁག་གྲུབ་རྗེས་ཡོངས་གླིང་སློབ་གྲྭ་དང་ཉིན་སློབ། ཐང་སྟོང་གླུ་གར་ཚོགས་པ་སོགས་ཀྱིས་གཞིས་སྣ་འཁྲབ་སྟོན་གནང་སོང་། དེ་དང་འབྲེལ་ངྷ་ས་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་བརྩིན་འགྲུས་ལགས་ཀྱིས། བོད་ནང་གི་གནས་བབ་འདི་འདྲ་ཞིག་གི་འོག་གཞིས་སྣ་འཁྲབ་སྟོན་བྱ་རྒྱུ་དེ་ཙམ་འོས་འཚམས་མིན་ཡང་། འདི་ནི་དགའ་སྤྲོའི་རྣམ་པ་ཞིག་མིན་པར་རྒྱ་གར་རང་བཙན་ཉིན་མོ་སྲུང་གཙི་དང་། བོད་མི་ཚོར་ཡང་རང་བཙན་དགའ་སྤྲོའི་ཉིན་མོ་ཞིག་ལ་རེ་སྨོན་དང་དྲན་གསོ་བྱས་པ་ཡིན་སྐོར་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མ་ཧྰ་བྷྰ་རཏ་རྩོམ་ཡུལ། །
    གཞོན་ནུ་དོན་འགྲུབ་འཁྲུངས་ཡུལ། །
    བོད་རིགས་བཙན་བྱོལ་གྱར་ཡུལ། །
    རྒྱ་གར་ཡུལ་ལུང་དར་རྒྱས་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese