མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམིཊ་བསལ་ཚོགས་ཆེན་ཐེངས་གཉིས་པར་ཕུལ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་དབང་ཕུན་ཚོགས།

ད་ནི་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པར་མི་ཚོགས་བར་ཟླ་ངོ་གཅིག་ལྷག་ཙམ་ལས་མེད་པའི་སྐབས་དེར་རང་ངོས་ནས་བསམ་ཚུལ་ཐུང་ཙམ་ཞིག་བརྗོད་པར་འདོད་ཅིང་། ད་རེས་ཀྱི་དམིགས་བསལ་ཚོགས་ཆེན་འཚོགས་དགོས་པའི་རྒྱུ་མཚན་ནི་བོད་ནང་གནས་སྟངས་ལོ་རེ་ནས་ལོ་རེར་ཧ་ཅང་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། ལྷག་དོན་ཕྱི་ལོ་ ༢༠༠༨ ལོར་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཡོངས་སུ་བོད་རིགས་རྒན་དར་གཞོན་གསུམ་གྱིས་རྒྱ་ནག་དམར་པོའི་སྲིད་གཞུང་འོག་འདུག་སྡོད་མེད་པའི་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་ལ་རྒྱ་གཞུང་གི་བསམ་ཤེས་ཕྲ་མོ་ཙམ་ཡང་མེད་པར། བོད་མི་རིགས་ནི་དགྲ་བོའི་དྭངས་མ་ཞིག་ཏུ་ངོས་འཛིན་བྱས་ཏེ་ཁྲག་དྲི་བྲོ་བའི་དྲག་གནོན་དང་བཙོན་འཇུག ཉེས་རྡུང་དྲག་པོ་བཏང་བ་སོགས་ཀྱིས་དམྱལ་བ་མི་ཡུལ་ནས་མྱངས་དང་མྱོང་བཞིན་ཡོད།

 

རྒྱུ་མཚན་དེ་དག་ལ་བརྟེན་ནས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ “བར་ལམ་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང་། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷུག་ཅིག་”ཅེས་གསུངས་ནས་བཅའ་ཁྲིམས་དོན་ཙན་ང་དགུ་པའི་ནང་གསེས་ཁག་གི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་དེ་བསྡུ་སྐོང་གནང་ཡོད་ཅིང་། སྐབས་དེར་བཀའ་ཤག་གིས་དབུ་འབྱེད་ཀྱི་གསུང་སྐབས་བོད་རྒྱ་གྲོས་མོལ་དོན་དམ་གྱི་དོན་འབྲས་མ་གསོན་པ་དང་། ད་ལྟ་བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་ཐོག གཞི་རིམ་གྱི་སྲིད་བྱུས་འགྱུར་བ་དགོས་མིན་ནི་མང་ཚོགས་ཀྱི་མངོན་འདོད་ལྟར་མང་ཚོགས་ཀྱིས་ཐག་གཅོད་གནང་དགོས་པ་ཞིག་ལས། བཙན་བྱོལ་གཞུང་གིས་ཐག་གཅོད་སྔོན་ལ་བྱས་ཏེ་གྲོས་རྗེས་སུ་དྲིས་པ་ཞིག་དེ་སྔ་ཡང་བྱས་མྱོང་མེད་ལ། འབྱུང་འགྱུར་ཡང་བྱེད་འདོད་མེད་”ཅེས་ཚིག་ཐག་ཆོད་པོས་གསུང་བཤད་གནང་ཡོད་ཅིང་། བཙན་བྱོལ་བོད་མིའི་བཀའ་ཤག་སྐབས་བཅུ་གཉིས་པའི་བཀའ་ཤག་གིས་འཛམ་གླིང་འཕོ་འགྱུར་དང་བསྟུན་ནས་གུ་བཤངས་ཆེན་པོའི་ཐོག་ནས་བོད་རྒྱ་གཉིས་ཕན་གྱི་མ་འོངས་པའི་མདུན་ལམ་ལ་དགོངས་པ་རླབས་ཆེན་བཞེས་ནས་དབུ་མའི་ལམ་རྒྱུན་འཁྱོང་བྱས་ཡོད་ཀྱང་། རྒྱ་ཕྱོགས་ནས་བསམ་ཤེས་མེད་པར་མངོན་པར་མི་གསལ་བའི་རང་བཙན་རྩོད་ཀྱི་ཡོད་ཚུལ་སོགས་བརྗོད་དེ་གྲོས་མོལ་ལ་གཡོལ་གང་ཐུབ་བྱེད་ཀྱི་ཡོད།

 

རང་གཞུང་གི་ངོས་ནས་ལྷག་བསམ་རྣམ་དག་གིས་པེ་ཅིན་དུ་རྒྱ་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་བར་བྱས་ཤིང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་གི་འོག་བོད་མི་རིགས་ཡོངས་ལ་མིང་དོན་མཚུངས་པའི་ས་གནས་རང་སྲིད་རང་སྐྱོང་གི་གནས་བབ་ལག་བསྟར་བྱེད་ཕྱོགས་ཞིབ་ཆའི་བསམ་འཆར་སྤྲད་ནས་ཐོབ་ཐང་མིང་དོན་མཚུངས་པ་དགོས་ཞེས་བརྗོད་མོད། དེར་ཁ་བྲལ་དང་། མངོན་པར་མི་གསལ་བའི་རང་བཙན་ཡིན་ཚུལ་སོགས་ཀྱི་འཁྱོག་བཤད་ཁོ་ན་བྱས་ཏེ་ཡ་ལེན་ཚུལ་མཐུན་མ་བྱས་པ་དེ་རེད། ལྷག་དོན་བཀའ་ཤག་སྐབས་བཅུ་གཉིས་པས་ “བོད་རྒྱ་གྲོས་མོལ་ཐེངས་བརྒྱད་པའི་སྐབས་” ཕྱོགས་གཉིས་ཀ་ནས་གུ་བཤངས་བྱ་ཐབས་མེད་པའི་གནས་ཚུལ་གཉིས་གསལ་པོ་ཆགས་”ཞེས་དང་། དེ་ཡང་ “བོད་ཀྱི་བྱུང་རབས་ལ་ལྟ་ཕྱོགས་དང་། བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་གྱི་སྐོར་གཉིས་ཡིན། འདས་ཟིན་པའི་བྱུང་རབས་ལ་ང་ཚོས་བསྐྱར་བཅོས་བྱ་ཐབས་མེད་ཅིང་། ཆོལ་ཁ་གསུམ་གྱིས་མཚོན་བོད་མི་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ཚུད་པ་བྱ་རྒྱུ་ནི་དབུ་མའི་ལམ་གྱི་དོན་སྙིང་ཡིན་པས་དོར་ཐབས་མེད” ཅེས་བཀའ་ཁྲིས་གསུང་ཡོད།

 

རྒྱ་གཞུང་གི་བོད་ཀྱི་ཐོག་ལ་དངོས་ཡོད་བདེན་འཚོལ་མེད་པའི་མུ་མཐུད་ནས་ལྟ་བ་མཁྲེགས་འཛིན་གྱིས་བོད་མི་དགྲ་བོ་དྭངས་མ་ཞིག་ཏུ་ངོས་འཛིན་གྱིས་ཁྲག་དྲི་བྲོ་བའི་ལས་འགུལ་སྤེལ་ཏེ་བསྡད་ཚེ་བོད་མི་རྣམས་ཀྱི་ལས་འགུལ་ཁ་ཕྱོགས་གཞན་དུ་བསྒྱུར་སྲིད་ན། དེའི་འགན་ཡོངས་རྫོགས་རྒྱ་ནག་དམར་པོའི་སྲིད་གཞུང་གི་འཁུར་དགོས་པ་དེ་རེད། བོད་རྒྱ་གྲོས་མོལ་རིམ་པ་བྱས་ཀྱང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ཆབ་སྲིད་ལ་བཟང་ཕྱོགས་ཀྱི་འགྱུར་བ་མེད་པར་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པའི་དབང་གིས་ཕྱི་ལོ་ ༢༠༠༩ ལོ་ནས་བོད་མི་རིགས་ཀྱི་དཔའ་བོ་བཀྲ་བྷེ་ནས་བཟུང་བོད་མི་ལ་རང་དབང་དགོས་པ་དང་། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་སོགས་ཀྱི་གཅིག་རྗེས་གཉིས་མཐུད་ཀྱི་ཆེས་རིན་ཐང་བྲལ་བའི་སྐུ་ལུས་མཆོད་མེར་སྒྲོན་བཞིན་ཡོད་ཅིང་། དེ་དག་ལ་རྒྱ་གཞུང་གིས་དངོས་ཡོད་ཀྱི་བོད་མིའི་བསམ་འདུན་ལ་ཞིབ་འཇུག་བྱེད་རྒྱུའི་ཚབ་ལས་ལྡོག་སྟེ་ད་རེས་ཀྱི་ལས་འགུལ་དེ་དག་ཏཱ་ལའི་རུ་ཚོགས་ཀྱིས་བརྒྱུད་སྐུལ་བྱས་ཚུལ་སོགས་གཞི་མེད་ཀྱི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དེ་རེད།

 

ད་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་མི་རིགས་འདི་ཉིད་སྤུན་ཟླའི་འདུ་ཤེས་ཤིག་འཛིན་གྱི་ཡོད་ན་སྤུན་ཟླའི་སེམས་ནང་ནི་དཀའ་ངལ་དེ་དག་སེལ་ཐབས་བྱེད་དགོས་ཤིང་། དེ་དག་མ་བྱས་ནས་ཁ་ནས་སྤུན་ཟླ་ཞེས་ཁ་དོན་མི་མཚུངས་པའི་མུ་མཐུད་དེ་བོད་མི་རྣམས་སེམས་ནང་གི་སྡུག་བསྔལ་གླེང་བ་ཙམ་གྱིས་ཁྲིམས་ཆད་དང་ཁྲག་དྲི་བྲོ་བའི་དྲག་གནོན་བྱེད་ཀྱི་ཡོད། ད་ལྟའི་བར་དུ་བོད་མི་ཚོས་འཚེ་མེད་ཞི་བའི་ལས་འགུལ་ཁོ་ན་སྤེལ་གྱི་ཡོད་ཅིང་། གཞན་ལ་གནོད་པའི་ལས་འགུལ་སྣེ་གཅིག་སྤེལ་གྱི་མེད། དེ་དག་རྒྱ་ནག་སྲིད་གཞུང་གི་ཤེས་དགོས་པ་རེད་ལ། ལག་ཏུ་མེ་མདའ་བཟུང་ནས་ཁ་ནས་བརྟན་ལྷིང་དང་། འཆམ་མཐུན། ཆིག་སྒྲིལ་སོགས་ག་ཚད་བརྗོད་ནའང་དེ་ནི་ཡོང་མི་སྲིད་ཅིང་། གལ་སྲིད་རྒྱ་ནག་སྲིད་གཞུང་གི་མི་རིགས་ཡོངས་རྫོགས་ཆིག་སྒྲིལ་དང་། འཆམ་མཐུན་དུ་གནས་དགོས་ན་གྲངས་ཉུང་མི་རིགས་ཁག་གི་སེམས་ནང་གི་དཀའ་སྡུག་ལ་ལྟ་དགོས་པ་དང་དེ་དག་གི་བསམ་འདུན་བསྒྲུབ་དགོས་པ་དེ་ཡིན།

 

རྒྱ་གཞུང་གིས་ད་ལྟའི་བར་དུ་བོད་མི་ཚོས་སེམས་ནང་གི་དཀའ་སྡུག་གླེང་བ་ཙམ་གྱིས་ཁ་བྲལ་སོགས་ཀྱི་ཉེས་མིང་སྣ་ཚོགས་བཏགས་ཏེ་བཙོན་འཇུག་མནར་གཅོད་གཏོང་རྐྱང་བྱས་ཏེ། མི་རིགས་ཀྱི་སེམས་ནང་གི་དཀའ་སྡུག་གི་གནས་སྟངས་ལ་ཞིབ་འཇུག་བྱེད་མྱོང་མེད། ལྷག་དོན་གོང་དུ་ཞུས་ཟིན་པ་ལྟར་ ༢༠༠༨ ནས་མགོ་བཙུགས་ཏེ་བོད་ནང་ཛ་དྲག་ཐབས་སྡུག་གི་གནས་བབ་ལ་བཟང་ཕྱོགས་ཀྱི་འགྱུར་བ་མ་ཕྱིན་པའི་རྐྱེན་གྱིས་གཞིས་བྱེས་བོད་མི་རྣམས་ཀྱིས་སྐུ་ལུས་མཆོད་མེར་བསྒྲོན་ཏེ། ཡིད་སྐྱོའི་གནས་ཚུལ་གྱིས་བོད་ནང་ཆབ་སྲིད་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྱུར་བཞིན་ཡོད་ཅིང་། རྒྱ་གཞུང་གིས་ད་དུང་སྣང་མེད་ཐོག་འཁྱོག་བཤད་དང་སྒྲོ་འདོག་སྣ་ཚོགས་བྱས་ཏེ། བོད་རྒྱའི་དཀའ་རྙོག་སེལ་འདོད་མ་བྱས་སྟབས། རང་གཞུང་སྐུ་ཚབ་རྣམ་གཉིས་ཀྱིས་འགན་བློ་མ་བཟོད་པར་དགོངས་པ་ཞུ་དགོས་བྱུང་ཡོད། དེ་ཡང་དགོངས་ཞུ་ལས “ རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་ད་ལྟའི་ཆར་དོན་སྙིང་ལྡན་པའི་འབྲེལ་མོལ་ཡོང་རེ་དཀའ་བར་སྣང་བས།” ཞེས་སོགས་འབྲེལ་བརྗོད་གནང་སྟེ་དགོངས་པ་སྤྲོད་དགོས་བྱུང་ཡོད་པ་དེ་རེད།

 

བོད་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་ཐོག་ལ་༸རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་གྱི་བྱུང་རིམ་སྐོར་དང་འབྲེལ་བའི་བཀའ་སློབ་བསྩལ་དོན་ལས། “དོན་ངོ་མ་ལག་ལེན་བསྟར་དུས་སྟོབས་དང་ནུས་པ་ཆེ་ཆུང་ཐོག་འགྲོ་བ་ལས་དྲང་བདེན་ལ་བདག་པོ་རྒྱག་མཁན་ཁག་པོ་འདུག ང་ཚོ་བོད་པ་ཚོ་ཡང་འཛམ་གླིང་འདིའི་ཐོག་ཡོད་པར་བརྟེན་དེ་ལུགས་ཀྱི་འགྲོ་རྒྱུ་ལས། དྲང་བདེན་གཅིག་པུ་བཤད་དེ་ཡོང་རྒྱུ་ཁག་པོ་ཡིན། ང་ཚོའི་ངོས་ནས་དྲང་བདེན་བྱེད་ཀྱི་ཡོད་ཀྱང་། ཕ་རོལ་པོའི་ངོས་ནས་དྲང་བདེན་བྱེད་ཀྱི་མེད། འཛམ་གླིང་གི་ངོས་ནས་ཀྱང་བདེན་པ་ལ་ལམ་སང་རྒྱབ་སྐྱོར་བྱེད་རྒྱུ་ཁག་པོ་ཡོད། ད་ལྟའི་དབུ་མའི་ལམ་ཨ་རིའི་གཞུང་དང་། ཨ་རིས་གྲོས་ཚོགས་གོང་འོག་གཉིས་ཀས་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། རྒྱ་གར་གཞུང་གིས་ཀྱང་རྒྱབ་སྐྱོར་ཆ་ཚང་བྱེད་ཀྱི་ཡོད་”ཅེས་སོགས་གསུངས་དོན་ལྟར་རེད།

 

ང་ཚོའི་ངོས་ནས་དཀའ་རྙོག་དེ་དག་ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་ཐབས་མ་བྱས་ཚེ་ཕན་ཚུན་ཕྱོགས་གཉིས་ཀར་བརྒྱུད་ལམ་གཞན་འགྲོ་ས་མེད་ཅིང་། ང་ཚོའི་ངོས་ནས་གྲོས་མོལ་མུ་མཐུད་དེ་བྱ་དགོས་ཤིང་། གལ་སྲིད་ང་ཚོའི་ངོས་ནས་བོད་རྒྱ་ཞི་མོལ་བྱེད་རྒྱུ་མིན་པའི་རྣམ་འགྱུར་བསྟན་ཚེ་རང་ལ་གྱོང་རེག་གི་ཡོད་པ་མ་ཟད། རྒྱ་གཞུང་གི་རེ་སྒུག་ཡང་དེ་རང་ཆགས་ཡོད། སྐབས་དེ་ནས་བཟུང་རྒྱ་གཞུང་གི་འཛམ་གླིང་གི་མི་མང་གི་མདུན་དུ་ནག་ཉེས་ཡོད་ཚད་ང་ཚོའི་མགོ་ལ་གཡོག་རྒྱུ་ཡིན་པ་ནི་འབྲེལ་བརྗོད་མ་དགོས་པ་ཞིག་རེད། ད་ནི་ང་ཚོའི་ངོས་ནས་གྲོས་མོལ་གཅིག་པུའི་ཕྱོགས་སུ་བལྟས་ཏེ་སྡོད་རྒྱུ་མ་ཡིན་པར་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་འདྲ་མིན་སྣ་ཚོགས་ཤིག་སྤེལ་ཐབས་ལ་ནུས་ཤུགས་འདོན་དགོས་པའི་དུས་ཚོད་རན་འདུག་སྙམ།

 

ལྷག་དོན་དེང་སྐབས་རྒྱ་གཞུང་གིས་རང་གཞུང་ཆབ་སྲིད་ཀྱི་ལངས་ཕྱོགས་ཉམས་དམས་སུ་གཏོང་ཆེད་དུ་ཕྱི་སྡོད་བོད་མི་རྣམས་འགུག་ཐབས་ཀྱི་ལྐོག་ཇུས་འཐེན་བཞིན་ཡོད་པས། དེ་དག་ལ་ང་ཚོས་སྣང་ཆུང་གཏོང་མི་ཉན་ལ། བོད་ཀྱི་གཏམ་དཔེར། མེ་སྟག་ཆུང་དུས་གསོད་དགོས་ཞེས་པ་ལྟར་དེ་དག་གདོང་ལེན་གནང་ཕྱོགས་སྐོར་ལ་གྲོས་བསྡུར་གནང་དགོས་པ་རེད། ཐ་ན། རྒྱ་གཞུང་གིས་བོད་མི་རྣམས་བློ་འགུག་ཐབས་ཀྱི་སློབ་གྲྭ་ཁག་ནང་བོད་ཕྲུག་སློབ་འཇུག་སྐབས་སློབ་ཡོན་སྤྲད་མི་དགོས་པར་བཅུག་གི་ཡོད། དེ་དག་ལ་ང་ཚོས་ཞིབ་འཇུག་མ་བྱས་པར་ཕྱི་ཚུལ་ལ་བལྟས་བསྡད་ན་རྣམ་འགྱུར་བཟང་པོ་ཞིག་ཏུ་མཐོང་སྲིད་ཀྱང་། དེ་དག་དོན་དངོས་ཐོག་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་མ་ཡིན་པར་བོད་མི་བསླུ་ཐབས་ཁོ་ནའི་གཡོ་སྒྱུའི་ཟློས་གར་འཁྲབ་མཚན་ཞིག་ཡིན།

 

རྒྱ་གཞུང་གི་འཁྲབ་གཞུང་དེ་དག་གི་འོག་ཏུ་མི་རིགས་ཀྱི་ལ་རྒྱ་མེད་མཁན་འགའ་ཤས་ལས་བོད་མིའི་རྒྱལ་ཞེན་པ་མང་ཚོགས་རྣམས་གཡོ་སྒྱུས་བློ་འགུག་མི་ཐུབ་ཅིང་། བོད་མི་རིགས་ནི་ལས་ལ་བརྩོན་ཞིང་། དཔའ་ངར་ལྡན་པའི་མི་རིགས་ཤིག་ཡིན་ན་རྒྱ་གཞུང་གི་མགོ་སྐོར་འོག་ཏུ་འཚུད་མི་སྲིད་སྙམ། འོན་ཀྱང་ང་ཚོའི་ལས་ཀྱི་སྣེ་མོ་བ་ཚོའི་ངོས་ནས་སྣང་བ་དག་ནས་མ་ཡིན་པ་ཡིད་གཟབ་གནང་དགོས་པ་དེ་རེད། དྷ་སར་བདེན་པའི་མེ་ལྕེ་སྐོར་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོས། “ཉེ་ཆར་གོ་ཐོས་བྱུང་བ་ཞིག་ལ་རྒྱ་གཞུང་གི་བོད་ནང་སྲིད་ཇུས་འཛིན་སྟངས་ཐོག་ཕྱི་སྡོད་བོད་མི་རྣམས་ལ་དངུལ་དང་དངོས་པོ། ཡང་ན་ཞབས་སྟེགས་སྤྲད་དེ་བསླུ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་གསལ་པོ་འདུག་”ཅེས་དང་། ཡང་”ལམ་ལྷོང་ཡོང་རྒྱུའི་ཆ་རྐྱེན་དེ་དག་བསྒྲུབ་ན། ས་ཁུལ་གཞན་ཡོངས་རྫོགས་ལ་བེད་སྤྱོད་གཏོང་རྒྱུ་ཡིན་པ་བཤད་མ་དགོས་པ་རེད་”ཅེས་སོགས་ལམ་སྟོན་གསུང་བཤད་གནང་ཡོད། དེ་སྔོན་བཀའ་ཁྲི་ཟུར་པ་མཆོག་ནས་ཀྱང་དམིགས་བསལ་ཚོགས་ཆེན་དང་པོའི་ཐོག་ལ་ལམ་སྟོན་ལས། “ ད་ལྟའི་རྒྱ་ནག་གཞུང་དང་གཞུང་ཚབ་ཁག་ལ་གང་བྱུང་འབྲེལ་བ་མི་བྱེད་པ་སོགས་ས་གནས་གང་སར་ཡོད་པའི་མི་མང་གིས་གནང་ཐུབ་པའི་ཆབ་སྲིད་ལས་དོན་སྣ་མང་ཞིག་ཡོད་པ་རྣམས་ལ་དོ་སྣང་དགོས་གལ་”ཞེས་བཀའ་སློབ་ཕེབས་པ་རེད།

 

བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་པས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་དམངས་གཉིས་ནས་གདོང་ལེན་གནང་ཕྱོགས་སྐོར་གོ་བསྡུར་གནང་ཆེད་བཀའ་སྤྱི་ལྷན་རྒྱས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཚོགས་རྒྱུའི་གཏན་འཁེལ་བ་ལྟར། ད་ནི་བོད་མི་རིགས་ཡོངས་རྫོགས་ཀྱི་བསམ་བློ་ཡག་པོ་བཏང་ནས་ལས་དོན་དོན་སྙིང་ལྡན་པ་ཞིག་བྱེད་དགོས་པ་དེ་རེད། ད་ནི་ང་ཚོ་ཚང་མའི་༸རྒྱལ་བ་རིན་པོ་ཆེའི་”གྲ་སྒྲིག་སྡུག་ས་དང་རེ་བ་བཟང་སར་རྒྱོབ་”ཅེས་བཀའ་སློབ་རིན་ཐང་བྲལ་བ་ཕེབས་དོན་ལྟར་རེ་བ་བཟང་ས་སང་ཉིན་བོད་ལ་ལོག་ཐུབ་པ་དང་། གྲ་སྒྲིག་སྡུག་ས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་དེ་སྲིད་མི་ཡུལ་ལ་གནས་དགོས་བྱུང་ནའང་གནས་ཐུབ་པའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་འཛིན་ནས་ལས་དོན་གནང་དགོས་པ་དེ་རེད།

 

བོད་རྒྱ་ཞི་མོལ་གཅིག་པུའི་ཐོག་མ་ཡིན་པས་རྒྱལ་སྤྱི་གཙོས་གཞུང་འབྲེལ་དང་གཞུང་མ་ཡིན་པའི་ཚོགས་སྡེ་ཡོད་ཚད་ལ་ད་ལྟ་བོད་ནང་གི་དངོས་ཡོད་གནས་སྟངས་ཛ་དྲག་སྐོར་སོགས་ལ་དྲིལ་བསྒྲགས་མཐིལ་ཕྱིན་པ་གནང་ནས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་གནོད་ཤུགས་སྤྲོད་ཐུབ་པ་ཞིག་བྱེད་དགོས་པ་དེ་རེད། བོད་རྒྱ་ཞི་མོལ་གྱི་རྒྱུད་རིམ་དང་། ད་ལྟ་རྒྱ་ནག་ནང་ལོགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས། རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར། བོད་ནང་གི་ད་ལྟའི་གནས་སྟངས་ཛ་དྲག་སོགས་ལ་ཉམས་ཞིབ་གནང་སྟེ་མ་འོངས་བོད་ཀྱི་ཆབ་སྲིད་ལངས་ཕྱོགས་གང་འདྲ་ཞིག་འཛིན་ན་དོན་སྙིང་ལྡན་པ་ཞིག་ཡོང་བའི་ད་རེས་དམིགས་བསལ་ཚོགས་ཆེན་འདི་བརྒྱུད་ནས་བགྲོ་གླེང་ལྷུག་པོ་ཞིག་གནང་དགོས་པ་དེ་རེད། དེ་ནི་ངའི་རེ་བ་ཡིན་ལ་བསལ་ཚུལ་ཡང་ཡིན། དམིགས་བསལ་ཚོགས་ཆེན་འཚོགས་རྒྱུར་ད་ལྟ་ཟླ་ངོ་གཅིག་ལྷག་ཙམ་ཡོད་ན་ངེས་པར་བརྒྱུད་ལམ་ཁག་གཙོས་མི་ནང་ཁུལ་ལ་བགྲོ་གླེང་གནང་དགོས། ཞེས་པ་འདི་ནི་སྲིད་སྐྱོང་བཀའ་ཁྲི་མཆོག་གི་བོད་ཀྱི་ཆབ་སྲིད་ཐུགས་འགན་བཞེས་ནས་ལོ་གཅིག་འཁོར་བའི་ཉིན་མོར་བྲིས་པ་ཞིག་ཀྱང་ཡིན་ནོ།།

 

 

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་པར་འཚམས་འདྲི་མཛད། 

ཆུ་ཚོད་ ༢༢ སྔོན་ལ།
Thousands of demonstrators in Nepal took to the streets to demand that the government lift a social media ban. Prabin Ranabhat/AFP/Getty Images
Mobile App

བལ་ཡུལ་གྱི་གཞོན་སྐྱེས་ཚོས་ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་དཔོན་རིགས་ཚོ་རྩ་རྫོགས་བྱེད་ཀྱིན་ཡིན་ཟེར། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་དེ་སྤྱི་མོས་གཏན་འབེབས་གནང་སོང་།

༢༠༢༥/༠༩/༡༡
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གསུམ་གྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༩/༡༠
Mobile App

ཉིན་གྲངས་བརྒྱད་རིང་གི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་སོང་།

༢༠༢༥/༠༩/༡༠
༧གོང་ས་མཆོག གསུང་འཕྲིན།

ཧི་མ་ཅལ་མངའ་སྡེར་རང་བྱུང་གོད་ཆག་བྱུང་བར་ཐུགས་སྨོན་མཛད། 

༢༠༢༥/༠༩/༠༩

མཆན། 3

  1. གནས་ཚང་། says:
    ལོ་ 13 སྔོན།

    རྡ་རམ་ས་ལར་བོད་ནང་གི་བོད་མིར་གོ་སྐབས་རེག་ན་བློ་ཕམ་ཡོད་པ་ནང་བཞིན་བོད་ནང་གི་བོད་མིར་ཡང་རྡ་སའི་བྱ་སྤྱོད་ལ་དེ་ལས་ལྷག་པའི་བློ་ཕམ་ཡོད་པ་རེད། དེ་བས། ཚོགས་ཆེན་འདི་བོད་ནང་གི་བོད་མིར་བློ་ཕམ་བྱུང་གཞི་ཞིག་ཏུ་མི་འགྱུར་བར་རང་དབང་རང་བཙན་གྱི་དགོས་འདུན་ངོ་མ་དེར་བགྲོ་གླེང་བྱེད་པའི་རེ་བ་ཤིན་ཏུ་ཆེ།

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    དམིགས་བསལ་ཚོགས་ཆེན་དེ་ཅིའི་ཕྱིར་ཚུགས་དགོས་པ་རེད། སུའི་ཆེད་དུ་ཚུགས་དགོས་པ་རེད། དྲི་བ་འདི་གཉིས་གནད་འགག་ཅིག་ཡིན། གལ་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་དང་གཞིས་ལུས་བོད་མིའི་མངོན་འདོད་གཞིར་འཇོག་ཡིན་ན་དེ་དང་མཐུན་པའི་གྲོ་གླེང་གནང་དགོས་པ་རེད། དེ་མིན་ཚོགས་ཆེན་སྔོན་མ་ནང་བཞིན་ཡིན་ན་གཞུང་གྲོན་འཕྲོ་བརླགས་རེད་ལ་དོན་ཕན་མེད་པའི་འཆར་ཅན་འདྲ་ཞིག་རེད་འདོད།

    Reply
  3. བཙན་ནག་པས། says:
    ལོ་ 13 སྔོན།

    གཞི་ལུས་བོད་མི་རྣམས་རྒྱ་དམར་གྱིས་སྡུག་རྩུབ་ལ་ཡིད་ཐང་འབད་དེ་ཆད་ནས་རྒྱ་དམར་གྱིས་གཉའ་སྣོན་ལས་ཐར་ཐབས་ཁོ་ནར་བརྩོན་པ་ལས། རྒྱ་དམར་དང་མཉམ་མཐུན་བྱས་ནས་སྡོད་འདོད་རྩ་བ་ནས་མེད་པའི་རྣམ་པ་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་མཁྱེན་ཐུབ་པ་བཟོས་ཡོད། འོན་ཀྱང་དེ་ལས་ལྡོག་ཏེ་བཙན་བྱོལ་བོད་མི་རྣམས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ནང་མཉམ་གནས་སྡོད་འདོད་ཡོད་ཟེར་བ་ནི་ཧ་ཅང་བརྗོད་མི་ཤེས་པ་རེད། བཙན་བྱོལ་བ་རྣམས་ནས་དོན་གྱི་བདག་པོ་གཞི་ལུས་བོད་པ་རྣམས་ཡིན་ཟེར་བ་དང་ཡང་རྙིང་ག་འདྲ་ཞིག་ལ་ཟེར་གྱི་ཡོད་དམ། ད་རེས་དམིགས་གསལ་ཚོགས་ཆེན་ཐོག་ཅི་འདྲ་ཞིག་ཐག་གཅོད་བྱེད་དགོས་སམ་ཞེ་ན། གཞི་ལུས་སྤུན་ཟླ་རྣམས་ཀྱི་རང་བསྲེགས་ཀྱིས་ལས་འགུལ་དེ་ནུས་ཆུང་དུ་མི་གཏོང་བའི་དགོངས་པ་བཞེས་དགོས་པ་དང་། ནུས་པ་དེ་ཁ་ཕྱོགས་གཞན་དུ་མི་འདྲེན་པའི་རེ་བ་སྙིང་ནས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese