མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན་སླར་གསོའི་མནའ་སྐྱེལ་དམ་འཇོག་གི་ལས་འགུལ་ཞིག་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་དྷ་ས་དབུས་གཞོན་ནུའི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཏེ། ལོ་རྗེས་མའི་ཕྱི་ཟླ་ ༢ ཚེས་ ༡༣ ཉིན་རང་བཙན་ཚོགས་ཆེན་ཞིག་འཚོགས་རྒྱུ་ཡིན་པའི་ལས་འཆར་དང་། རང་བཙན་མཚོན་རྟགས་ཤིག་ཇུས་འགོད་གསར་བཟོ་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་སོང་།

དེ་རིང་སྔ་དྲོ་ཕྱི་ཚོད་ ༡༡ སྟེང་དྷ་ས་དབུས་གཞོན་ནུའི་ཚོགས་ཁང་དུ།  བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་གཉིས་ལྷན་བཞུགས་ཐོག  ལོ་རྗེས་མར་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་གནང་སྟེ།  ལོ་ ༡༠༠ འཁོར་བའི་དུས་དྲན་སྲུང་གཙི་གནང་རྒྱུ་ཡིན་པའི་ལས་འཆར་ཁག་ཅིག་གསལ་བསྒྲགས་བསྐྱངས་སོང་། ཚོགས་གཙོ་ཚེ་རིང་རིག་འཛིན་གྱིས་དོན་ཚན་ ༧ ཅན་གྱི་གསལ་བསྒྲགས་སྤེལ་བ་དང་འབྲེལ། ཕྱི་ཟླ་ ༩ ཚེས་ ༣ ནས་གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ་ལས་འགུལ་མགོ་འཛུགས་བྱ་རྒྱུ་ཡིན་སྟབས།  ལས་འགུལ་སྤེལ་བཞིན་པའི་བརྒྱུད་རིམ་ཁྲོད། ཕྱི་ཟླ་ ༩ ཚེས་ ༡༨ ཉིན་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཡོད་ས་ཚང་མར།  བོད་མི་ཡོངས་ཀྱིས་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་སྤེལ་དགོས་པ་དང་།  དེ་བཞིན། ཕྱི་ཟླ་ ༩ ཚེས་ ༢༤ ཉིན་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚང་མས་ཁ་པར་དང་། མགྱོགས་འཕྲིན(Fax)། གློག་འཕྲིན་(Email)སོགས་བརྒྱུད་དེ།   བོད་ནང་གི་གནས་སྟངས་ཐད་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་གྲོས་ཚོགས། རྒྱལ་སྤྱིའི་གཞུང་ཁག་ཚང་མར་ཞུ་ཡིག་འབུལ་དགོས་པའི་འབོད་སྐུལ་གནང་སོང་། 

གཞོན་ལྷན་གྱིས་གསལ་བསྒྲགས་སྤེལ་བའི་ནང་། ཕྱི་ལོ་ ༢༠༡༣ ལོར་ ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་རང་བཙན་གསལ་བསྒྲགས་མཛད་ནས་ལོ་བརྒྱ་འཁོར་བའི་དུས་ཚིགས་གལ་ཆེན་སྲུང་གཙི་དང་། གང་ཉིད་ཀྱི་བཀའ་དྲིན་རྗེས་དྲན། བོད་རང་བཙན་སླར་གསོའི་ནུས་ཤུགས་སྔར་ལྷག་ཆིག་སྒྲིག་དང་མདུན་སྐྱོད་ཐུབ་སླད། ཕྱི་ལོ་ ༢༠༡༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པའི་ཐོག  རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་རྒྱས་པ་ཞིག་བསྐོང་རྒྱུའི་གྲོས་ཆོད་བཞག་པ་ལྟར། ཚོགས་ཆུང་ཆེད་འཛུགས་ཀྱིས་རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་རྒྱས་པ་ཞིག་འཚོགས་གཏན་ཁེལ་བ་མ་ཟད། དེའི་སྔོན་འགྲོའི་ཚོགས་འདུ་ཞིག་ས་གནས་ཁག་བགོས་བྱས་ཏེ། བོད་རང་བཙན་སླར་གསོའི་དགོས་དམིགས་གསལ་སྟོན་དང་གདེངས་སྤོབས་གོང་མཐོར་གཏོང་ཐབས། བོད་རང་བཙན་སློར་གསོའི་འཆར་གཞི་དང་ཐབས་ལམ། ཞེས་པའི་བརྗོད་གཞི་ཁག་གཉིས་ཀྱི་ཐོག ཡུ་རོབ་དང་། བྱང་ཨ་རི། ཤར་གླིང་ཨེ་ཤི་ཡ། རྒྱ་གར་བཅས་སུ་ཚོགས་གཏན་འཁེལ་བའི་ཁྲོད། ཡུ་རོབ་ཏུ་ཚོགས་རྒྱུའི་ཚོགས་འདུ་དེ་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༣ དང་ ༢༤ ཉིན་གཉིས་རིང་། སུད་སི་གྲོང་ཁྱེར་ཛུ་རིག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་གོ་སྒྲིག་དང་། ཡུ་རོབ་གཞོན་ནུའི་འཐུན་འགྱུར་ཐོག་བསྡུ་སྐོང་ཞུས་ཟིན་པ་བཅས། ཅེས་བཀོད་འདུག 

གསལ་བསྒྲགས་ནང་ལས་འཆར་ཁག་ཅིག་ཕྱིར་བསྒྲགས་བྱས་དོན། འདི་ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༢༧ ནས་ ༢༨ ཉིན་གཉིས་རིང་ཐེ་ཝན་དུ། དབུས་གཞོན་ནུས་གོ་སྒྲིག་དང་ཐེ་ཝན་ས་གནས་གཞོན་ནུས་མཐུན་འགྱུར་འོག ཤར་གླིང་ཨེ་ཤ་ཡ་ཁུལ་གྱི་རང་བཙན་ཚོགས་འདུ་འཚོགས་རྒྱུ་དང་།  ཕྱི་ཟླ་ ༡༡ ཚེས་ ༢༤ ནས་ ༢༥ ཉིན་གཉིས་རིང་རྒྱ་གར་རྒྱལ་ས་ལྡི་ལིར། བོད་ཀྱི་གཞོན་ལྷན་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་དང་། ལྡི་ལི་བསམ་ཡས་གླིང་དང་རོ་ཧི་ནི་ས་གནས་གཞོན་ནུའི་མཐུན་འགྱུར་འོག  རྒྱ་བལ་འབྲུག་གསུམ་ཁུལ་གྱི་རང་བཙན་ཚོགས་འདུ་འཚོགས་རྒྱུ། ཕྱི་ཟླ་ ༡༢ པའི་ནང་ཉིན་གཉིས་རིང་ནའེ་ཡོག་ཏུ་བོད་ཀྱི་གཞོན་ལྷན་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་དང་། ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་གཞོན་ནུའི་མཐུན་འགྱུར་འོག  བྱང་ཨ་རིའི་ཁུལ་གྱི་རང་བཙན་ཚོགས་འདུ་འཚོགས་རྒྱུ།

རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་རྒྱས་པའི་དངོས་གཞི་ནི།  ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༣ ཉིན་ཏེ།  ༸གོང་ས་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་བསྐྱངས་ནས་ལོ་བརྒྱ་འཁོར་བའི་ཉིན་མོར། བཞུགས་སྒར་ངྷ་རམ་ས་ལར་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་གོ་སྒྲིག་དང་། དྷ་ས་ས་གནས་གཞོན་ནུའི་མཐུན་འགྱུར་འོག་ཚོགས་གཏན་འཁེལ་ཡོད་འདུག

བོད་རང་བཙན་དོན་གཉེར་ཅན་གྱི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ཀྱིས་གོང་གསལ་ཚོགས་འདུ་ཁག་ནང་ཆ་ཤས་ལེན་རྒྱུའི་འབོད་སྐུལ་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༣ ཉིན་རང་བཙན་སླར་གསོའི་མནའ་སྐྱེལ་དམ་འཇོག་གི་ལས་འགུལ་ཞིག་ཀྱང་སྤེལ་རྒྱུ་དང་། དེ་བཞིན། ཡིག་ཆ་དཔར་འགྲེམས་དང་། བགྲོ་གླེང་། རང་བཙན་ཁུངས་སྐྱེལ་དང་འབྲེལ་བའི་འགྲེམས་སྟོན་སོགས་ལས་འགུལ་སྣ་ཚོགས་བརྒྱུད། ༢༠༡༣ ལོ་ནི་རྒྱལ་སྤྱིའི་བོད་རང་བཙན་གྱི་ལོ་སྲུང་གཙི་བྱ་རྒྱུ་ཡིན་པ་བཅས་བཀོད་འདུག  

གསལ་བསྒྲགས་ནང་། ཉེ་སྔོན་ཡུ་རོབ་རང་བཙན་ཚོགས་འདུའི་ཐོག  རང་བཙན་འཐབ་རྩོད་པ་མི་སྒེར་དང་ཚོགས་སྡེ་ཁག་ཚང་མས་གཅིག་གྱུར་བེད་སྤྱོད་གནང་ཐུབ་པའི་རང་བཙན་འཐབ་རྩོད་ཀྱི་མཚོན་རྟགས་ཤིག་བཟོ་དགོས་པའི་དགོངས་འཆར་ཐག་གཅོད་བྱུང་བ་ལྟར། རང་བཙན་མཚོན་རྟགས་ཤིག་ཇུས་འགོད་འགྲན་བསྡུར་གྱི་ལམ་ནས་གཏན་འབེབས་ཞུ་རྒྱུ་ཡིན་པ་དང་།  མཚོན་རྟགས་དེ་བཞིན་འབྲི་བདེ་ལ། རང་བཙན་འཐབ་རྩོད་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཚོར་ཤུགས་སྤྲོད་ཐུབ་ངེས་ཤིག་ཡིན་དགོས་པ་མ་ཟད། ཇུས་འགོད་རི་མོའི་རྒྱབ་ལྗོངས་འགྲེལ་བཤད་དང་བཅས། ༢༠༡༢ ཟླ་ ༡༡ ཚེས་ ༣༠ ནང་ཚུད་དབུས་གཞོན་ནུར་འབྱོར་དགོས་ཤིང་། ཇུས་འགོད་རི་མོ་དེ་བཞིན་ལོ་རྒྱུས་དང་རི་མོའི་སྒྱུ་རྩལ་བ་ཁག་ལས་གྲུབ་པའི་ཚོགས་ཆུང་ཆེད་འཛུགས་ཀྱིས་འདེམས་སྒྲུག་གཏན་འབེབས་བྱ་རྒྱུ་ཡིན་ཞིང་། མཐའ་མའི་ཇུས་འགོད་པ་རྩེ་ཕུད་དེར་ཧིན་སྒོར་ལྔ་ཁྲི་ ༥༠༠༠༠ ཡི་ལེགས་སྐྱེས་འབུལ་རྒྱུ་ཡིན་སྐོར་བཅས་བཀོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༥ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 47

  1. ཇོ་བོ་རྣམས་གཉིས། says:
    ལོ་ 13 སྔོན།

    2013ལོར་སྤེལ་རྒྱུའི་ལས་འགུལ་དེ་ནི་དངོས་གནས་རླབས་ཆེན་ཞིག་རེད། ངའི་ངོས་ནས་ཀྱང་སྔོན་སོང་གི་དཔའ་བོ་དཔའ་མོ་དག་གིས་རང་སྲོག་ལ་ཕང་མེད་ཀྱིས་བློས་གཏང་བྱས་པ་དག་ནི་རང་བཙན་ཁོ་ནའི་ཆེད་ཡིན་པ་ལས། དེ་མིན་གི་འདོད་དོན་སྒྲུབ་ཆེད་མིན་ངེས་རེད་དྲན་བཞིན་ཡོད་ལ་ངས་ཀྱང་མ་འོངས་པའི་བོད་དེ་རང་བཙན་ལས་དེ་མིན་གི་གནས་བབ་ཐོག་གནས་པ་ཞིག་མཐོང་འདོད་མེད། དེར་བརྟེན་ཁྱེད་རྣམས་པའི་ལས་འགུལ་དེར་བསྔགས་བརྗོད་ཡོད། དེ་འབྲེལ་གྱི་གསར་འགྱུར་མང་ཙམ་སྤེལ་རོག་གནང།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཡང་བསྐྱར་ཅིག་ཀློག་གནོངས་དང་། ཚོགས་གཙོ་ཚོགས་མི་སོགས་ཀྱིས་ཀྱང་།
    ་་་་་། བར་ལམ་ཚོགས་པ་དང་མི་སྒེར་རེ་ཟུང་ནས་བཙན་བྱོལ་ནང་གཞུང་མེད་པར་གྱུར་བས་རེ་བ་རྒྱག་ས་མི་འདུག་ཅེས་ཁུངས་མེད་ཟུར་ཟ་བྱེད་པ་དང་འགན་ཁུར་མེད་པར་རྣམ་རྟོག་སློང་བའི་གཏམ་འཆལ་སྤེལ་དང་སྤེལ་མུས་ལ་སོང་། རྒྱ་ཆེའི་མང་ཚོགས་ནས་དུས་དང་རྣམ་པ་ཀུན་ཏུ་དབུ་མ་འཁོར་བར་གཞིས་བྱེས་མཉམ་འཛོམས་དང་བོད་རང་དབང་སླར་གསོ་འབྱུང་ཐབས་སུ་རང་ཚུགས་བརྟན་པོ་གནང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།
    འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཐུགས་ཕམ་འབྱུང་གཞིའི་གནད་དོན་འདི་རིགས་ནི་༸རྒྱལ་བའི་སྐུ་ཕྱྭ་དང་ཐད་ཀར་འབྲེལ་བ་ཡོད་པར་སོང་བཀའ་སློབ་ཇི་ཕེབས་ཀྱི་གནད་དོན་འདི་དག་ལ་བོད་མི་ཚང་མས་ཐུགས་སྣང་དགོས་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་ཡིན།
    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༡༦ ནས་བཟུང་མི་ལོ་དྲུག་ཅུའི་རིང་བོད་རྒྱལ་ཁབ་དང་མི་རིགས་ལ་བཀའ་དྲིན་བྱམས་སྐྱོང་མཛད་པའི་སྐུ་དྲིན་ལ་བསམ་ཤེས་མེད་པར་ ཚོགས་པ་དང་མི་སྒེར་རེ་ཟུང་གིས་ཡི་མ་རངས་པར་དྲིན་ལན་ལོག་འཇལ་གྱིས་སྤྱི་ཚོགས་ནང་ཁུངས་མེད་སྐད་ཅོར་རྒྱག་བཞིན་པ་དེ་ནི་ཧ་ཅང་གི་ཐབས་སྡུག་གི་བྱ་སྤྱོད་ཅིག་ཡིན།
    བོད་མི་རིགས་ཆགས་འཇིག་གི་གནས་སྟངས་ཧ་ཅང་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་མགོན་པོ་གང་ཉིད་མཆོག་ཐུགས་ཕམ་ཡོང་གཞིའི་ལས་དོན་འདིའི་རིགས་རྩ་བ་ནས་མི་ཡོང་བར་བྱས་ན་༸རྒྱལ་བ་དགྱེས་པའི་མཆོད་པའི་ནང་ནས་མཆོག་ཏུ་གྱུར་བས་དེ་ལུགས་ཡིད་འཇགས་ཐོག འབྱུང་འགྱུར་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་རང་ཉིད་ཀྱི་ལྟ་གྲུབ་དང་ལངས་ཕྱོགས་བརྟན་པོ་བཟུང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་ལམ་བཟང་དེའི་སྟེང་གཡས་འཁྱོག་གཡོན་འཁྱོག་མེད་པར་ཤར་སྐྱོད་ཐུབ་པ་གནང་སྟེ་ཚོགས་པ་དང་མི་སྒེར་རེ་ཟུང་གིས་རྗེས་སུ་མ་འབྲང་པར་ཐུགས་ཕམ་ཡོང་གཞིའི་རིགས་འདི་ལྟ་བུ་རྩ་བ་ནས་མི་ཡོང་བ་ཞུ་རྒྱུ་བཅས།།
    བཀའ་ཤག་ནས ༢༠༡༢ ཟླ་ ༨ ཚེས་ ༣༡ ལ།

    Reply
  3. སེང་གེ་གནམ་འཆོང། says:
    ལོ་ 13 སྔོན།

    ཡ་ད་བཀའ་ཤག་གི་གསུངས་ལ་གཟིགས་དང།

    བར་ལམ་ཚོགས་པ་དང་མི་སྒེར་རེ་ཟུང་ནས་བཙན་བྱོལ་ནང་གཞུང་མེད་པར་གྱུར་བས་རེ་བ་རྒྱག་ས་མི་འདུག་ཅེས་ཁུངས་མེད་ཟུར་ཟ་བྱེད་པ་དང་འགན་ཁུར་མེད་པར་རྣམ་རྟོག་སློང་བའི་གཏམ་འཆལ་སྤེལ་དང་སྤེལ་མུས་ལ་སོང་། རྒྱ་ཆེའི་མང་ཚོགས་ནས་དུས་དང་རྣམ་པ་ཀུན་ཏུ་དབུ་མ་འཁོར་བར་གཞིས་བྱེས་མཉམ་འཛོམས་དང་བོད་རང་དབང་སླར་གསོ་འབྱུང་ཐབས་སུ་རང་ཚུགས་བརྟན་པོ་གནང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།
    འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཐུགས་ཕམ་འབྱུང་གཞིའི་གནད་དོན་འདི་རིགས་ནི་༸རྒྱལ་བའི་སྐུ་ཕྱྭ་དང་ཐད་ཀར་འབྲེལ་བ་ཡོད་པར་སོང་བཀའ་སློབ་ཇི་ཕེབས་ཀྱི་གནད་དོན་འདི་དག་ལ་བོད་མི་ཚང་མས་ཐུགས་སྣང་དགོས་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་ཡིན།
    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༡༦ ནས་བཟུང་མི་ལོ་དྲུག་ཅུའི་རིང་བོད་རྒྱལ་ཁབ་དང་མི་རིགས་ལ་བཀའ་དྲིན་བྱམས་སྐྱོང་མཛད་པའི་སྐུ་དྲིན་ལ་བསམ་ཤེས་མེད་པར་ ཚོགས་པ་དང་མི་སྒེར་རེ་ཟུང་གིས་ཡི་མ་རངས་པར་དྲིན་ལན་ལོག་འཇལ་གྱིས་སྤྱི་ཚོགས་ནང་ཁུངས་མེད་སྐད་ཅོར་རྒྱག་བཞིན་པ་དེ་ནི་ཧ་ཅང་གི་ཐབས་སྡུག་གི་བྱ་སྤྱོད་ཅིག་ཡིན།
    བོད་མི་རིགས་ཆགས་འཇིག་གི་གནས་སྟངས་ཧ་ཅང་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་མགོན་པོ་གང་ཉིད་མཆོག་ཐུགས་ཕམ་ཡོང་གཞིའི་ལས་དོན་འདིའི་རིགས་རྩ་བ་ནས་མི་ཡོང་བར་བྱས་ན་༸རྒྱལ་བ་དགྱེས་པའི་མཆོད་པའི་ནང་ནས་མཆོག་ཏུ་གྱུར་བས་དེ་ལུགས་ཡིད་འཇགས་ཐོག འབྱུང་འགྱུར་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་རང་ཉིད་ཀྱི་ལྟ་གྲུབ་དང་ལངས་ཕྱོགས་བརྟན་པོ་བཟུང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་ལམ་བཟང་དེའི་སྟེང་གཡས་འཁྱོག་གཡོན་འཁྱོག་མེད་པར་ཤར་སྐྱོད་ཐུབ་པ་གནང་སྟེ་ཚོགས་པ་དང་མི་སྒེར་རེ་ཟུང་གིས་རྗེས་སུ་མ་འབྲང་པར་ཐུགས་ཕམ་ཡོང་གཞིའི་རིགས་འདི་ལྟ་བུ་རྩ་བ་ནས་མི་ཡོང་བ་ཞུ་རྒྱུ་བཅས།།
    བཀའ་ཤག་ནས ༢༠༡༢ ཟླ་ ༨ ཚེས་ ༣༡ ལ།

    Reply
  4. བཙན་ནག་པས། says:
    ལོ་ 13 སྔོན།

    རང་བཙན་ཞེས་བཤད་པ་ཙམ་གྱི་སྡུག་མི་ཐེག་མཁན་མང་པོ་ཞིག་འདིར་མངོན་བྱུང་། བོད་ནང་དཔའ་བོ་དཔའ་མོ་ལྔ་བཅུ་ལྷག་གིས་རང་ལུས་མེ་བསྲེགས་བཏང་ནས་རྒྱ་དམར་དང་ཉམས་དུ་སྡོད་ཀྱི་ཡིན་ཞེས་བཤད་ཀྱི་འདུག་གམ། ཡང་ན་བོད་ལ་རང་དབང་དགོས་བཤད་ཀྱིས་འདུག་བསམ་བློ་ཞིབ་ཏུ་མཐོང་། རང་རང་སོ་སོའི་གང་བྱ་ཐུབ་ཀྱིས་མེད་རུང་བོད་ནང་གི་དཔའ་བོ་དཔའ་མོ་དག་གི་ལས་འགུལ་སྤེལ་བ་རྣམས་ནུས་མེད་མ་བཟོ། དེ་ལྟར་བཟོ་བ་ཡིན་ན་དགྲ་དགའ་གཉེན་སྡུག་གི་ལས་རེད། དེ་དག་སེམས་ལ་བཟུང་ནས་ཁ་རྩུམ་ནས་བསྡད་ན་ཡག་གི་རེད།

    Reply
  5. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    སེངྒེ་གནམ་འཆོང་རྒྱབས་ན་རྒྱ་སྡེ་མ་གཏོགས་མཐོ་སྒང་མཐོང་གི་མ་རེད། ཡང་སྙིང་སེངྒེ་འདི་གངས་སེང་རེད་པས་འདམ་སེང་རེད། ངས་ལྟས་ན་རྒྱ་འདམ་ན་གནས་པའི་འདམ་སེང་རྨས་མ་ཞིག་ཡིན་པ་འདྲ། བྱས་ན་ལས་ཀ་བརྟན་པོ་རྣམ་དཔྱོད་ལྡན་པ་གྲུབ་འབྲས་ཡོད་པ། ཀུན་ལ་མཐུན་པ་ལས་སླ་མོ་ཞིག་གང་འདྲ་རེད། གཅིག་གསུང་དང་། ཉན་འདོད་འདུག།

    Reply
  6. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    འོ་ཙི་གྲོགས་བློ་འཕེལ་ལགས།
    སྐུ་ཁམས་བཟང་། དགོངས་པ་མ་ཚོམས། གོ་ནོར་ཐེབས་སོང་གོ་ནོར་ཐེབས་སོང་། ངས་བློ་བཟང་ཡར་འཕེལ་གྱི་བསྡུས་མིང་བཟོས་ནས་བློ་འཕེལ་ཞེས་བརྗོད་པ་ཡིན།
    བྱས་ཙང་ང་གཉིས་ཡིན་གཅིག་གཏུགས་དགོས་པ་རེད་པས། བྱས་ན་ང་གཉིས་གཉིས་ཀ་རང་ཤེད་ཚ་བས་ཨ་ནི་ཡིན་ན་འབྲས་བུ་ཐོན་རྒྱུ་མེད་པ་མིས་འཕྱ་དམོད་བྱེད་ཀྱི་མ་རེད་པས། ཧ་ཧ།

    Reply
  7. སེང་གེ་གནམ་འཆོང། says:
    ལོ་ 13 སྔོན།

    མནའ་ཟེར་བ་འདི་ཕྱོགས་གཞན་ཞིག་ནས་བཤད་ན། མི་སྤུས་ཀ་ཅན་དང་དཔའ་བོ་སྙིང་སྟོབས་ཅན་ཚོས་ཕན་ཚུན་བར་མནའ་བསྐྱལ་ནས་སྤུན་སྒྲིག་པ། བདེན་དོན་གྱི་ཆེད་དུ་སྲོག་དོར་དགོས་ཀྱང་འདོར་ཐུབ་པའི་མནའ་བསྐྱལ་བ་སོགས་དཔའ་བོ་རྣམས་ལ་ནི་མནའ་འདི་མེ་ཐོག་སྣུམ་ལྟ་བུ་ཞིག་ཀྱང་རེད་འདུག ཡིན་ནའང། གཞོན་ལྷན་དབུས་རྒྱུན་ལས་མི་རེ་ངོ་རེར་ང་ཚོས་ཞིབ་འཇུག་བྱས་པ་ཡིན་ན་མནའ་ཟེར་བ་འདི་ལ་སྲུང་ཞིང་བརྩི་ཐུབ་མཁན་ཞིག་ཡིན་མིན་ཞེ་དྲག་གསལ་བོ་མ་རེད་དམ། དཔེ་མཚོན་གཅིག་བཤད་ན། བུ་དཔའ་བོ་བདེན་པ་མི་འདོར་མཁན་ཞིག་ཡིན་ན་ཆུང་མ་གཡུག་པ་ཡོང་གི་ཡོད་པ་རེད། ཡིན་ནའང། རང་གི་ཤ་ལས་མཆེད་པའི་བུ་ཕྲུག་དང་བཅས་པ་གཡུག་འཇོག་མཁན་རྦད་དེ་ཉུང་ཉུང་རེད། ཡིན་ནའང། ཚེ་དབང་རིག་འཛིན་གྱིས་རང་གི་ཤ་ལས་མཆེད་པའི་བུ་དང་བཅས་པ་བདག་པོ་མ་རྒྱབ་པར་རྩ་ཆུ་བཟང་སར་སླེབས་མཚམས་མི་ལུས་གསར་པ་བླངས་པ་ལྟར། མཛའ་མོ་གསར་པ་ཞིག་བཙལ་ནས་ཆང་ས་རྒྱབ་བཞག་པ་རེད། དེས་ང་ཚོར་ཅི་ཞིག་གསལ་བཤད་བྱེད་ཀྱི་འདུག་ལབ་ན། ཞིབ་འཇུག་གཟབ་ནན་བྱས་ཏེ་བལྟས་པ་ཡིན་ན། རྦད་དེ་ཡིད་ཆེས་ཟེར་བའི་གཞི་རྩ་ཞིག་ཁྱོན་ནས་སྤྲོད་ཐུབ་ཀི་ཡོད་པ་མ་རེད། དེས་ན། དེ་འདྲའི་མི་རེ་ཤོས་ཀྱིས་སྤྱི་པའི་རྩ་དོན་ལ་ཁ་གཏད་གཅོག་ཆེད་གཟས་ནས་མནའ་བསྐྱལ་དགོས་རེད་ཟེར་ན་ད་ཚད་གང་དུ་སླེབས་སོང་ངམ། མ་གཞི་ནས་དོན་དག་འདི་རྣམས་རྒྱ་ནག་གཞུང་གི་ཡེ་རྡོར་གྱིས་ཀྱང་འབྲི་རྒྱུར་ཞེན་པ་ལོག་ཡོད་ཚོད་གདའ་བས། ལས་ཀ་བརྟན་པོ་རྣམ་་དཔྱོད་ལྡན་པ་གྲུབ་འབྲས་ཡོད་པ། ཀུན་ལ་མཐུན་པ་ཞིག་བྱེད་རོགས་ཞེས་ཀྱང་བཤད་འདོད་བྱུང

    Reply
  8. ཤར་མདའ། says:
    ལོ་ 13 སྔོན།

    དྲ་གྲོགས་ཚོ་འུ་ཚོས་ད་ལྟ་ལངས་ཕྱོགས་བཤད་ནས་འདུག་ཚོད་ཞིག་མ་རེད།  གཞིས་བཞུགས་སྤུན་ཟླ་རྣམས་སྐྱོབ་ཐུབ་བྱེད་རྒྱུ་གལ་ཆེན་རེད་མ་ཟད་གེ་སར་དཔའ་ན་གླིང་ཁྲོ་ཐུང་དཔའ་ན་གླིང་ཟེད་པ་ལྟར་སུ་ཞིག་གིས་ལས་འགུལ་སྤེལ་ན་དེ་ལ་རྒྱབ་སྐྱོར་བྱས་པ་ཡིན་ན་མི་མང་པོས་་བཏེག་ན་ཀ་བ་ཡང་ཟེར་པ་ལྟར་ནུས་པ་ཐོན་ངེས་རེད།

    Reply
  9. བློ་འཕེལ། says:
    ལོ་ 13 སྔོན།

    གསེར་འབྲུག་ལགས་སྐུ་ཁམས་བཟང་། བློ་བཟང་ཡར་འཕེལ་མིང་ཅན་གྱི་ལན་བློ་འཕེལ་ལ་འབྲི་དགོས་པ་ག་རེ་བྱས་སོང་། ཡང་གཅིག་གཏུགས་དགོས་པ་མ་རེད་དོ།

    Reply
  10. རྣོ་ཁབ་ལེན། says:
    ལོ་ 13 སྔོན།

    ཨ་ལེ་ད་བྱས་ན་༸གོང་ས་མཆོག་དང་བཙན་བྱོལ་གཞུང་དང་ལྟ་བ་མ་མཐུན་པ་ཚང་མ་གཞོན་ནུའི་ནང་ཡོད་འདྲ་པོ་བཤད་ཀྱི་འདུག།
    དེ་འདྲ་རྩ་བ་ཡག་པོ་མ་རེད། གཞོན་ནུ་ཚང་སྔ་ཕྱི་གཉིས་ཀ་བསམ་བློ་བཏང་ན་མ་གཏོགས་མི་མང་ཁ་ལོག་ན་གཞོན་ནུ་ཉམ་རྒུད་འགྲོ་ཡ་རང་རེད།

    Reply
  11. རྣོ་ཁབ་ལེན། says:
    ལོ་ 13 སྔོན།

    ཨ་ཁ་ཁ། གཞོན་ནུ་ཚོགས་པ་དེ་འདྲ་ཡིན་ན་སེམས་པ་སྐྱོ་བ་ལ། མ་གཞི་སྐྱོན་དང་ཡོན་ཏན་ཚང་མ་གསལ་རྗེན་དུ་བཏང་ན་མི་མང་ལ་ཕན་ཐོག་ཡོད་པ་རེད།

    Reply
  12. མྱི་དཀར says:
    ལོ་ 13 སྔོན།

    མནའ་བསྐྱལ་ན་ཡང་མི་ཕན་ལས་འགུལ་སྤེལ་ན་ཡང་མི་་ཕན་འོ་ན་སྐྱོན་བརྗོད་བྱེད་ན་ཕན་གི་རེད་བློ་ཡར་འཕེལ་ཁྱེད་རང་གི་བོད་དོན་ལ་ལས་འགུལ་ག་རེ་སྤེལ་ཡོད་གསུང་ད་སྐྱག་པ་སྐམ་པོ་མེད་ར་སོ་སོ་སྒྲུབ་མ་ཐུབ་ན་གཞན་ལ་སྐྱོན་འདོག་བྱེད་དོན་ཅི་ཡིན་ནམ་དེ་ལྟར་མ་བྱེད་ན་ཁྱེད་ལ་ཨར་བསྟན་གྱིན་མི་འདུག་ན་ཁྱེད་ལ་ཁག་མེད་གཞོན་ལྷན་གི་མི་འཇོན་རབ་བཤད་སོང་ག་རེ་འཇོན་མི་འདུག་འཇོན་ན་ངེས་པར་དུ་རང་བཙན་ཐོབ་དགོས་བ་རེད་དམ་དེ་ཡིན་ན་ང་ཚོ་ལ་ད་སྔ་འཇོན་མཁན་ཞིག་བྱུང་མེད་པ་རེད་འོ་ན་གོང་ས་མཆོག་གིས་ཀྱང་མ་འཇོན་ནས་ཞི་བདེའི་གཟུངས་རྟགས་ཐོབ་པ་ཡིན་རྒྱུ་རེད་་་འོ་ན་ཁྱེད་རང་གི་ཅི་འཇོན་འཇོན་ནས་ག་རེ་བྱེད་ཡོད་གསུང་ད་ངས་དྲང་མོ་བཤད་པ་ཡིན་ཁྱེད་ལ་མི་དགའ་བ་དང་མི་སྤྲོ་བ་འདྲ་རྩ་བ་ནས་མིན་སྤྱིར་ངས་ཁྱེད་རང་ངོ་ཡང་མི་ཤེས་དེ་ལྟར་བཤད་དགོས་བ་ཡང་མེད་དགའ་པོ་ཡང་མེད་གང་ལྟར་ཁྱེད་རང་གི་བྲིས་བའི་མཆན་དེ་དག་མཐོང་་ནས་བསམ་ཚུལ་དེ་དག་བྱུང་བ་རེད།

    Reply
  13. མྱི་དཀར says:
    ལོ་ 13 སྔོན།

    སྐུ་ངོ་བློ་འཕེར་ཟེར་བ་དེའི་སྐད་ཆ་ཧ་ཅང་གི་ཐལ་ཆེ་བ་འདྲ་མཐོང་མ་སོང་ངམ་དྲ་གྲོགས་དག་སྐད་ཆ་དྲང་མོ་བཤད་ན་ཡག་པོ་མ་རེད་དམ་མི་སྒེར་ཞིག་ལ་སྐྱོན་བརྗོད་བྱེད་ན་གནད་འགག་ཆུང་བ་རེད་གཞོན་ནུ་ཟེར་བ་དེ་ཚོགས་པ་ཞིག་དང་ཚོགས་པ་ཆེན་པོ་ཞིག་རེད་རྒྱ་ཁབ་ཕྱི་ནང་ཀུན་ལ་ཁྱབ་བའི་ཚོགས་པ་ཞིག་དང་ལྷག་པར་ཏུ་བོད་རང་གི་ཆེད་དུ་བཙུག་པའི་ཚོགས་པ་ཞིག་རེད་རྒྱ་ནག་ལ་མཚོན་ན་གཞོན་ནུའི་ལས་འགུར་རབ་དང་རིམ་པའི་མནོན་ཤུགས་མང་པོ་སྤྲད་ཡོད་པ་དྲ་རྒྱའི་རྒྱུན་ལམ་དང་འཛམ་གླིང་གི་གསར་ཤོག་དག་ལ་ལྟོན་ན་གསལ་པོ་རེད་བློ་འཕེར་ཁྱོད་ཀྱི་དབང་པོ་དག་ལ་སྐྱོན་མེད་ན་དེ་དག་ལ་ཡག་པོ་གཟུགས་རོགས་མིག་མཐོང་ལག་ཟིན་དུ་ཡོད་པ་2008ལོ་ཨོ་ལིན་གྱི་སྐབས་སུ་ཡང་ག་འདྲའི་ལས་འགུར་ཡག་པོ་ཞིག་སྲོག་ཆགས་སྐྱེ་འགྲོ་ཡོངས་ལ་སྟོན་ཐུབ་སོང་དེའི་སྐབས་སུ་ཡང་ཁྱོད་ཀྱི་མགོ་ལ་ཁུག་མ་ཞིག་གོན་ནས་སྡད་ཡོད་པ་མིན་ནམ་ཁ་ནས་ཤར་བ་ཐབས་ཅད་ལག་གིས་མ་བྲིས་ན་ཡག་གི་རེད་གཞོན་ནུ་ཟེར་བ་དེ་བོད་མི་རིགས་ཀྱི་རེ་བ་ཆེ་ས་རེད་།་་་་ཧ་གོ་སོང་ངམ་སོ་སོ་སྐྱིད་ས་དང་བདེ་ས་ནས་སྡད་ནས་གཞན་ལ་སྐྱོན་བརྗོད་རྐྱང་རྐྱང་བྱེད་ན་སེམས་སྐྱིད་འདུག་གེ

    Reply
  14. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    བློ་འཕེལ། ང་ལ་སྙིང་རྗེ་སྐྱེད་དགོས་མ་རེད། ཁྱོད་ཡིན་ཅིག་སྙིང་རྗེ་རུལ་བ་དེ་སྐྱེས་དགོས་ན། སོ་སོས་ཅི་ཡང་མི་འཇོན་པ་དང་ཅི་ཡང་མ་ལས་པར་གཞན་གྱིས་བྱ་བྱེད་ལ་སྙིང་རླུང་ལངས་བ་དང་མིག་ལ་མ་ཕྱིན་ནས་ངག་ནས་སྨྲེ་ངག་འདོན་མཁན་ཚོར་སྙིང་རྗེ་སྐྱེས་ན། ཁྱོད་ཚོགས་རྒྱ་ཆེན་པོ་གསོག་པའི་རྒྱུ་རུ་འགྲོ་ངེས།
    མ་གཞི་ང་ཁེར་ལབ་རྒྱབས་པར་རང་དབང་ཡོད་རྒྱུ་རེད་པ། ངའི་ཁེར་ལབ་དེས་ཁྱོད་ལ་ན་ཟུག་ནི་བཏང་ཡོད་རྒྱུ་མ་རེད་པ།
    ཕལ་ཆེར་ན་ཟུག་དྲག་མ་ཞིག་བཏང་བ་འདྲ། འོན་ཀྱང་ང་ལ་ཟུག་ཆག་སྨན་མེད་ད།
    འོ་ན་ང་གནའ་སྐྱེལ་དམ་འཇོག་བྱེད་པར་རང་དབང་ཡོད་པ་རེད་ཡང་ན་མེད་པ་རེད། གལ་ཏེ་རང་དབང་ཡོད་ན་འགྲིགས་པ་རེད་ལ་འཛམ་གླིང་མགོ་མཇུག་ག་ནས་ལོག།
    བོད་ཡིག་ཐད་ང་ལ་བཤོད་པར་ཁྱོད་རང་མ་མཐར་ཡང་ཚད་ལྡན་ངེས་ཅན་ཞིག་དགོས་པ་རེད་ལ། རང་ཉིད་ཀྱིས་རང་ཉིད་ལ་ཡག་པོ་བྱས་ནས་བལྟོས།

    Reply
  15. ཟླ་བ་དོན་འགྲུབ། says:
    ལོ་ 13 སྔོན།

    ངོ་སོ་བསྟོད་་་གཞན་ནུ་ཚང་བོད་མི་རིགས་ཀྱི་དོན་དུ་རྒྱུ་ཚེགས་གཉིས་ཀ་འགྲོ་གྲོན་གཏོང་ཐུབ་ཀྱིན་འདུག་་་་ཁ་དྲོ་དྲིན་ཆེན་ཚང་་
    བཙན་བྱོལ་ནང་ཁྱེད་ཚང་ཡོད་པ་དཀོན་མཆོག་གི་བཀའ་དྲིན་རེད། ངས་ཧ་མ་གོ་བ་ཞིག་ལ་་་་གཞོན་ནུས་རང་བཙན་དང་་བོད་གཞུང་གིས་དབུ་མ་རྩོད་བཞིན་པ་འདི་ཅི་རེད་་་ལམ་དབུ་མ་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་པ་མིན་ནམ་་་བྱས་ན་མི་མངས་གང་གི་ཕྱོགས་སུ་རྒྱུགས་་་་རྒྱ་ནག་ཚང་གི་རང་བཙན་ལས་སླ་བོ་སྤྱིན་ནམ་་་ང་རང་དབུ་མའི་ཕྱོགས་ཡིན་་འོན་ཀྱང་གཞོན་ནུའི་སེམས་ཤུགས་ལ་ཡི་རངས་ཞུ། རེད་རང་བཙན་གཞོན་ནུ་ཚོགས་པས་རྩོད་་་་འོ་ན་དབུ་མའི་ལམ་སུ་ཡིས་རྩོད་་་་

    Reply
  16. བློ་བཟང་ཡར་འཕེལ། says:
    ལོ་ 13 སྔོན།

    གསེར་འབྲུག་སྡེ་ལྔ་འདི་སྙིང་རྗེ། ག་དུས་ཡིན་ན། ཁོ་རང་ཁེར་ལབ་འདྲ་ཞིག་རྒྱབ་བསྡད་ཀྱི་འདུག གསལ་བོ་མ་རེད་དམ། ཨུ་ཚུགས་རྒྱབ་ནས་མནའ་བསྐྱལ་ནས་ཡོང་ན་ད། འཛམ་བུ་གླིང་མགོ་མཇུག་ལོག་འགྲོ་ཡི་མ་རེད་པས། ཧཧཧཧཧཧ ད་བཤད་ཡ་ཡོད་ན་ཤོད་དང། རྒྱུ་མཚན་མེད་ན་བོད་ཡིག་འཕྲོ་བརླག་ལ་མ་གཏོང་རོགས།།།

    Reply
  17. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    གཟུ་གནས་མ་རེད་གཡས་ཕྱོགས་གནས་གཡོན་ཕྱོགས་གནས་ཟེར་ན་ཆོག།
    དྲ་ལམ་འདི་ན་ཁྱོད་གཟུ་གནས་གཅིག་པུས་ཐོ་མཆོང་རྒྱག་ས་ཞིག་མ་རེད།
    ཁྱོད་ཀྱིས་ནང་ཁུལ་དབྱེན་དཀྲུག་གི་འཇོན་ཐང་དེ་ཀྲུང་ནན་ཧེའེ་ལ་བཏོན་ན་གང་འདྲ་འདུག།
    མ་ཟད་ཁྱོད་དེ་འདྲའི་འཇོན་པོ་དང་རྒོད་པོ་ཡོད་ན་ལམ་དབུ་མའི་རྟ་ལ་བཞོན་ནས་ཀྲུང་ནན་ཧེའེ་ལ་བསྐོར་བསྐྱོད་ཀྱིས་ཆག་འཇིགས་ལ་ཉེ་བའི་བོད་ཀྱི་རིག་གཞུང་དེ་ཅིག་སྐྱོབས་དང་། མ་ཟད་བོད་ནང་ཡ་ང་བའི་མེར་སྲེག་དོན་རྐྱེན་དེ་མཚམས་འཇོག་བྱས་ནས་གཞིས་ལུས་མི་དམངས་ཀྱི་མངོན་འདོད་དེ་སྒྲུབས་པར་བགྱིས་དང་། དེ་མིན་མལ་ས་དྲོན་མོའི་ནང་སྨྲེ་ངག་ག་ཚོད་ཅིག་བཏོན་ཀྱང་ཅང་ཕན་ནི་མ་རེད།

    Reply
  18. གཟུ་གནས་བློ་ལྡན། says:
    ལོ་ 13 སྔོན།

    མདོར་ན་འཇམ་ནོར་དང་ཀརྨ་ཆོས་འཕེལ་ལྷ་བཟང་སོགས་ནི་བོད་ཕུང་བྱེད་ཀྱི་བྱེད་ཏིག་ཡིན་ཏེ། བོད་ནང་མི་རིགས་རིག་གཞུང་དང་བཅས་པ་འཇིགས་ལ་ཉེ་བ་དེའི་སྐོར་གང་མི་བཤད་པར་ཁ གདངས་ཚད་རང་བཙན་རང་ཟེར་བ་འགལ་བ་ལྟག་སྤྲོད་རེད། རང་བཙན་ཤ་ཚ་དེ་འདྲ་ཡོད་ན་བོད་མི་རིགས་དང་རིག་གཞུང་འཇིགས་ལ་ཉེ་བ་དེ་སྐྱོབ་ཐབས་མི་བྱེད་པ་དེས་རང་བཙན་ཀ་ནས་བཤད་པ་དེར་དམིགས་ཡུལ་གཞན་ཞིག་ཡོད་རྟགས་མི་ཡིན་ནམ། གཉིས་ནས་ང་ཚོས་བསམ་དགོས་པ་ནི་རྒྱ་མིས་སྔ་ཕྱི་བར་གསུམ་དུ་བཙན་བྱོལ་དུ་དཀྲུག་མཁན་མང་པོ་ཞིག་བཏང་ཡོད་པས་ད་དངོས་གནས་རང་བཙན་ཁ་ལ་ཁུར་ནས་བོད་མི་མང་དུམ་བུར་གཉིས་གཏོང་བཞིན་མི་འདུག་གམ། ལྟོས་དང་། རང་བཙན་ཞེས་སེམས་ཤུགས་ཆེ་མདོག་གིས་བཤད་ནས་ན་གཞོན་མང་པོ་ཞིག་བསླུ་བྲིད་བཏང་ནས་མཐའ་མར་རང་བཙན་རྩོད་མཁན་དང་དབུ་མའི་ལམ་རྩོད་མཁན་གཉིས་ཆགས་ནས་ཁ ཐོར་ལ་ཕྱིན་ན་འགན་སུས་ཁུར་གྱི་རེད། བསམ་བློ་གཏོང་ཞིག

    Reply
  19. གཟུ་གནས་བློ་ལྡན། says:
    ལོ་ 13 སྔོན།

    འཇམ་ནོར་མཁས་དབང་ཡིན་ན་དེང་དུས་ཀྱི་སློབ་གྲྭ་འགྲེམས་པའི་མཁས་པ་རེ་དམ། མནའ་བོ་ལ་མཁས་ལ་མཁས་པ་རེད། མནའ་བོ་མཁས་ཟེར་ན་བཞད་གད་དེ་བོད་ཡིག་ཀྱང་ཡག་མི་ཤེས་པར་མནའ་བོ་མཁས་སྲོལ་ག་ལ་ཡོད། དེང་དུས་ཀྱི་མཁས་དབང་གི་ལག་ཁྱེར་གང་ཡང་ཁོ་པ་ལ་མེད། ཁ་གཏོང་ཡས་དེ་ཡོད་པ་རེད། མགོ་༸གོང་ས་མཆོག་དང་བོད་ཀྱི་བླ་ཆེན་ཁག་ཡོངས་རྫོགས། བཀའ་ཁྲི་ནས་གད་པའི་བར་དུ་ཁོ་པའི་ཁ་གཏོང་ཡུལ་རེད།

    Reply
  20. གཟུ་གནས་བློ་ལྡན། says:
    ལོ་ 13 སྔོན།

    འཇམ་ནོར་མཁས་དབང་ཡིན་ན་རྡ་སའི་བོང་གུ་དེ་ཚོའང་མཁས་གྲལ་དུ་ཚུད་ངེས་རེད། མཁས་པ་ཡིན་མིན་ལྟོས་དང་ཆུ་བཞི་སྒང་དྲུག་ག་རེ་རེད་དྲིས་དུས་ལན་ཐད་ཀར་རྒྱག་མ་ཐུབ་པ་ཡོངས་གྲགས་རེད། ལོ་རྒྱུས་ལ་མཁས་ཟེར་ན་དེ་བས་ཀྱང་ལྐུགས་རྟགས་བསྟན་པ་རེད། ཁོ་པས་ཞྭ་སྒབ་པའི་ལག་ཁྱེར་བསྟན་ནས་བོད་རང་བཙན་རེད་ཟེར་ཡོད། གད་མོ་ཤོར་ཡས་རེད་། ཧོང་ཀོང་དང་ཐའི་ཝོན་གྱི་ལག་ཁྱེར་འཛམ་གླིང་ཀུན་ཏུ་ཁུར་ཆོག་གིན་རེད། ཡིན་ནའང་དེས་ཧོང་ཀོང་དང་ཐའི་ཝོན་རང་བཙན་ཡིན་པ་སྒྲུབ་ཐུབ་ཐབས་མེད་པ་ཀུན་གསལ་རེད། ད་དུང་འཇམ་ནོར་ནས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་རང་བཙན་བསྒྲགས་ཡིག་ནས་བོད་རང་བཙན་ཡིན་ཟེར་བ་རེད། ལྐུགས་རྟགས་དེ་ལས་ཚ་བ་ཞིག་མེད་དེ། ༸གོང་ས་བཅུ་གསུམ་པས་དེ་ལྟར་གནང་བ་བོད་དུ་ཡོངས་གྲགས་ཡིན་ཀྱང་ཡིག་ཆ་དངོས་གནས་དེ་ད་ལྟར་གང་དུའང་ཡོད་མ་རེད། བོད་རང་བཙན་རྩོད་ན་རྩོད་སྟངས་དེ་ལས་དྲག་པ་ཞིག་ལོས་ཡོད། དཔེར་ན། གྲོས་མཐུན་དོནཚན་བཅུ་བདུན་མངའ་སྡེ་གཞན་སུ་དང་བཞག་མི་དགོས་བོད་གཅིག་བུ་དང་མཉམ་དུ་བཞག་པ་དེས་རྟགས་ག་རེ་བསྟན་ཡོད། བོད་དེ་སྔ་ནས་རྒྱ་ཁོངས་ཡིན་ན་རྒྱ་བོད་ཐུན་མོང་གི་རྒྱལ་ཁབ་གཅིག་གི་མིང་ཚིག་ཅིག་དགོས་ངེས་ལ་མེད་པ་གང་རེད། རྒྱ་ནག་གོང་མས་བོད་ཀྱི་བླ་མར་ཐང་ག་སྤྲད་པ་བཞིན་རྒྱལ་ཁབ་གཞན་ལའང་སྤྲད་འདུག་པས་རྒྱུ་མཚན་དེས་བོད་རང་བཙན་མིན་པ་བསྒྲུབས་མི་ཐུབ་པ་དང་། གོང་མ་ཆིང་ལོང་གིས་བོད་རྒྱ་ཁོངས་ནས་ལོགས་སུ་བཤད་པ་ཁོ་པའི་ཕོ་བྲང་དུ་ཡོད་པ་སོགས་ལོ་རྒྱུས་དངོས་ལ་ཞིབ་འཇུག་གིས་གཏམ་ག་རེ་བཤད་བཤད་ཡོད་མོད། འཇམ་ནོར་ཁོ་ལྐུགས་དྲག་ནས་མ་ཤེས་པ་རེད།

    Reply
  21. གྱད་ལྷ་དགའ། says:
    ལོ་ 13 སྔོན།

    གཞོན་ནུའི་ངོ་སོ་དགུང་དུ་བསྟོད། ལས་འགུལ་འདི་ལྟར་སྤེལ་དགོས་པ་རེད། ད་དུང་བློ་མཁས་དབང་འཇམ་དབྱངས་ནོར་བུ་དང་། རྒྱལ་གཅེས་པ་འགྲན་གྱི་ཟླ་མེད་ལྷ་བཟང་ཚེ་རིང་། མཁྱེན་རབས་དང་དཔའ་མཛངས་མཚུངས་པ་མེད་པའི་མི་རྗེ་ཀརྨ་ཆོས་འཕེལ་བཅས་ལ་དྲིས། དཔུང་ཀླུ་བྱམས་ལགས་དང་གཤིབ་དང་ང་ཡང་གཞོན་ནུའི་གནའ་སྐྱེལ་དམ་འཇོག་ལ་ཡོང་ངེས་མ་ཟད་གནའ་དོན་མཐའ་འཁྱོལ་ཡོང་བ་ལ་འབད་ངེས་ཡིན། གཞོན་ནུའི་ལས་འགུལ་འདི་བོད་སྤྱི་དོན་ཡིན་པས་བློ་འདྲི་ས་དང་དཔུང་གཤིབ་ས་ནོར་མི་ཉན། གཞོན་ནུ་ལས་ལྷག་པའི་ལས་འགུལ་ཞིག་ད་སྔོན་ཚོགས་པ་སུས་ཀྱང་སྤེལ་མ་མྱོང་ལ་ད་ཕན་ཡང་སྤེལ་མི་སྲིད་པས། གཞོན་ལྷན་ནས་ཤུགས་བརྒྱབ་རོགས། གལ་སྲིད་ཁྱེད་རྣམས་ཀྱིས་ཤུགས་མ་བརྒྱབས་པ་ཡིན་ན་བོད་དོན་རླགས་ལ་ཉེ་བས་ཅིས་ཀྱང་ཤུགས་བརྒྱབས་རོགས། མཐར། གཞོན་ནུ་རྒྱལ་གྱུར་ཅིག བོད་རང་བཙན་རྒྱལ་གྱུར་ཅིག

    Reply
  22. གཟུ་གནས་བློ་ལྡན། says:
    ལོ་ 13 སྔོན།

    ལྷ་བཟང་དང་ཀརྨ་ཆོས་འཕེལ་སྤུན་མཆེད་རེད། འཇམ་ནོར་དང་སྐུ་སྒེར་དྲུང་ཟེར་བསྟན་འཛིན་དགེ་བྱེད་དང་བཀའ་ཟུར་བསྟན་འཛིན་རྣམ་རྒྱལ་བཅས་སྤུན་མཆེད་རེད། ཁོ་པ་ཚོ་ནང་ག་རེ་གྲ་མ་འགྲིག་པ་ཡིན་ནམ། དེ་བོད་སྤྱི་དོན་ལ་འཁུར་མ་ཡོང་རོགས། ལྷ་བཟང་གིས་བོད་རང་བཙན་གྱི་ཆེད་དུ་ད་ལྟ་རང་ག་རེ་བློས་གཏོང་དགོས་ནའང་བློས་གཏོང་ཐུབ་ཀྱིན་གཏམ་བཤད་ག་ཚོད་བྱས་ང་ཚོས་ཤེས་གསལ་རེད། ཁོ་པའི་རྡ་ས་ཁང་པ་དེའང་རང་བཙན་གྱི་དོན་དུ་གཏོང་རྐྱང་བྱེད་མདོག་བཤད་ཡོད། ད་བར་ག་རེ་བྱས་སོང་། ཁ་སྔོན་རྒྱ་ནག་སྲིད་འཛིན་རྒྱ་གར་ཡོང་དུས་རང་ལུས་མེར་བསྲེགས་མ་གཏོང་བ་ག་རེ་རེད། ཁ་སྟོང་པ་རེད་འདུག་མི་འདུག དཔའ་བོ་ངོ་མ་རང་ལུས་མེར་བསྲེག་གནང་མཁན་ཚོ་རེད། ཁཽ་ཚོའི་ཁ་ཆེམས་ང་ཚོས་རྩིས་མི་དགོས་སམ། ཁོ་པ་ཚོའི་མངོན་འདོད་གཙོ་བོ་༸ཡིད་བཞིན་ནོར་བུ་བོད་དུ་ཕེབ་ས་རྒྱུ་དེ་རེད། འཇམ་ནོར་སོགས་དེ་བཀག་འགོག་གི་ལས་ལ་ཞུགས་བཞིན་པ་རེད། བོད་མི་མང་ནས་དགྲ་གཉེན་མ་ནོར་བ་གནང་གལ་ཆེའོ། །༸གོང་ས་མཆོག་ལས་ལྷག་པའི་ང་ཚོར་ལམ་སྟོན་མེད་། བཀའ་དྲིན་ཆེ་བ་མེད། འཇམ་ནོར་དང་ཀརྨ་ཅན་སོགས་ཁ སྟོང་པ་ཙམ་ལས་རང་བཙན་དང་རང་དབང་གི་ཆེད་དུ་གང་ཡང་བྱེད་མི་འདུག

    Reply
  23. གཟུ་གནས་བློ་ལྡན། says:
    ལོ་ 13 སྔོན།

    བོད་མི་མང་ཚོ། ད་དངོས་གནས་བསམ་བློ་གཏོང་རན་འདུག འཇམ་ནོར་དང་ལྷ་བཟང་སོགས་ནས་ཁོ་པ་ཚོར་བོད་གཞུང་ནང་རྐུབ་བཀྱག་མ་རག་པ་དང་དཔལ་འབྱོར་འདུ་འགོད་རྒྱ་ཆེ་ས་ཞིག་ནས་བསྒྲུབ་རྒྱུ་ཡིད་ལ་བཅངས་ནས་༸གོང་ས་མཆོག་གི་ལམ་དབུ་མ་དང་འགལ་བ་བྱེད་པ་མིན་ན་ཁོ་པ་ཚོས་༸གོང་ས་མཆོག་གི་ལམ་སྟོན་དང་འགལ་བ་བྱེད་སྟངས་ལ་ལྟོས་དང་། རང་བཙན་ཀ་ལ་ཁྱེར་ནས་ད་ལོར་གངས་སྐྱིད་དུ་རང་བཙན་སྐོར་ཚོགས་པ་དང་ལོ་རྗེས་མར་གཞོན་ནུ་ཚོགས་པ་མགོ་སྐོར་ནས་རང་བཙན་ཚོགས་ཆེན་འཚོགས་རྒྱུ་ཡིན་བཤད་ཡོད། ལྟོས་དང་དངོས་གནས་རང་བཙན་རྩོད་ན་ཚོགས་འདུའི་སར་བོད་རང་བཙན་ཡིན་པའི་ཡིན་རབས་དང་ད་ལྟར་ག་རེ་བྱ་རྒྱུ་ཡོད་མེད་མ་འོངས་པར་ཁ་ཕྱོགས་ག་རེ་བྱས་ནས་ཡག་མིན་སྐོར་བཤད་དགོས་པ་ལས། འཇམ་ནོར་ཁོ་པས་བོད་གཞུང་གིས་མ་འགྲིག་ལུགས་༸གོང་ས་མཆོག་གི་ལམ་དབུ་མ་ལ་ཟུར་ཟ་རྐྱང་རྐྱང་བྱས་ནས་དུས་ཚོད་བཏང་པ་རེད། འདིའི་དམིགས་ཡུལ་རང་བཙན་རེད་འདུག་མི་འདུག འཇམ་ནོར་ཁོ་པས་བཤད་པའི་གཏམ་བཤད་མང་པོ་ལ་ལྟོས་དང་རྒྱ་ནག་ལ་ཁ གཏད་བཅོག་རྒྱུ་ཕར་བཞག་ནས་ང་ཚོའི་བོད་གཞུང་དང་ནང་ལོག་ན་མ་འགྲིག་པ་བགྲངས་པ་བརྒྱ་ཆ་དྲུག་ཅུ་བརྒལ་བསྡད་ཡོད། མི་འདི་ལྟ་བུ་ཞིག་རང་བཙན་རྩོད་མཁན་ཡིན་སྲིད་དམ། རང་བཙན་རྩོད་ན་རང་བཙན་རྡ་རམ་ས་ལ་མེད་པར་རྒྱ་ནག་གཞུང་རྩ་ལ་རྩོད་དགོས་པས་རྒྱ་གཞུང་ཁ གཏད་ཀྱི་གཙོ་བོར་འཛིན་དགོས་མོད་དེ་ལས་ལྡོག་སྟེ་ནང་ཁུལ་ལ་དམག་རྒྱག་རྒྱུ་འཇམ་ནོར་དང་ལྷ་བཟང་ཀརྨ་ཆོས་འཕེལ་གསུམ་གྱི་བྱེད་སྟངས་རེད།

    Reply
  24. གཟུ་གནས་བློ་ལྡན། says:
    ལོ་ 13 སྔོན།

    གཞོན་ནུ་ཚོགས་པ་འདིས་རང་ཚུགས་མི་ཐུབ་པར་འཇམ་ནོར་གྱི་རྐུབ་ལ་རྒྱུགས་པ་རེད། འཇམ་ནོར་དང་ཀརྨ་ཆོས་སོགས་ཀྱིས་ཆེད་དུ་༸གོང་ས་མཆོག་གི་ལམ་དབུ་མ་ལ་བཅག་བཅག་བྱེད་བཞིན་པ་གསལ་པོ་རེད། ལྟོས་དང་ཀརྨ་ཆོས་ཀྱིས་སྤྱི་འཐུས་ལྷན་ཚོགས་སར་བོད་ནང་དཔའ་རང་ལུས་མེར་བསྲེག་སྐབས་༸ཡིད་བཞིན་ནོར་བུ་བོད་དུ་ཕེབས་དགོས་ཞེས་པ་རྒྱ་ཡི་དཔོན་པོ་བོད་ནས་ཕར་རྒྱུགས་ཞེས་པ་དང་རང་བཙན་དགོས་པའི་དོན་རེད་ཅེས་ལོག་འགྲེལ་རྒྱག་སྟེ་དཀྲུག་པ་རེད། ༸གོང་ས་མཆོག་ནས་དབུ་མའི་ལམ་གསུང་གིན་གསུང་གིན་རང་བཙབ་རྩོད་སྲིད་དམ། འཇམ་ནོར་དང་ཀརྨ་ཆོས་སོགས་ཀྱིས་༸གོང་ས་མཆོག་བོད་དུ་ཕེབས་རྒྱུར་བཀག་འགོག་བྱ་དགོས་བསམ་པ་རེད། ༸གོང་ས་མཆོག་ནས་ལམ་དབུ་མ་གསུང་བཞན་དུ་ཁོ་ཚོས་དེ་ལས་གོ་ལྡོག་ཏེ་རང་བཙན་རྩོད་ན་འགྲིག་མདོག་མདོག་བྱས་པ་དེ་ཕྱོགས་གཅིག་ནས་ལྐུགས་པ་རེད། གཉིས་ནས་བོད་མི་མང་གཡང་ལ་འཆོང་བཅུག་པ་རེད། ༸གོང་ས་མཆོག་ལས་ལྷག་པའི་ཁོ་ཚོ་ལ་རྣམ་དཔྱོད་གང་ཡང་མེད། སྒེར་གྱི་རྐུབ་བཀྱག་དང་དངུལ་ཞིག་ཟ་རྒྱུ་མ་རག་པར་རང་བཙན་ཁ ལ་ཁྱེར་ནས་ཕྱི་རྒྱལ་བའི་མདུན་ལས་ཀ་ཞེ་པོ་ཡོད་མདོག་གིས་མགོ་སྐོར་ནས་དངུལ་ཨེ་རག་ལྟ་བཞིན་རེད། འཇམ་ནོར་གྱིས་ད་བར་ག་རེ་བྱས་འདུག ཀརྨ་ཆོས་དང་ཁོང་གི་སྤུན་མཆེད་ལྷ་བཟང་ཅན་གཉིས་ནས་ག་རེ་བྱེད་འདུག རང་བཙན་རྩོད་རྒྱུ་ཕར་བཞག་སོ་སོའི་སྐྱེས་དམན་ཡང་ཕྱི་རྒྱལ་རེད། ཁྱེད་ཚོས་ལྟོས་དང་། འཇམ་ནོར་ནས་ལག་དེབ་ལྗང་ཁུའི་དངུལ་དེ་བོད་གཞུང་ལ་སྤྲོད་རྒྱུ་ཡོད་མརེད། གཞོན་ནུ་ཚོགས་པ་དང་རང་བཙན་རྩོད་མཁན་ལ་སྤྲད་དགོས་ཟེར་བ་རེད། དེ་ལྟར་བྱུང་ན་དངུལ་དེ་ཚོ་ཁོ་རང་གི་ཁ་དང་ཏག་ཉེ་པོ་ཆགས་པ་རེད། ཁོ་པ་ཚོ་ནས་རང་བཙན་ཡིན་པའི་སྒྲུབ་བྱེད་མདོག་ཡོད་པ་ཞིག་གང་ཡང་བཤད་རྒྱུ་མི་འདུག ཕྱི་རྒྱལ་མཁས་དབང་ཞིག་ནས་ཁོ་པའི་གཏམ་བཤད་ལ་གད་མོ་ཤོར་བཞིན་འདུག མདོར་ན་༸གོང་ས་མཆོག་གིས་སྲིད་ཀྱི་དབུ་ཁྲིད་གནང་དུས་འཇམ་ནོར་ཁོ་པས་མང་གཙོ་མ་རེད་ཅེས་བཤད་པ་རེད། ཡང་༸གོང་ས་མཆོག་ནས་སྲིད་ཀྱི་དབུ་ཁྲིད་བཞག་དུས་ཡང་འཇམ་ནོར་ནས་འགྲིག་གིན་མ་རེད་ཟེར་བ་རེད། དངོས་གནས་སེམས་པ་རྣམ་ལུ་གནས་པ་ཞིག་ཡིན་པ་མི་འདུག

    Reply
  25. བློ་འཕེལ། says:
    ལོ་ 13 སྔོན།

    བསྐྱར་དུ་དྲ་ཐོག་མཇལ་བས་དགའ་པོ་བྱུང་ལ་མཚན་མོའི་གཉིད་ཀྱི་དུས་ཚོད་དུ་བསམ་ཚུལ་ཞིག་མ་བྲིས་རང་བྲིས་བྱུང་།
    གྲོགས་པོ་ཚོ་ཉེ་བའི་ལོ་བཅུ་དང་བཅོ་ལྔའི་ནང་གཞོན་ནུའི་བྱས་རབས་ལ་གཟིགས་དང་། ཁ་ཡོད་ལག་ཡོད་ཀྱི་བྱེད་དགོས་པ་རྣམས་བཞག་ནས་དཔེར་ན་་་འདྲེ་ཤར་སྒོར་གནས་པ་ལ་ཀླུད་ནུབ་སྒོར་གཏོང་བ་འདྲ་པོ་མི་འདུག་གམ།
    ད་ཡང་མནའ་སྐྱེལ་དམ་འཇོག་ཟེར་བ་་་སློབ་སྦྱོང་དང་རྣམ་དཔྱོད་ཐབས་ཇུས་སོགས་ཀྱིས་དབེན་པའི་འུ་ཐུག་གི་བྱེད་ཐབས་ཤིག་རེད། གྲོགས་པོ་ཚོ་གཟིགས་དང་། དང་པོ་མནའ་བསྐྱལ་དམ་བཅའ་བཞག་་་་་་གཉིས་པ། མནའ་ཟོས་དམ་བཅའ་ཤོར་་་་་་་་གསུམ་པ། ཚང་མ་དམ་ཉམས་ཆགས་ཀྱི་རེད་ལ་ལས་འགུལ་དེ་ཡང་ཤི་འགྲོ་གི་རེད། འདི་ནི་དཔལ་འབྱོར་བསྡུ་རུབ་ཆེད་ལྟ་བུ་རེད། དཔེར་ན། གཞོན་ནུའི་མི་མང་འགུལ་བསྐྱོད་ཆེན་མོ་དང་པོར་ཧ་ཅང་ཟ་ངེ་ཟིང་ངེ་བྱུང་ནས་མི་མང་གཞོན་ནུའི་འགོ་སྐོར་འོག་ཚུད་པ་རེད། འགུལ་སྐྱོད་གཉིས་པར་འགྲོ་མཁན་མ་རག་པར་ས་གནས་སོ་སོ་ནས་ངོས་མངགས་བྱེད་དགོས་བྱུང་བ་རེད། དེ་རྗེས་མི་མང་འགུལ་སྐྱོད་ཆེན་མོ་སྐུ་གྲོངས་ཏེ་ཡང་སྲིད་དབུས་གཞོན་ནུས་ངོས་འཛིན་གནང་བ་་་་་་མནལ་སྐྱེལ་དམ་འཇོག་གི་ལས་འགུལ་འདི་ཡིན་རྒྱུ་རེད།
    ལྟ་བ་རང་བཙན་བརྩད་པར་རྩ་བ་ནས་ངོ་རྒོལ་བྱེད་ཀྱི་མེད། དཔེར་ན། བོད་རང་དབང་སློབ་ཕྲུག་ཚོགས་པ་ལྟ་བུ་ལ་རྒྱབ་སྐྱོར་ཡོད། འོན་ཀྱང་གཞོན་ནུའི་རྩོད་ལུགས་རྩོད་སྟངས་ལ་མཐའ་གཅིག་ངོ་རྒོལ་ཡོད་ལ་འདིས་ནི་ཕན་ལས་གནོད་ཆེ་སྙམ།

    Reply
  26. བློ་བཟང་ཡར་འཕེལ། says:
    ལོ་ 13 སྔོན།

    རེད་རེད་ཀརྨ་ལགས་བདེན་པ་རེད།

    ༡ འཇམ་དབྱངས་ནོར་བུ་མ་གཞི་ནས་༧གོང་ས་མཆོག་ལ་ཡིད་ཆེས་ཕར་ཞོག དགའ་མོས་མེད་པ་དེ་གསལ་བོ་རེད། དེ་ནི་ཁོའི༼ རང་བཙན་བོད་ཀྱི་གནད་དོན་༽ཞེས་པའི་དེབ་དེ་ནས་གསལ་བོར་ཤེས་ཐུབ། དེབ་དེར་དང་པོ་ཉིད་ནས་བོད་དོན་རྒྱལ་སྤྱིར་ཁྱབ་བསྒྲགས་བྱ་ཚུལ་ནོར་ཚུལ་སོགས་ནས་མཐར་དབུ་ཁྲིད་དང་ལམ་ལུགས་ཀྱིས་འགྲིག་གི་མེད་ཅེས་བཤད་ཡོད། ཉེ་སྔོན་རང་སྒྲིག་འཛུགས་ཤིག་རེ་གཏོད་མེད་ཚུལ་བཤད་ཡོད།
    ༢ དེ་བཞིན་ཚེ་དབང་ནོར་བུ་རེད། ༧གོང་ས་མཆོག་ལ་ཀྱག་ཀྱག་བྱས་ཏེ་ལན་རྒྱབ་པ་གསལ་བོ་རེད། དེའི་འཕྲོར་ལྷ་བཟང་དང་ཀླུ་མཁར་སོགས་ཀྱང་ཡོད་པ་མ་རེད། མི་ཉུང་ཤས་འདི་རིགས་ཀྱིས་ང་ཚོ་ཆོལ་ཁ་གསུམ་གྱི་ཆིག་སྒྲིལ་ལ་གནོད་སྐྱེལ་བསྡད་ཡོད་པ་གསལ་བོ་རེད། དེ་བས་དགྲ་གཉེན་མ་ནོར་རྒྱུར་ཤིན་ཏུ་གལ་ཆེ།

    Reply
  27. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སེང་གེ་གནམ་འཆོང་ལགས་ཀྱིས།
    ཚེ་དབང་རིག་འཛིན་གྱིས་༧གོང་ས་མཆོག་ལ་མཇལ་བཅར་སྐབས་བསམ་བཞིན་ཀྱག་ཀྱག་གནང་སྟེ་གང་གི་དགོངས་པ་དཀྲུགས་ཡོད། ང་ཚོས་རྒྱ་མི་བོད་ནས་ཕྱིར་འབུད་བྱེད་ཐུབ་ཅེས་ལན་རྒྱབ་ཡོད། བསམ་བློ་ཞིག་ཐོངས་དང། རྒྱ་མི་བོད་ནས་ཅི་ལྟར་ཕྱིར་འབུད་བྱེད་དམ། ་་་ཟེར་བ་འདི།
    དངོས་གནས་བདེན་པ་རེད། བོད་རིགས་ཚོས་༸གོངས་མཆོག་གི་མཇལ་བཅར་སྐབས་ཀྱི་གནས་ཚུལ་འདི། དུས་ནམ་ཡང་བརྗེད་མི་རིགས་སོ། །དེང་སང་གཞོན་ལྷན་ནི། འཇམ་དབྱངས་ལྟ་ལོག་གི་རྗེས་འབྲངས་དང་། ལྷག་བསམ་སྨོན་ལོག་གི་བྱིན་བརླབས་འོག་འཚོ་བཞིན་པ་ལས། ནང་སྟོང་ཕྱི་རྫིག་གཅིག་ལས་མི་མཐོང་བ་འདི་ང་ནོར་བ་ཡིན་ནམ། ཧ་ཧ། ད་ཅང་མི་ཤེས།

    Reply
  28. བློ་བཟང་ཡར་འཕེལ། says:
    ལོ་ 13 སྔོན།

    བཅོས།
    མནའ་བསྐྱལ་ནས་རང་བཙན་རེག་གི་མ་རེད་ལ། མནའ་བསྐྱལ་ནས་རང་བཙན་འཐབ་རྩོད་ཀྱི་ངར་ཤུགས་ཆེ་རུ་འགྲོ་ཡི་མ་རེད། མནའ་བསྐྱལ་ནས་རང་བཙན་རྩོད་མཁན་ཚོའི་ཀླད་པ་ཡག་ཏུ་འགྲོ་ཡི་མ་རེད། མ་གཞི་ནས་མནའ་བསྐྱལ་བ་ཟེར་བ་འདི་གཡོ་འཁྲབ་ཅིག་མ་རེད་དམ། སོ་སོ་རང་ངོས་ན་ཅིག་མེད་དུས་མནའ་ག་ཚོད་བསྐྱལ་ན་ཕན་ཐོག་གེ་མི་འདུག་པ་གསལ་བོ་མ་རེད་དམ། དཔེར་ན། ད་བར་ཆུ་བཞི་སྒང་དྲུག་གི་དམག་དཔུང་ཚོའི་རྔུལ་ནག་འཐུང་མཁན་གྱི་རྗེས་འཇུག་པ་ཚོས་མནའ་བསྐྱལ་བ་རེད། མནའ་བསྐྱལ་ནས་དམ་བཅས་པ་ཞིག་འགྲོ་ཡི་འདུག་ཅེས་༧གོང་ས་མཆོག་གིས་ཀྱང་གསུངས་མི་འདུག་གམ། དེ་བས་གཞོན་ནུའི་ལས་ཀ་མེད་པའི་རྟགས་མཚན་འདི་འདྲ་མ་སྟོན་རོགས། རྒྱ་ནག་གཞུང་གིས་གོ་ན་གད་མོ་ཤོར་གི་རེད། མ་གཞི་ནས་ཁྱེད་ཚོས་ཅང་མི་འཇོན་ན། ད་བར་གཞོན་ལྷན་གྱི་བོད་མི་རིགས་ཀྱི་མིང་ཁྱེར་ནས་རོགས་སྐྱོར་ནི་གྲངས་ལས་འདས་པ་ཞུས་པ་ཚར་བ་རེད། གཞིས་ཆགས་ཁག་ལ་ཞལ་འདེབས་སློང་ནས་ནི་ཁ་སོས་སུ་འཇུག་གི་ཡོད་པ་མ་རེད། དེ་བས་པེད་ཤག་དེ་རྣམས་འགྲོ་ས་ཅིག་ལ་ཕྱིན་ཏག་ཏག་ཡོད་པ་རེད། གཞོན་ལྷན་གྱི་པེད་ཤག་ཚང་མས་མཐོ་རིམ་སློབ་གླིང་ཚད་ལྡན་ཞིག་རྒྱབ་ནས་བུ་གུ་གསོ་སྐྱོང་བྱས་ཤོག དེ་ལྟ་ས་ཅིག་ལོས་ཡོད་བསམས།

    Reply
  29. བློ་བཟང་ཡར་འཕེལ། says:
    ལོ་ 13 སྔོན།

    མནའ་བསྐྱལ་ནས་རང་བཙན་རེག་གི་མ་རེད་ལ། མནའ་བསྐྱལ་ནས་རང་བཙན་འཐབ་རྩོད་ཀྱི་ངར་ཤུགས་ཆེ་རུ་འགྲོ་ཡི་མ་རེད། མནའ་བསྐྱལ་ནས་རང་བཙན་རྩོད་མཁན་ཚོའི་ཀླད་པ་ཡག་ཏུ་འགྲོ་ཡི་མ་རེད། མ་གཞི་ནས་མནའ་བསྐྱལ་བ་ཟེར་བ་འདི་གཡོ་འཁྲབ་ཅིག་མ་རེད་དམ། སོ་སོ་རང་ངོས་ན་ཅིག་མེད་དུས་མནའ་ག་ཚོད་བསྐྱལ་ན་ཕན་ཐོག་གེ་མི་འདུག་པ་གསལ་བོ་མ་རེད་དམ། དཔེར་ན། ད་བར་ཆུ་བཞི་སྒང་དྲུག་གི་དམག་དཔུང་ཚོའི་རྔུལ་ནག་འཐུང་མཁན་གྱི་རྗེས་འཇུག་པ་ཚོས་མནའ་བསྐྱལ་བ་རེད། མནའ་བསྐྱལ་ནས་དམ་བཅས་པ་ཞིག་འགྲོ་ཡི་འདུག་ཅེས་༧གོང་ས་མཆོག་གིས་ཀྱང་གསུངས་མི་འདུག དེ་བས་གཞོན་ནུའི་ལས་ཀ་མེད་པའི་རྟགས་མཚན་འདི་འདྲ་མ་སྟོན་རོགས། རྒྱ་ནག་གཞུང་གིས་གོ་ན་གད་མོ་ཤོར་གི་རེད། མ་གཞི་ནས་ཁྱེད་ཚོས་ཅང་མི་འཇོན་ན། གཞོན་ལྷན་གྱི་པེད་ཤག་ཚང་མས་མཐོ་རིམ་སློབ་གླིང་ཚད་ལྡན་ཞིག་རྒྱབ་ནས་བུ་གུ་གསོ་སྐྱོང་བྱས་ཤོག དེ་ལྟ་ས་ཅིག་ལོས་ཡོད་བསམས།

    Reply
  30. སེང་གེ་གནམ་འཆོང། says:
    ལོ་ 13 སྔོན།

    ཚེ་དབང་རིག་འཛིན་གྱིས་༧གོང་ས་མཆོག་ལ་མཇལ་བཅར་སྐབས་བསམ་བཞིན་ཀྱག་ཀྱག་གནང་སྟེ་གང་གི་དགོངས་པ་དཀྲུགས་ཡོད། ང་ཚོས་རྒྱ་མི་བོད་ནས་ཕྱིར་འབུད་བྱེད་ཐུབ་ཅེས་ལན་རྒྱབ་ཡོད། བསམ་བློ་ཞིག་ཐོངས་དང། རྒྱ་མི་བོད་ནས་ཅི་ལྟར་ཕྱིར་འབུད་བྱེད་དམ། བོད་མི་ས་ཡ་དྲུག་གི་ལག་ཏུ་མེ་མདའ་བཟུང་ནས་ས་ཡ་དྲུག་ཕར་གསོད་ཚུར་གསོད་བྱས་ནའང་རྒྱ་མི་བོད་ནས་སྟོང་འགྲོ་ཡི་རེད་དམ། སྐད་ཆ་འདི་དང་འདིའི་རིགས་དེང་སང་གཞོན་ལྷན་ཚོགས་གཙོའི་ཁ་ནས་ཐོན་བཞིན་པ་དེས་ང་ཚོའི་སྤྱི་ཚོགས་ནང་དུའང་དེ་བཞིན་འགལ་ཟླ་འགོ་ཚུགས་རྒྱུ་ནི་ཐེ་ཚོམ་མེད་པ་ཞིག་རེད། སྤྱིར་རང་བཙན་རྩོད་པ་ཐོབ་ཐང་ཡིན་ནའང། རང་བཙན་ཁ་ལ་ཁྱེར་ནས་༧གོང་ས་ཆེན་པོར་ཟུར་ཟ་ཁྱད་གསོད་བྱེད་པ་དང། སྲིད་བྱུས་གཞན་གྱི་ལས་དོན་ལམ་ལྷོང་ཡོང་རྒྱུར་བསམས་བཞིན་བར་ཆད་གཏོང་བ་སོགས་ནི་འུ་ཐུག་ཐབས་ཟད་ཀྱི་ལས་ཀ་རང་རེད། དེ་བཞིན་བོད་ནང་དུ་གཞོན་ནུའི་སྒྲིག་འཛུགས་ཀྱིས་དཀྲོགས་གཏམ་མང་པོ་བཀྲམས་པའི་གནས་ཚུལ་ཉུང་ཉུང་མ་རེད། ཤི་རྒྱུ་ཡིན་ན། རྣམ་པ་ཚོར་དང་པོར་ཤི་རོགས། ཟས་བཅད་ངོ་རྒོལ་དབུགས་མི་ཆད་པ་ཞིག་སྤེལ་སྟེ་བསྡད་པ་དེས་ཅི་ཞིག་ཕན་ནམ། ཡང་ན་བོད་ནང་གི་སོ་སོའི་སྤུན་ཉེ་འབྲེལ་ཚོ་ཤི་རུ་ཆུགས་དང་སྐབས་དེར་ཚེ་སྲོག་གི་རིན་ཐང་ཤེས་ཀྱི་རེད། དེས་ན་གཞོན་ནུའི་དབུས་རྒྱུན་གྱི་གནང་ཕྱོགས་འདི་དག་ལ་ངེས་པར་དུ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་མ་གནང་ཚེ། མ་འོངས་པ་བོད་ཆོལ་ཁ་གསུམ་ཟེར་བ་འདི་ཁ་འཐོར་གཏོང་ས་རེད་ལ། ༧གོང་ས་མཆོག་གི་དགོངས་གཞི་རླབས་ཆེན་བོད་མི་རིགས་ཀྱི་དཀྱིལ་སྙིང་དུ་ལེན་རྒྱུར་དེ་བས་ཀྱང་བར་ཆད་བྱེད་པ་ཐེ་ཚོམ་མི་དགོས་པ་ཞིག་རེད། ལྷག་པར་ད་ཐེངས་ཀྱི་དབུས་རྒྱུན་སྐབས་འདིར་སྤྱི་ཚོགས་ནང་ཞེན་པ་ལོག་པའི་ལས་འགུལ་རབ་དང་རིམ་པར་སྤེལ་སོང་བས་ད་བོད་མི་མང་གི་པེད་ཤག་རྣམས་གཞུང་ལ་རྩིས་སྤྲོད་ཡག་པོ་ཞུས་ནས་གཞོན་ལྷན་ཟེར་བ་འདི་སྒོ་བརྒྱབ་བཞག་ན་དགའ་ས་རེད།། ཕན་ཐོག་ནི་སྐར་མ་གང་མི་འདུག བོད་མི་མང་གི་ཁྲག་དང་མིག་ཆུ་བླ་སྲོག་བཙོངས་ནས་སྐྱོབ་གསོ་གྲངས་ཀ་མི་ཟིན་པ་ཞིག་བླངས་དང་ལེན་བཞིན་པ་རེད། དེ་བཞིན་གཞིས་ཆགས་ཁག་ལ་ལོ་བསྟར་ཆགས་སུ་མི་ཚང་རེ་རེའི་སྒོ་རྡུང་ནས་ཞལ་འདེབས་བསྡུས་ནས་སུན་བསྡད་ཡོད་པ་རེད། པེད་ཤག་དེ་རྣམས་གཏོང་ས་མི་གཏོང་བར། ཀམ་པ་ཌིར་རྫིག་པོ་ཀུ་ཤུ་རྟགས་ཅན་ཆེ་ཐག་ཆོད་རེ་ལས་བྱེད་རེ་རེར་ཉོས་འདུག་ཟེར། པེད་ཤག་ཉམས་ཐག་ལ་གཏོང་ས་ཡོད་པ་རེད་པ། མ་གཞི་ནས་དབུས་རྒྱུན་ལ་ལས་ཀ་མི་འདུག་ག མར་མེ་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ། ཞལ་འདེབས་སློང་རྒྱུར་ཀུ་ཤུ་རྟགས་ཅན་གྱི་ཀམ་པུར་ཌར་དེ་འདྲ་དགོས་སམ། གཞོན་ནུ་དབུས་རྒྱུན་གྱི་མི་ཁ་ཤས་ཀྱི་གནང་སྟངས་ལ་ཞིབ་ཏུ་གཟིགས་པ་ཡིན་ན་ཐང་ཆད་ཀྱི་རེད། དེ་བཞིན་ནང་ཁུལ་འཆམ་པོ་མེད་པ་དེ་ཡོངས་གྲགས་རེད། མི་འདིའི་རིགས་ཀྱིས་རང་གི་ཁྱིམ་ཚང་འཁྱོང་གི་མེད་དུས་བོད་ཀྱི་རྩོ་དོན་ག་ནས་འཁྱོངས། ཚེ་དབང་རིག་འཛིན་ལ་མཚོན་ན་གཞིས་ཆགས་བུ་མོ་ཉམས་ཆུང་ཞིག་ལ་བུ་གུ་གྲོད་ཁོག་ལ་བཞག་རྗེས་གཡུག་བཏང་བ་རེད། བུ་མོ་དེ་དང་བུ་གུ་གཉིས་ད་དུང་དཀའ་ངལ་ནང་ལྷག་བསྡད་ཡོད་པ་རེད། མིའི་ཁྱད་ཆོས་ཤིག་ག་ན་འདུག ངོ་ནས་གཞོན་ནུའི་གནང་སྟངས་འདི་རིགས་ལ་སུན་གི།།།

    Reply
  31. སེང་གེ་གནམ་འཆོང། says:
    ལོ་ 13 སྔོན།

    མནའ་བསྐྱལ་ནས་རང་བཙན་རེག་གི་ཡོད་ན། བོད་མི་རིགས་འདི་མནའ་བསྐྱལ་རྒྱུར་དགའ་བོ་ཡོད་པ་རེད། མནའ་བསྐྱལ་ནས་བྱང་བསྡད་ཡོད་པ་རེད། མནའ་བསྐྱལ་ནས་ཁུར་མ་བླངས་བར་བོད་ཤོར་བ་རེད། བཙན་བྱོལ་ནང་ཆུ་བཞི་སྒང་དྲུག་གིས་ཀྱང་མནའ་བསྐྱལ་གྱིན་བསྐྱལ་གྱིན་༧གོང་ས་མཆོག་དང་བོད་གཞུང་ལ་ལྟོས་མེད་བྱེད་བཞིིན་པ་རེད། བྱས་ཙང་གཞོན་ལྷན་གྱིས་རྣམ་ཐར་དེ་རྣམས་བསྐྱར་འཁྲབ་བྱེད་འདོད་ཡོད་པ་འདྲ། མནའ་བསྐྱལ་ཐོ་བཙུགས་མནའ་ཟོས་ན་ཉིན་ཞིག་སོ་སོའི་མགོ་གཅོག་ཏུ་གྱུར་ནས་ཅི་གང་རེག་གི་མ་རེད། མ་གཞི་ནས་མནའ་བསྐྱལ་ཟེར་བ་འདི་གཡོ་འཁྲབ་ཅིག་ཀྱང་རེད། རྫུན་མ་ཐོན་རྒྱུ་མང་དྲག་ན་མནའ་ཟེར་བ་འདི་མང་པོ་བསྐྱལ་དགོས་པ་རེད། ཕྱོགས་གཅིག་ནས་རང་བཙན་འཐབ་རྩོད་པ་ཉུང་དུ་འགྲོ་བ་དང། ཡོད་མཁན་རྣམས་ཀྱང་སེམས་ཤུགས་ཆག་འགྲོ་སྐབས་མནའ་བསྐྱལ་ནས་རང་བཙན་གྱི་འཁྲབ་གཟུགས་འདྲ་ཞིག་འཕྱར་འདོད་ཡོད་ན་གནས་ཚུལ་ཁ་ཁ་རེད་མ་གཏོགས། དེ་མིན་མནའ་བསྐྱལ་བ་ཟེར་བ་འདི་ངོ་ཚ་བའི་གནས་རེད། གཉིས་ནས། མནའ་ཚིག་ག་རེ་རེད། དཀོན་མཆོག་གསུམ་རེད་དམ། ཆོས་སྲུང་དམ་ཚིག་ཅན་རྣམས་རེད། ཡང་ན་༧རྒྱལ་བ་རིན་པོ་ཆེ་རེད་དམ། དཀོན་མཆོག་གསུམ་དྲང་པོ་དང་ཐབས་མཁས། རང་གཞན་གཉིས་ཕན་གྱི་ལས་ལ་མ་གཏོགས་ཐུགས་མི་དགྱེས་པ་ཐག་ཆོད་རེད། དེས་ན་དཀོན་མཆོག་གསུམ་མནའ་བསྐྱལ་ཀྱང་དེ་བཞིན་ཐབས་ལམ་ཚད་ལྡན་ཞིག་རེག་གི་རེད་དམ་མ་རེད། ངས་བལྟས་ན་གཏན་ནས་རེག་མདོག་ཁ་བོ་མ་རེད། ཆོས་སྲུང་དམ་ཚིག་ཅན་རྣམས་མནའ་བསྐྱལ་བ་ཡིན་ན། སྲུང་མ་དམར་ནག་གཉིས་ཀྱིས་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་གནང་གི་ཡོད་པ་རེད། དེས་ན་དོལ་རྒྱལ་མ་གཏོགས་གཞོན་ནུ་ལྷན་ཚོགས་ལ་ལྷག་མི་འདུག གསུམ་རྒྱལ་བ་རིན་པོ་ཆེ་མནའ་བསྐྱལ་བ་ཡིན་ན། ༧གོང་ས་མཆོག་གི་དགོངས་གཞི་དང་མི་མཐུན་པ་ཞིག་དང། དགོངས་གཞི་དང་མི་མཐུན་ཡང། རང་བཙན་སྒྲུབ་པའི་ཚུལ་མཐུན་ཐབས་ལམ་མེད་མཁན་དག་གིས་༧གོང་ས་མཆོག་མནའ་བསྐྱལ་བ་ཡིན་ན། ལས་འབྲས་ཀྱིས་འབྲས་བུ་ངན་པ་འབྱུང་བ་ཐེ་ཚོམ་མེད་པ་རེད། དེ་བས་གཞོན་ལྷན་གྱིས་འདྲ་མི་འདྲ་བྱེད་རྒྱུ་ལས། ཐབས་ལམ་ཡག་པོ་ཞིག་ལོ་གཅིག་གཉིས་ནང་བཙལ་རྒྱུའི་མནའ་བསྐྱལ། ལོ་གཅིག་གཉིས་ནང་མ་རྙེད་ན། རང་བཙན་འཐབ་རྩོད་སྒོ་རྒྱག་རྒྱུའི་དམ་བཅའ་བཞག་ན་དེས་མི་དགའ་འམ།། དངོས་གནས་ཡིན།།

    Reply
  32. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རང་བཙན་སླར་གསོའི་ཆེད་མནའ་སྐྱེལ་དམ་འཇོག་བྱས་ན་གསང་བའི་ཐོག་ནས་བྱེད་དགོས་པ་ལས། འདི་ལ་ལས་འགུལ་གྱི་མིང་གཅིག་བཏགས་ནས་ཁྱབ་སྒྲག་བྱས་པ་འདིས་མི་མང་ལ་མགོ་སྐོར་ཚུད་ཐབས་མིན་ནམ་ཞིག་མི་འདུག་གམ།

    Reply
  33. རྟམ་ཁོ། says:
    ལོ་ 13 སྔོན།

    ཧ་ཅང་དགའ་བོ་བྱུང་། བོད་རང་བཙན་སླར་གསོའི་འཆར་གཞི་དང་ཐབས་ལམ་ཞེས་པའི་བརྗོད་གཞི་འདི་མ་གླེང་ཀ་མེད་ཀྱི་བརྗོད་གཞི་ཞིག་ཡིན་པ་མ་ཟད་བརྗོད་གཞི་འདིའི་ཆེད་དུ་བོད་མི་སྤྱི་དང་བགྲོ་གླེང་ཚོགས་ཞུགས་པ་ཡོངས་ཀྱིས་ཀླད་པ་སྤྲུགས་རྒྱུ་མེད་ན་སྤྲུགས་དགོས་སྙམ། བོད་ཀྱི་བདེན་དོན་རྩོད་པའི་ཆབ་སྲིད་འཐབ་རྩོད་ནང་འགལ་བ་ཅན་གྱི་ཆབ་སྲིད་ལམ་ལུགས་སྣ་ཚོགས་ངེས་པར་ཡོང་དགོས་པར་བརྟེན་ལས་འཆར་འདི་དབུ་མའི་ལམ་དང་འགལ་བར་སྨྲས་ཏེ་མི་དགོས་པར་སྨྲ་མཁན་རྣམས་ཀྱིས་དབུ་མའི་ལམ་ལ་རྨོངས་དད་དེ་འདྲ་རང་མ་གནང་བར་ཞུ། དེ་ལྟ་བུའི་རྨོངས་དད་ཀྱིས་ང་ཚོ་སྔར་ཡང་བསྐྱབས་མ་མྱོང་ལ་ཕྱིས་ཀྱང་བསྐྱབ་མི་སྲིད་དོ།། བོད་རང་བཙན་སླར་གསོའི་གནའ་སྐྱེལ་དམ་འཇོག་འདི་ཡང་ལས་དོན་བསྒྲུབ་པར་རྟིང་སྐུལ་གྱི་རྐྱེན་དུ་འགྲོ་བས་ཡག་པོ་འདུག

    Reply
  34. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    གཞོན་ནུ་ལྷན་ཚོགས་འདི་ཁ་ཡོད་ལག་ཡོད་གནང་མཁན་ཞིག་རེད། ལས་འགུལ་ཞིག་སྤེལ་དགོས་ན་མདུན་དུ་ཐོན་ཡོང་ལ་སྤྱི་ཚོགས་ཞབས་ཞུ་ལ་ཆ་བཞག་ན། དཔེར་ན་དུས་དབང་ལྟ་བུར་མཚོན་ན་དམངས་ལ་ཞབས་ཞུའི་ཐད་ཡིད་རངས་ཞུ་དགོས་པ་འདུག། དེ་མིན་གསར་དུ་དབུ་བརྙེས་པའི་དབུ་མའི་ལས་འགུལ་ཚོགས་པ་ལ་གཅིག་གཟིགས་དང་། སྤྱི་ཚོགས་ནང་དབྱེན་དཀྲུག་བྱེད་རྒྱུ་དང་༧སྐུ་མདུན་དང་མི་དམངས་བར་དམ་ཚིག་མེད་པ་བཟོ་མཁན་འདྲ་ཞིག་འདུག། མ་ཟད་ལས་འགུལ་ལ་མཚོན་ན་ད་བར་ཅི་ཞིག་སྤེལ་འདུག། དམངས་གཙོའི་སྤྱི་ཚོགས་ནང་རང་ལྟ་མཆོག་འཛིན་དང་གཞན་ལྟ་འབུར་བཅོམས་ཀྱིས་རང་ལྟ་ཁྱབ་སྤེལ་གཏོང་རྒྱུ་དེ་ཁོ་ཚོའི་ལས་འགུལ་ཆགས་འདུག་ལ། སྤྱི་ཚོགས་ཞབས་ཞུ་ལ་མཚོན་ན་མཐོང་མཐོང་རིག་རིག་མེད་པ་དེ་རེད།

    ད་རེས་མནའ་སྐྱེལ་དམ་འཇོག་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པ་མཉམ་བཞུགས་གནང་ན་ཅི་འདྲའི་མི་ལེགས་སམ།

    Reply
  35. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    ཅི་ཞིག་བཤད་ཀྱང་ཆོག་་་་རང་དགར་མ་བསྡད་པར་ལས་འགུལ་ཞིག་སྤེལ་ན་འགྲིག་གི་ཡོད་པ་རེད་་་་་མི་ཚང་མའི་འདོད་པ་གཅིག་གྱུར་ཏུ་ཁེངས་པ་ཞིག་ཡོང་གི་མ་རེད་་་་་་གཞོན་ནུ་ཚོགས་པའི་ལས་འགུལ་ལ་རྗེས་སུ་ཡི་རང་ཡོད་་་་

    Reply
  36. མི་ཆུང་། says:
    ལོ་ 13 སྔོན།

    བསམ་གླིང་ཚེ་རིང་ལྷ་མོ་ལགས། གཞོན་ལྷན་གྱི་བྱས་རྗེས་འགའ་ཤས་ཞིག་འདིར་གསུང་རོགས། མི་མང་ཚོར་ཕན་ངེས་རེད།

    ད་དུང་ཨ་གཙང་གནས་རྒྱམ། མ་ཤེས་ཤེས་འདོག་མ་བྱེད། གཞོན་ལྷན་གྱི་ལངས་ཕྱོགས་དང་དབུ་མའི་ལམ་གྱི་ལངས་ཕྱོགས་ཇི་ལྟར་གཅིག་པ་ཡིན་ནམ། དམིགས་ཡུལ་གཅིག་པ་རེད་བརྗོད་ན་མི་འགྲིགས་པ་དེ་ཙམ་མེད། ཕྱོགས་གཉིས་ཀས་བོད་མའི་བདེ་སྐྱིད་ཀྱི་སླད་དུ་ཡིན་པས་རེད།

    འོན་ཀྱང་ལངས་ཕྱོགས་ནི་གཅིག་ཤོས་ཀྱིས་རྒྱལ་ཁབ་རང་བཙན་རང་བདག་ཏུ་འདོད་པ་དང་། གཅིག་ཤོས་ཀྱིས་དེང་གི་གནས་བབ་ལ་བཞིག་སྟེ་རྒྱ་ནག་མངའ་འོག་ཚད་མཐོའི་རང་སྐྱོང་འདོད་པ་རེད། དེ་གཉིས་བྱིས་པ་ཞིག་གིས་བལྟས་ཀྱང་ཐ་དད་རེད། ཕལ་ཆེར་དེ་རིང་བི་རག་ཏོག་ཙམ་རག་པ་མིན་འགྲོ

    Reply
  37. ཨ་གཙང་གནས་རྒྱམ། says:
    ལོ་ 13 སྔོན།

    ཡ་དྲ་གྲོགས་ཚོ་ཁྱེད་ཚོས་ནུའི་ལངས་ཕྱོགས་དེ་དབུ་མའི་ལམ་གྱི་འགལ་ཟླ་ཡིན་སྙམ་པ་སོགས་ནི། ཁྱོད་ཚོས་ཆབ་སྲིད་མི་ཤེས་པའི་རྟགས་རེད། ད་གླེན་རྟགས་མང་བོ་མ་སྟོན་ཤེས་བྱ་ཐམས་ཅད་ལེབ་ལེབ་མིན་པ་ཤེས་པར་གྱིས།

    Reply
  38. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 13 སྔོན།

    བོད་ནང་གི་བོད་མའི་བདེ་སྡུག་ལ་ལྟོས་དང་།གྲོས་ཆོད་ཀྱི་གཞི་རྩ་སུ་འཛིན་གྱི་ཡོད།ལྟ་བ་གཙོ་བོ་མ་འཛིན་བོད་མའི་བདེ་སྡུག་གཙོ་བོར་བཟུང་དང་བོད་ཆོལ་ཁ་རེད།

    Reply
  39. གོང་ཐུབ། says:
    ལོ་ 13 སྔོན།

    ད་འདི་འདྲའི་མཆན་རིགས་ལ་མི་བལྟ་རྒྱུའི་མནའ་ཞིག་བསྐྱལ་ཡོད། བོད་ཡིག་མ་ཤེས་ན་ཡག་པ་ལ། ཨ་ཁ་ཁ་ཁ།

    Reply
  40. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 13 སྔོན།

    གཞོན་ནུ་ལྷན་ཚོགས་ནི་ད་བར་བྱས་རྗེས་ཆེ་ཤོས་ཀྱི་ཚོགས་པ་ཞིག་རེད། ཁོང་ཚོའི་རླབས་ཆེན་གྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་མ་ཐུབ་ཀྱང་སྐྱོན་བརྗོད་རྐྱང་བྱེད་པ་དེ་ཤ་ཁྲག་གཅིག་པའི་སྤུན་ཟླ་ཞིག་གི་གནང་སྟངས་མ་རེད།

    Reply
  41. རེབ་ཐོག་མདའ says:
    ལོ་ 13 སྔོན།

    གཞོན་ནུ་ལོ་ལོ
    ད་ཁྱོད་ཚོས་ཆོ་མེད་པའི་ལས་གཞི་དེ་འདྲ་བསྒྲུབ་ནས་སྒོར་འཕྲོ་བརླགས་ལ་མ་གཏོང་། ཁྱོད་ཚོ་སུ་ཞིག་ལ་ཁ་གཏད་བྱེད་ཀྱིན་ཡོད་། ཁྱོད་ཚོས་སྐད་ཆའི་རྒྱབ་ལྗོངས་ལ་བལྟས་ན་དབུ་མའི་ལམ་ལ་ཁ་གཏད་ལངས་ཀྱིན་ཡོད་པ་འདྲ་བོ་འདུག། མནའ་བསྐྱལ་དང་མ་བསྐྱལ་ཡོད་པ་མ་རེད། དེའི་ཚབ་ལ་ཁྱོད་ཚོས་ཁ་ཡོད་ལག་ཡོད་གིས་བོད་ནང་གི་གནས་སྟངས་དེ་དག་ལ་ལས་གཞི་ཡག་པོ་ཞིག་བཟོས་ནས་རྒྱལ་སྤྱིའི་སྟངས་ལ་རྒྱབ་སྐྱོར་དང་རྒྱ་ནག་ལ་གནོན་ཤུགས་སྤྲད་ཐུབ་པའི་ལས་གཞི་འདྲ་བྱས་ན་འགྲིག་པར་བསམ།
    ད་དུང་ཁྱོད་ཚོ་ལས་དོན་ཡོངས་རྫོགས་རྗེས་ལ་བཞག་པ་ཡིན་ན་ནམ་རིང་བའི་རྨི་ལམ་མང་ཟེར་བའི་དཔེར་ལྟར་ལས་དོན་ལེགས་འགྲུབ་བྱུང་རྒྱུ་གཅིག་ཀྱང་ཡོད་པ་མ་རེད།

    Reply
  42. ཟླ་བ་བསོད་ནམས། says:
    ལོ་ 13 སྔོན།

    བོད་སྤྱི་བའི་རྩ་དོན་ཆེད་དཔའ་ཁས་ལེན་དང་མདུང་ཕྲག་ཁུར་བྱེད་དགོས་རྒྱུ་རེད། མི་ལོ་དུ་མའི་སྔོན་གྱི་བོད་བཙན་པའི་སྐབས་སུ་ཡང་མནའ་གན་མཐུ་ཆེན་བཞག་ནས་དཔའ་སྟོབས་བསྐྱེད་མྱོང་ཡོད་པ་རེད་ལ། ད་ལྟའི་དུས་སུ་ཡང་རྒྱལ་ཁབ་གང་རུང་ན་དགའ་ཁས་ལེན་གྱིས་རང་སྲུང་བཙན་རྒོད་བྱེད་དང་བྱེད་ཀྱིན་པ་རེད། འདི་མི་འོས་བ་ཞིག་དང་མི་མཚམས་པའི་གནད་འགག་གང་ཡང་མི་འདུག དེར་བརྟེན་གཉའ་ནང་ཕུར་ཐོགས་དང་སྐར་མདའ་གཉིས་ཀྱིས་ཁ་གསལ་གྱི་གནས་ལུགས་རེ་བཤད་རྒྱུ་མཁྱེན་མཁྱེན།

    Reply
  43. སྟོང་བཙན་མགར་བུ། says:
    ལོ་ 13 སྔོན།

    མནའ་ཚིག་བསྒྲགས་པ་ལས། ཐ་ཚིག་འདྲ་བསྒྲགས་རྒྱུ་མེད་དམ།

    Reply
  44. མྱི་དཀར says:
    ལོ་ 13 སྔོན།

    འདྲེ་མདའ་ཡང་འདིར་སླེབས་འདུག་ཁ་ཙུམ་

    Reply
  45. སྐར་མདའ། says:
    ལོ་ 13 སྔོན།

    མནའ་གན་དང་གྲོས་ཆོད་ག་ཚད་ཅིག་བཞག་མ་སོང་ངམ།

    Reply
  46. སྐར་མདའ། says:
    ལོ་ 13 སྔོན།

    སྔོན་ཆད་གཞོན་ལྷན་ལ་རེ་བ་ཆེན་པོ་བརྒྱབ་མྱོང་། རེ་བ་དེ་ཡང་ལོ་ངོ་ཉི་ཤུའི་གོང་ཙམ་ནས་ཡིན། དེ་དུས་ཀྱི་གཞོན་ལྷན་གྱི་ལས་ཕྱོགས་དང་། ད་ལྟའི་གཞོན་ལྷན་གྱི་ལས་ཕྱོགས་བར་ལ་དུས་ཚོད་རིམ་ཟད་གྱི་ཁྱད་པར་ཙམ་ལས། མི་རིགས་དང་རྒྱལ་ཁབ་ཅིག་གི་ཆེད་དུ་མདུན་སྐྱོད་འདི་བྱས་སོང་བསམ་པ་ཞིག་དྲན་ངོར་མི་སྣང་། ལག་ལེན་གསེར་གྱི་ཐིགས་པ་དང་། ཁ་བཤད་ཆུ་ཡི་ཝུ་བ་རང་རེད།

    Reply
  47. གཉའ་ནང་ཕུར་ཐོགས། says:
    ལོ་ 13 སྔོན།

    ཧ་ཧ་ཧ་ཧ། ངོ་མ་ཨུ་ཐུག་པའི་བྱེད་སྟངས་ཤིག་རེད། ཡང་ཕྱོགས་གཞན་ཞིག་ནས་བསམ་ན། མི་དྲན་དགུ་དྲན་དང་མི་བྱེད་དགུ་བྱེད་ཅིག་འདོད་ཀྱི་ཡོད་པ་རེད།
    མནའ་ཇི་ལྟར་སྐྱེལ་རྒྱུ་ཡིན་ནམ། དཔེར་བརྗོད།
    བདག་་་་་་་་་་་་་་་་་་་་་ཞེས་བགྱི་བ། བོད་ཀྱི་གཞོན་ནུ་ཚོགས་ཀྱི་ཚོགས་མིར་ཞུགས་པ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། བོད་རང་བཙན་སླར་གསོའི་ལས་དོན་གྱི་བྱེད་སྒོ་མཐའ་དག། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞིའི་བླངས་དོར་འགལ་མེད་ཐོག འཇིགས་ཞུམ་མངོན་ལྐོག་མེད་པར། སྙིང་སྟོབས་ཆོད་སེམས་བརྟན་པོས་སྒོ་ནས། རང་ལུས་གང་ཐེག་ཞུ་རྒྱུའི།
    མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།
    བོད་རྒྱལ་ལོ་་་་་་་་་་་་་་་་་་་ཟླ་་་་་་་་་་་་ཚེས་་་་་་་་་་་་་ལ། ཕྱི་ལོ་་་་་་་་་་་་ཟླ་་་་་་་་་་ཚེས་་་་་་་་་་་ཉིན་ལ། ་་་་་་་་་་་་་་་་་་་་་་་་་།

    རང་བཙན་སླར་གསོའི་ཆེད་མནའ་ཞིག་སྐྱེལ་རྒྱུ་ཡོད་ན། འདི་ལས་གཞན་པའི་མནའ་ཞིག་སྐྱེལ་སྟངས་ཡོད་་པ་་མ་རེད།

    གལ་སྲིད་འདི་ལྟར་མནའ་སྐྱེལ་བ་ཡིན་ན། མནའ་དང་མནའ་ཚིག་ནང་འགལ་ཆགས་ཡོད་པ་མ་ཟད། རང་བཙན་སླར་གསོའི་ལས་དོན་ཞེས་རང་སྐྱ་བ་ཞིག་བཤད་ནས་སྡོད་ས་ཡང་ལྷག་མེད། གལ་སྲིད་བཅའ་ཁྲིམས་མགོ་རུ་མ་བཞག་པར་མནའ་ཞིག་སྐྱེལ་རྒྱུ་ཡིན་ཚེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལས་སོགས་སུ་ཐོན་པ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ཁྱབ་ཚད་ལས་ལོགས་སུ་ཐོན་པ་རེད། མདོར་བསྒྲིལ་ན་བོད་གཞིས་བྱེས་རྒྱ་ཆེའི་མི་མང་ལས་ལོགས་སུ་ཐོན་པ་རེད།

    དེ་ལ་མནའ་ཞིག་ཡོད་པ་ནི། “རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་དང་དགོངས་པ་གཉིས་ཀ་རྒྱབ་ཏུ་འདོར་ཕོད་པའི་སྙིང་སྟོབས་དང་ཆོད་སེམས་བརྟན་པོ་ཡོད” ཅེས་མནའ་ཚིག་བོར་བ་དང་གཉིས་སུ་མེད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese