མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲེལ་མོལ་བསྐྱར་གསོ་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུཊ་ཀྱིས་གསལ་བསྒྲཊ་ཤིག་སྤེལ་ཏེ། ཟླ་རྗེས་མར་འཚོཊ་འཆར་ཡོད་པའི་རྒྱལ་ཚོཊ་ཚོཊ་ཆེན་སྟེང་། འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་ནང་སྐུ་ཚབ་ཚོཊ་པ་དང་གསར་འགོད་པ་ཆེད་གཏོང་ཡོང་བའི་རེ་སྐུལ་ཞུས་འདུག 

ཁ་སང་ཕྱི་ཚེས་ ༣༠ དབུས་བོད་མིའི་སྒྲིག་འཛུཊ་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་དང་། གསལ་བསྒྲགས་དེའི་འཁོད་དོན། བོད་ནང་གི་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་བོད་མིའི་སྒྲིག་འཛུཊ་ལ་སེམས་འཚབ་ཆེན་པོ་ཡོད། ང་ཚོས་བོད་མི་ཚོར་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་ནམ་ཡང་མ་སྤེལ་རོཊ་ཞེས་འབོད་སྐུལ་ཡང་ཡང་ཞུས་ཀྱང་། ༢༠༠༩ ལོའི་ཕྱི་ཟླ་ ༢ ནས་ད་བར་རང་ལོ་ ༡༦ ནས་ ༦༤ བར་སོན་པའི་བོད་མི་སྐྱ་སེར་དང་སློབ་ཕྲུག འབྲོག་པ། ཞིང་པ་སོཊ་མི་གྲངས་ ༥༡ ཙམ་གྱིས། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་སྒྲ་སྒྲོག་བཞིན་རང་ལུས་མེར་བསྲེཊ་བཏང་ཡོད། བོད་ས་ཡོངས་རྫོཊ་དམག་ཁྲིམས་ཀྱིས་བསྡམས་པའི་གནས་སྟངས་འོག ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་དང་གསར་འགོད་པ་སུ་གཅིག་ཀྱང་བོད་ནང་དུ་གཏོང་གི་མེད། རྒྱ་གཞུང་གིས་བོད་མིའི་ཐོག་དམ་དྲག་ཅན་གྱི་སྲིད་བྱུས་མུ་མཐུད་འཛིན་བཞིན་པ་དེས། བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་ལས་འགུལ་མ་སྤེལ་ཐབས་མེད་ཆགས་བཞིན་ཡོད་ཅེས་འཁོད་འདུག

གསལ་བསྒྲགས་དེར་མུ་མཐུད་འཁོད་དོན། བོད་ནང་བོད་མི་དེ་དག་གིས་རང་ལུས་མེར་བསྲེཊ་གཏོང་བའི་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་སྤེལ་དགོས་པའི་འགན་འཁྲི་ཆ་ཚང་རྒྱ་གཞུང་ལ་ཡོད་པ་མ་ཟད། དཀའ་ངལ་དེ་སེལ་རྒྱུའི་ཐབས་ལམ་ཡང་རྒྱ་གཞུང་ཁོ་ནར་ཡོད་དགོས། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཨ་རི་དང་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ། ཨོ་སི་ཊོ་ལི་ཡ། ཁེ་ན་ཌ། ཅེག་སྤྱི་མཐུན་རྒྱལ་ཁབ། ཧྥ་རན་སི། འཇར་མན། ཨི་ཊ་ལི། ཉི་ཧོང་། པོ་ལན་ཌི། ལྷོ་ཨ་ཕི་རི་ཁ་སོཊ་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་སྲིད་གཞུང་དང་། རྒྱལ་སྤྱིའི་སྤྱི་ཚོགས། གྲོས་ཚོཊ་བཅས་ཀྱིས་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བསྟན་ཡོད་ལ། གྲོས་ཆོད་བཞག་པ་དང་རྒྱ་གཞུང་ལ་རེ་སྐུལ་ཞུས་ཏེ་བོད་ནང་དམ་དྲག་ཆུང་དུ་བཏང་སྟེ། གྲོས་མོལ་གྱི་ལམ་ནས་བོད་མིའི་དངོས་ཡོད་དཀའ་ངལ་སེལ་ཐབས་དགོས་རྒྱུ་ལས། བོད་མིའི་ཐུན་མིན་ངོ་བོ་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སོཊ་ལ་ཉེན་ཚབས་བཟོ་རྒྱུའི་སྲིད་བྱུས་མཚམས་འཇོག་དགོས་ཚུལ་སོཊ་བརྗོད་ཡོད་ཅེས་འཁོད་ཡོད།

མཐའ་མར་གསལ་བསྒྲགས་དེར། བོད་ནང་གི་དངོས་ཡོད་གནས་ཚུལ་ཇི་ཡིན་ཤེས་རྒྱུའི་ཐོབ་ཐང་ཡོད་པའི་རྒྱ་ནག་མི་ དམངས་ཁྲོད། བློ་གཟུ་བོར་གནས་པའི་རྒྱ་རིཊ་ཤེས་ལྡན་མི་སྣ་ཁག་ཅིག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བསྟན་ཡོད། དཔེར་ན། ཉེ་ལམ་རྒྱ་རིཊ་སྒྱུ་རྩལ་བ་གྲཊ་ཅན་ཨེ་ཝེ་ཝེ་ཡིས་རང་ལུས་མེར་བསྲེཊ་གཏོང་མཁན་བོད་མི་ཚོར། རྒྱ་གཞུང་གིས་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་སྒོ་ནས་དྲག་གནོན་བྱེད་པའི་བྱ་སྤྱོད་དེར། ང་ཚོ་ངོ་ཚ་དགོས་པ་བཟོས་སོང་ཟེར་ནས་བསྐྱོན་བརྗོད་བྱས་ཡོད། ད་ལོའི་ཕྱི་ཟླ་ ༩ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོཊ་ཀྱི་ཚོཊ་ཆེན་སྐབས། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད། རྒྱལ་སྤྱིའི་རང་དབང་ཅན་གྱི་སྐུ་ཚབ་དང་གསར་འགོད་པ་རྣམས་བོད་ནང་གཏོང་དགོས་པ་དང་། བོད་ཀྱི་གནད་དོན་སེལ་ཆེད། བོད་མིའི་སྒྲིག་འཛུཊ་དང་ལྷན་དུ་གྲོས་མོལ་བྱ་རྒྱུར་རྒྱ་གཞུང་ལ་གནོན་ཤུཊ་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༢༡ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༢༡ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    འབྲེལ་མོ་འགོ་འཛུགས་ས་དེ་རྒྱ་ནག་གཞུང་ཚབ་ནས་འགོ་བཙུགས་ནས། དེ་ནས་མཐའ་མའི་ཐག་གཅོད་དབུས་གཞུང་ལ་འབྲེལ་གཏུགས་དགོས་སམ་སྙམ་ལགས།

    Reply
  2. གནས་ཚང་། says:
    ལོ་ 14 སྔོན།

    ཁོ་རེ་ཁྱབ་བསྒྲགས་འདྲ་སྤེལ་ནས་ཡོང་ཡ་ཞིག་མི་འདུག གལ་སྲིད་བཀའ་ཁྲིའམ། སྲིད་སྐྱོང་བློ་སེང་གིས་བོད་དོན་ལ་འགྱུར་བ་གཏོང་བསམ་གྱི་ཡོད་ན།བོད་ནང་གི་ཛ་དྲག་གི་དུས་སྐབས་འདི་གོ་སྐབས་སུ་བཟུང་ནས་མཉམ་སྦེལ་རྒྱལ་ཚོགས་མདུན་ཐང་དུ་བསྐྱོད་ནས་ཕྱག་མཛུབ་རྐང་གཅིག་མཆོད་མེར་ཕུལ་ནས་འཛམ་གླིང་ལ་ཞུ་བ་བྱེད་རན་འདུག དེ་དུས་དོན་ཆེན་གསུམ་བྱུང་གི་རེད། ༡ འཛམ་གླིང་མི་མང་གི་རྒྱབ་བསྐྱོར་ཤུགས་ཆེན་དུ་གཏོང་ཐུབ་ཀྱི་རེད། ༢ བོད་ནང་དུ་ལས་འགུལ་ཛ་དྲག་གི་ཕྱོགས་སུ་འཕེལ་གྱི་རེད་ལ། རྒྱ་གཞུང་གི་དྲག་གནོན་ཡོང་གི་རེད། ༣ གོ་སྐབས་དེ་བཟུང་ནས་རྒྱལ་སྤྱིའི་དྲག་པོས་ཐེ་ཇུས་བྱེད་པར་འབོད་བསྐུལ་གནང་དགོས་ཀྱི་རེད་ལ། ཕྱི་སྡོད་བོད་མི་ཚང་མས་ཀྱང་གཞོགས་འདེགས་གནང་ངེས་རེད།

    སྐབས་དེར་ཏན་ཏན་འགྱུར་བ་ཞིག་ཡོང་གི་རེད། ལོ་རྒྱུས་ཀྱིས་སྲིད་སྐྱོང་ལ་གོ་སྐབས་གནང་ཤག སྲིད་སྐྱོང་རང་ནས་གོ་སྐབས་དེ་དམ་འཛིན་གནང་མིན་ལོ་རྒྱུས་སུ་རང་ཉིད་ག་འདྲ་ཞིག་འགོད་མིན་ལ་ཐུག་ཡོད།

    སྤྱི་འཐུས་ཚོགས་གཙོ་མཆོག་གིས་དོན་ཆེན་འདི་བསྒྲུབ་ནའང་འགྲིག་གི་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་ དཔེར་ན། ཉེ་ལམ་རྒྱ་རིཊ་སྒྱུ་རྩལ་བ་གྲཊ་ཅན་ཨེ་ཝེ་ཝེ་ཡིས་རང་ལུས་མེར་བསྲེཊ་གཏོང་མཁན་བོད་མི་ཚོར། རྒྱ་གཞུང་གིས་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་སྒོ་ནས་དྲག་གནོན་བྱེད་པའི་བྱ་སྤྱོད་དེར། ང་ཚོ་ངོ་ཚ་དགོས་པ་བཟོས་སོང་ཟེར་ནས་བསྐྱོན་བརྗོད་བྱས་ཡོད། ་་་ཟེར།

    Reply
  4. སྐར་མདའ། says:
    ལོ་ 14 སྔོན།

    བཀའ་ཟུར་ཟམ་གདོང་རིན་པོ་ཆེས་བརྗོད་ཚིག་སྟེ་བོད་རྒྱ་འབྲེལ་མོལ་ཙམ་ཡང་མ་བྱུང་ན། ཐད་ཀའི་གྲོས་མོལ་ཟེར་བ་ནི་མོ་གཤམ་གྱི་བུ་རེད། དེ་ནི་མི་མང་ལ་མགོ་སྐོར་གཏོང་བྱེད་རང་རེད། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་གྲོས་མོལ་ལྟ་ཅི། ཕྱི་ཚུལ་ལ་འབྲེལ་མོལ་ཙམ་ཡང་འཛིན་ཁག་པོ་རེད། བོད་རེ་བས་ཕོངས། བོད་རེ་བས་ཕོངས། ད་དུང་ལོ་ག་ཚོད་བར་དུ་འདི་འདྲ་བཤད་ནས་སྡོད་ཀྱི་ཡིན་ནམ།????? གོ་རྟོགས་དང་ངེས་ཤེས་མེད་པའི་ལས་སྣེ་བ་ཚོ།།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese