མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༡༡ ཕྱིར་ཕུད།

བོད་ཀྱི་དུས་བབ།
༢༠༡༢/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

འགྲམ་དང་ནང་པ་ལ་བརྒྱུད་ཕྱིར་བོད་ནང་ལོག་མཁན་བོད་མི་ ༡༡ རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་རྗེས། ཕྱིར་བལ་ཡུལ་ནང་ཕྱིར་ཕུད་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་གཞིས་ཀ་རྩེ་བཀག་ཉར་ཁང་གིས། རྒྱ་གར་ནང་ལོ་ཤས་རིང་སློབ་སྦྱོང་བྱས་རྗེས་ཕྱིར་འགྲམ་བརྒྱུད་དེ་བོད་ནང་ལོག་མཁན་གྱི་བོད་མི་ ༡ དང་། འདི་ལོའི་ལོ་མགོར་དུས་འཁོར་དབང་ཆེན་ཞུས་པ་དང་། རྒྱ་གར་དང་བལ་ཡུལ་གྱི་གནས་ཆེན་ཁག་ལ་མཇལ་རྗེས། ཤར་ཁུམ་བུ་བརྒྱུད་བོད་ནང་ལོག་མཁན་གྱི་བོད་མི་ ༡༠ བཅས་ཁྱོན་མི་ ༡༡ ། འགྲམ་དང་ནང་པ་ལ་མཐའ་མཚམས་དམག་མིས་འཛིན་བཟུང་བྱས་རྗེས་གཞིས་རྩེར་བཀག་ཉར་ཁང་དུ་རྩིས་སྤྲོད་ཀྱིས། ཟླ་ ༣ དང་ཉིན་ ༡༥ རིང་ངལ་རྩོལ་བསྒྱུར་བཀོད་བྱས་པ་དང་ཁོང་ཚོའི་ལག་འཁྱེར་ཆ་ཚང་གཞུང་བཞེས་བཏང་རྗེས། ཉེ་ལམ་ཕྱིར་བལ་ཡུལ་ནང་ཕྱིར་ཕུད་བཏང་ཡོད་འདུག 

ཐེངས་འདིར་རྒྱ་ནག་གཞུང་གིས་ཕྱིར་ཕུད་བྱས་པའི་བོད་མི་དེ་དག་དིང་རི་རྫོང་ཁོངས་ཀྱི་གྲོང་གསེབ་ཁག་ཅིག་ནས་ཡིན་འདུག་ལ།  ཕྱི་ཚེས་ ༣༠ ཉིན་ཁོང་ཚོ་བལ་ཡུལ་གྱི་ཧུའུ་རོང་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྟ་རྟོག་ལས་ཁུངས་བཅས་ཀྱིས་རོགས་རམ་འོག བལ་ཡུལ་བོད་མི་སྣེ་ལེན་ཁང་དུ་རྩིས་སྤྲོད་བྱས་ཡོད་ཀྱང་། ཁོང་ཚོ་མང་ཆེ་བ་བོད་ནང་གཏན་སྡོད་བྱེད་མཁན་ཡིན་པ་དང་། དེའི་ཁྲོད་ཀྱི་བོད་མི་ ༦ ལ་བོད་ནང་བཟའ་ཟླ་བུ་ཕྲུག་ཡང་ཡོད་སྟབས། ད་ལྟའི་ཆར་ཕྱིར་བོད་ནང་ལོག་མ་ཐུབ་པའི་དཀའ་ངལ་ནང་ལྷུང་ཡོད་འདུག

གནས་ཚུལ་ཤེས་རྟོགས་བྱུང་བྱ་ལྟར་ན། འདི་ལོའི་ལོ་མགོ་ནས་བཟུང་རྒྱ་གཞུང་གིས་རྒྱ་གར་དང་བལ་ཡུལ་ནང་གཉེན་འཕྲད་ཡོང་སྟེ་ཕྱིར་ལོག་མཁན་གྱི་བོད་མི་ཚོ་གང་བྱུང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་གར་དང་བལ་ཡུལ་ནང་གཉེན་འཕྲད་དུ་ཡོང་སྟེ། ཕྱིར་བོད་ནང་ལོག་མཁན་གྱི་བོད་མི་ ༥ ལྷ་རྩེ་དང་དིང་རི། འགྲམ་བཅས་ས་གནས་ཁག་ཏུ་འཛིན་བཟུང་གིས། ཟླ་བ་ ༤ ལྷག་རིང་གཞིས་ཀ་རྩེར་བཀག་ཉར་བྱས་རྗེས་ཕྱིར་བལ་ཡུལ་ནང་ཕྱིར་ཕུད་བྱས་ཡོད། 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་ཁྱོན་མི་ ༡༡ ། འགྲམ་དང་ནང་པ་ལ་མཐའ་མཚམས་དམག་མིས་འཛིན་བཟུང་བྱས་རྗེས་གཞིས་རྩེར་བཀག་ཉར་ཁང་དུ་རྩིས་སྤྲོད་ཀྱིས། ཟླ་ ༣ དང་ཉིན་ ༡༥ རིང་ངལ་རྩོལ་བསྒྱུར་བཀོད་བྱས་པ་དང་ཁོང་ཚོའི་ལག་འཁྱེར་ཆ་ཚང་གཞུང་བཞེས་བཏང་རྗེས། ཉེ་ལམ་ཕྱིར་བལ་ཡུལ་ནང་ཕྱིར་ཕུད་བཏང་ཡོད་འདུག ་་་ཟེར་ན།
    ག་རེ་ཟེར་བགྱིད་ཡོད་རེད། དེ་ཚོའི་རིགས་ཀྱི་ལག་འཁྱེར་ངོ་བཤུས་འཁྱེར་ནས་རྒྱ་གཞུང་ལ་ཁྲིམས་རྩོད་བྱེད་ཐུབ་པ་དགོས། དེ་ནི་བཙན་བྱོལ་སྒྲིག་འཛུགས་དང་གཞོན་ནུ་ཚོགས་པ་སོགས་ཀྱིས་ཀྱང་མི་འཇོན་པ་ཨ་ཡོད་སྙམ་ལགས། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese