མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཔོན་གསར་བ་གཏན་ཁེལ།

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གཞུང་གི་སྐབས་རྗེས་མའི་རྒྱུན་ལས་མི་བདུན་པོ་གཏན་ཁེལ་པ་མ་ཟད། ཅཱང་ཤོག་ཁག་ལ་ཕམ་ཉེས་ཆེན་པོ་བྱུང་ཡོད་འདུག

 དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གཞུང་དམར་ཤོག་སྐབས་ ༡༨ པའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་བདུན་ལ་གཏན་ཁེལ་ཡོད་པ་དང་། ཁོ་ཚོ་ཞིས་ཅིན་ཕེན་དང་། ཡུས་ཀྲིན་ཧྲན། ལིས་ཁི་ཆིང་། ཝང་ཀྲི་ཧྲན། ཀྲང་ཏིག་ཅང་། ལིས་ཡོན་ཁྲའོ། ཝང་ཡཱང་བཅས་ཡིན་པ་དང་། དེ་སྔའི་རྒྱ་གཞུང་ཁྲིམས་སྲིད་ལྷན་ཁང་གི་དྲུང་ཆེ་དང་དྲིལ་བསྒྲགས་ལྷན་ཁང་གི་མགོ་གཙོ་གོ་གནས་གཉིས་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ཁྲོད་ནས་ཕྱིར་ཕུད་བཏང་ཡོད་འདུག 

རྒྱ་ནག་གནད་དོན་ཉམས་ཞིབ་པ་ཧྲི་ཙང་ཧྲན་གྱིས། དེ་སྔོན་ཅཱང་ཤོག་ཁག་གིས་ ༦༡༠ གཞུང་ལས་ཁང་ནི་ཁྲིམས་སྲིད་ལྷན་ཁང་གི་ངོ་བོར་རྒྱ་སྐྱེད་བྱས་ཤིང་། བརྟན་ལྷིང་ཁ་གཡར་ཏེ་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་དང་དམངས་གཙོ་དོན་གཉེར་པ་སོགས་ལ་གཅར་རྡུང་ཁྲིམས་གཅོད་བྱས་ཡོད་པ་མ་ཟད། འདས་པའི་ལོ་ ༡༠ ལྷག་གི་རིང་རྒྱ་གཞུང་གི་གཞི་རྩའི་དབང་ཤུགས་ལ་རྟིང་འཛིན་བྱས་ཏེ། དོན་གྱིས་རྒྱ་ནག་དབུས་གཞུང་གཉིས་པ་ལྟ་བུ་ཆགས་ཡོད་ལ། ཐེངས་འདིར་ཅཱང་ཤོག་ཁག་གི་དབང་ཤུགས་ཀྱི་གཞི་རྟེན་ཁྲིམས་སྲིད་ལྷན་ཁང་དང་དྲིལ་བསྒྲགས་ལྷན་ཁང་གཉིས། རྒྱ་གཞུང་གི་ཆེས་མཐོའི་དབང་འཛིན་སྡེ་ཁག་གི་གྲས་ནས་ཕྱིར་ཕུད་བཏང་བ་དེས། མ་འོངས་པར་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་ལྡོག་ཆེན་པོ་འགྲོ་སྲིད་པ་བརྗོད་འདུག

རུའི་ཊིར་གསར་ཁང་གིས་རྒྱ་གཞུང་མཐོ་རིམ་དཔོན་རིགས་ཀྱིས་བརྗོད་པའི་གནས་ཚུལ་ལུང་འདྲེན་བྱས་པ་ལྟར་ན།  རྒྱ་གཞུང་དམར་ཤོག་སྐབས་ ༡༨ ཚོགས་ཆེན་དེ་ཕྱི་ཟླ་ ༡༠ ཚེས་ ༡༠ ནས་ ༡༨ འཚོགས་རྒྱུ་ཡིན་པ་དང་། རྒྱ་གཞུང་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ ༢༠༡༣ ལོར་དབང་ཆ་ཡོང་རྫོགས་རྩིས་སྤྲོད་བྱ་གཏན་ཁེལ་ཡོད་པ་དང་། ཁོས་མ་འོངས་པའི་ཟླ་ ༧ ནང་རྒྱལ་ཁབ་ཀྱི་སྲིད་འཛིན་དང་དམག་དོན་སྲིད་འཛིན་གྱི་དབང་ཆ་གཉིས་ཀ་མཉམ་དུ་ཞིས་ཅིན་ཕེན་ལ་རྩིས་སྤྲོད་བྱས་ཏེ། ཁོ་རང་གིས་བསྐོ་འཐེན་བྱས་པའི་སྲིན་བློན་གཞོན་པ་ལི་ཁི་ཆཱང་ལ་དམག་དོན་སྲིད་འཛིན་གཞོན་པའི་གོ་གནས་སྤྲོད་རྒྱུའི་རེ་བ་བཅིངས་ཡོད་པ་དང་། ཧུའུ་ཅིན་ཐའོ་ཡིས་དེ་ལྟར་སྒྲུབ་པའི་དམིགས་ཡུལ་གཙོ་བོ་ནི་དཔོན་རིགས་གསར་རྙིང་བརྗེ་སྤོར་གྱི་བརྒྱུད་རིམ་ཁྲོད་དཀའ་རྙོག་དེ་དག་བསྐྱར་དུ་མི་འབྱུང་བའི་ཆེད་དུ་ཡིན་འདུག 

ཞིས་ཅིན་ཕེན་གྱིས་རྒྱ་ནག་དམར་གཞུང་སྤྱི་ཁྱབ་དྲུང་ཆེ་དང་རྒྱལ་ཁབ་ཀྱི་སྲིད་འཛིན། ཡུས་ཀྲིན་ཧྲན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ། ལི་ཁི་ཆང་གིས་རྒྱལ་ཁབ་ཀྱི་སྲིད་བློན། ཝང་ཀྲི་ཧྲན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་སྲིད་བློན་གཞོན་པ། ཀྲང་ཏིག་ཅཱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ། ལི་ཡོན་ཁྲའོ་ཡིས་རྒྱལ་ཁབ་ཀྱི་སྲིད་འཛིན་གཞོན་པ། ཝང་ཀྲི་ཧྲན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ། ཝང་ཡཱང་གིས་རྒྱ་དམར་དབུས་རྩ་འཛུགས་སྡེ་ཁག་དྲུང་ཆེ་བཅས་ཀྱི་འགན་འཁུར་རྒྱུ་ཡིན་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༡༣ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

མཆན། 4

  1. ཁ་བ་པད་མའི་གླིང་གི་ང་། says:
    ལོ་ 14 སྔོན།

    ཏང་གི་རྒྱུགས་ཁྱི་རྐྱང་རྐྱང་འདེམས་ཡོད་པ་ཤ་རྟགས་རེད་གོ
    ཧཧཧཧ

    Reply
  2. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    དྲ་གྲོགས་གནས་ཚང་ལགས། གནས་ཚུལ་འདི་རྒྱ་ནག་ཕྱི་ལོག་གི་རྒྱ་ཡིག་གསར་ལམ་ཁག་མང་པོའི་ནང་ཐོན་འདུག དེ་བཞིན། ཕྲན་གྱིས་རྒྱ་གཞུང་གི་ངོས་ནས་ཕྱིར་བསྒྲགས་བྱས་འདུག་གཏན་ནས་ལབ་མེད། རྒྱ་གཞུང་དཔོན་རིགས་ནང་ཁུལ་གཏན་འབེབས་ཀྱི་གནས་ཚུལ་རྣམས་ཕྱིར་གྱར་ཏེ་གསར་ལམ་ཁག་ཏུ་ཐོན་པ་ཞིག་རེད།

    Reply
  3. གནས་ཚང་། says:
    ལོ་ 14 སྔོན།

    གྲོགས་པོ་ལགས། གསར་འགྱུར་ཨེ་འདྲ་ཞིག་ག་བ་འདུག གལ་སྲིད་འདི་ལྟར་ཐོན་ཡོད་པ་ཡིན་ན། རྒྱ་གཞུང་ལ་མང་གཙོ་མེད་པ་མཚོན་གྱི་ཡོད་པ་རེད། ཡིན་ནའི། རྒྱ་གཞུང་གིས་དེང་གི་བར་དུ་ཚོགས་འདུ་མ་བསྐོང་བའི་ཡར་སྔོན་འདི་ལྟར་ཕྱི་བསྒྲགས་བྱེད་མྱོང་ཡོད་པ་མ་རེད། མིང་ཐོག་ནས་ཚོགས་འདུ་བརྒྱུད་ནས་འོས་འདེམས་ལས་ཐོན་པ་ལྟ་བུའི་རྣམ་པ་ཤུགས་ཆེར་སྟོན་ངེས་ཡིན།

    Reply
  4. ཀླུ་ བློ་བསམ། says:
    ལོ་ 14 སྔོན།

    ངོ་བལྟས་ན་དགའ་ཏག་ཏག་མ་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese