མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆིག་སྒྲིལ་དང་རྩ་དོན་ཐོག་དོ་ཕོག་མི་འགྲོ་བ་ཞིག་ལ་དགོངས་པ་བཞེས་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བཞུགས་སྒར་གཙུག་ལག་ཁང་དུ་བོད་གཞུང་དམངས་གཉིས་ཀྱིས་དམངས་གཙོའི་དུས་དྲན་ཐེངས་ ༥༢ པ་སྲུང་གཙི་གནང་སྟེ། བཀའ་སྤྱི་གཉིས་ཀྱིས་གསུང་འཕྲིན་བསྩལ་བའི་ནང་། མང་ཚོཊ་ཀྱིས་༸གོང་ས་མཆོག་གིས་ཨི་ཊ་ལི་དང་ལ་དྭཊ་སུ་བསྩལ་བའི་བཀའ་སློབ་ལ་དོ་སྣང་བྱས་ཏེ། རང་ངོས་ནས་ཆིག་སྒྲིལ་དང་རྩ་དོན་ལ་གནོད་པའི་རིཊ་མི་གནང་རྒྱུར་འབོད་སྐུལ་གནང་སོང་།  

དེ་རིང་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་བཞུཊ་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ།  ༸གོང་ས་མཆོག་ཆིབས་བསྒྱུར་དབུ་བཞུཊ་ཐོག་དམངས་གཙོའི་དུས་དྲན་ཐེངས་ ༥༢ པ་སྲུང་གཙི་གནང་ཡོད་ཅིང་། མཛད་སྒོའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ངག་དབང་འཕེལ་རྒྱས་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་གཉིས་དང་། སྤྱི་འཐུས་ཚོཊ་གཙོ་གཞོན་རྣམ་གཉིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། བཀའ་བློན་ཁྲི་པ་བློ་བསང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ། ཨི་ཊ་ལིའི་ (QI)  ཚོཊ་པའི་སྐུ་ཚབ། དེ་བཞིན། གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ་དང་། དྷ་སའི་སེར་སྐྱ་མང་ཚོཊ་དང་སློབ་ཕྲུག ཕྱི་རྒྱལ་བ་བཅས་ཁྱོན་མི་ ༥༠༠༠ ལྷག་འཛོམས་ཡོད།

མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོཊ་པས་རྔ་རོལ་དང་བཅས་བཀའ་ཁྲི་མཆོག་གིས་བོད་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སྒྲེང་འཛུཊ་གནང་རྗེས། རྒྱལ་གླུ་དང་མང་གཙོའི་རོལ་གཞས་གྱེར་འདོན་གནང་ཞིང་། བཀའ་ཁྲི་མཆོག་གིས་ཕྱི་དྲིལ་ལས་ཁུངས་ཀྱིས་ཕྱོཊ་སྒྲིག་ཞུས་པའི་རྒྱ་ཡིག་དཔེ་དེབ་༼ བོད་ཀྱི་གནད་དོན་ཐོག་རྒྱ་རིཊ་ཤེས་ཡོན་ཅན་ཚོའི་ལྟ་ཚུལ་༽ཞེས་པ་དང་། རྣམ་གྲྭ་ཤེས་ཡོན་ལྷན་ཚོཊ་ཀྱིས་པར་སྐྲུན་ཞུས་པའི་༸གོང་ས་མཆོག་གི་བཀའ་སློབ་༼ལྟ་བའི་དཀའ་གནད་གསལ་སྒྲོན་༽ཞེས་པ་གཉིས་དབུ་འབྱེད་དང་། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུཊ་ཁྲོད། རྒྱུཊ་འབྲས་རྩེ་ཕུད་ལེན་མཁན་སེ་ལཱ་ཀོ་བོད་ཁྱིམ་ཚན་རིག་སྡེ་ཚན་གྱི་བུ་མོ་བསྟན་ འཛིན་ཟླ་བ་དང་། མཱ་སུ་རི་བོད་ཁྱིམ་སྒྱུ་རྩལ་སྡེ་ཚན་གྱི་སློབ་ཕྲུག་ཡེ་ཤེས་ཟླ་བ། མོན་གྷོ་གཏན་སློབ་ཚོང་ལས་སྡེ་ཚན་གྱི་བུ་མོ་ལྷག་པ་སྒྲོལ་མ་བཅས་ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟཊ་ཞེས་པ་ཕུལ་སོང་།   

མཛད་སྒོའི་སྔོན་འགྲོའི་ལས་རིམ་ཁག་གྲུབ་རྗེས་བཀའ་ཁྲི་མཆོག་གིས་དམངས་གཙོའི་དུས་དྲན་ཐེངས་ ༥༢ པའི་བཀའ་ཤག་གི་གཏམ་བཤད་སྒྲོག་སྦྱངས་གནང་བའི་ནང་། “ བོད་ནང་སྨྲ་བརྗོད་རང་དབང་གི་གོ་སྐབས་ཕྲ་མོ་ཙམ་ཡང་མེད་པར། སྤྱིར་བཏང་མང་ཚོཊ་ཀྱི་བསམ་ཚུལ་བཤད་སའི་བརྒྱུད་ལམ་ཡོངས་རྫོཊ་བཀག་ཏེ། རྔམ་སྟོན་ཁྲོམ་སྐོར་ཙམ་གྱིས་ཀྱང་འཛིན་བཟུང་མནར་གཅོད་དང་། སྲོག་ལའང་ཉེན་ཁ་ཆཊ་ཀྱི་ཡོད་སྟབས། རང་ལུས་མེར་བསྲེཊ་གནས་ཚུལ་ཡོང་དགོས་པའི་རྒྱུ་རྐྱེན་ཇི་ཡིན་ཚོད་དཔག་བྱ་ཐུབ་པ་ཞིག་རེད། འཛམ་གླིང་ཡོངས་སུ་དད་ལྡན་མང་ཚོཊ་ས་ཡ་མང་པོར་༸གོང་ས་མཆོག་གི་ཞལ་མཇལ་དང་གསུང་ཆོས་ཞུ་རྒྱུའི་གོ་སྐབས་ཡོད་ཀྱང་། གང་གི་གདུལ་ཞིང་དུ་འཁོད་པའི་གཞིས་བཞུཊ་བོད་མི་ཚོར། གོ་སྐབས་དེ་འདྲ་མེད་པ་ནི་ཇི་ཙམ་བཟོད་དཀའ་བ་ཡིན་པ་ཤེས་གསལ་རེད།  བོད་མིའི་སྒྲིག་འཛུཊ་ཀྱིས་ཚབས་ཆེ་བའི་ལས་འགུལ་མ་སྤེལ་རོཊ་ཞེས་འབོད་སྐུལ་ཞུས་རུང་། མེར་བསྲེཊ་གནས་ཚུལ་མུ་མཐུད་འབྱུང་བཞིན་ཡོད་སྟབས། མེར་བསྲེཊ་གཏོང་མཁན་ཚོའི་གདུང་འབོད་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲཊ་བྱ་རྒྱུ་ནི། ང་ཚོའི་ལས་འགན་ཞིག་ཡིན་བསམ་གྱི་ཡོད། འཛམ་གླིང་གང་སར་གནས་པའི་བོད་མི་ཚོས་འདས་གསོན་རྣམས་དང་ཁོང་ཚོའི་ཕ་མ་ཉེ་འབྲེལ་གཙོས། འཛིན་ བཟུང་བཙོན་འཇུག་འོག་ཚུད་པའི་གཞིས་བཞུཊ་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་། འདས་པོ་ཚོའི་ཆེད་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་ཡོད། ” ཅེས་འཁོད་འདུག   

བོད་རྒྱ་འབྲེལ་མོལ་སྐོར་ལ། “བཀའ་ཤག་གི་ངོས་ནས་གྲོས་མོལ་བརྒྱུད་བོད་དོན་ཐག་གཅོད་ཡོང་བར་གཉིས་སྨན་དབུ་མའི་ལམ་ གྱི་སྲིད་བྱུས་རྒྱུན་འཁྱོངས་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད། དེ་ནི་ངྷ་རམ་ས་ལ་དང་པེ་ཅིན་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན། ཉེ་ སྔོན་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་གཞུང་ལ་བོད་མིའི་མགོ་ཁྲིད་དང་མཉམ་དུ་ དོན་སྙིང་ལྡན་པའི་གྲོས་མོལ་མགོ་འཛུཊ་བྱ་དགོས་གསུངས་པར་དགའ་བསུ་ཡོད། རྒྱ་ནག་གི་གནས་སྟངས་སྤྱི་དང་ཁྱད་པར་མགོ་ཁྲིད་འཕོ་འགྱུར་ཕྱིན་རྗེས་དོན་ཕན་ལྡན་པའི་གྲོས་མོལ་ཡོང་བར་གོ་བསྡུར་ཆེད། ཕྱི་ཟླ་ ༡༢ ་ནང་བོད་རྒྱ་ཞི་མོལ་ལས་དོན་ཚོཊ་ཆུང་གི་ཚོཊ་འདུ་ཞིག་སྐོང་ཚོཊ་བྱ་རྒྱུ་ཡིན། ” ཞེས་འཁོད་ཡོད།

བཀའ་ཁྲི་མཆོག་གིས་ཉེ་ལམ་སྤྱི་ཚོཊ་ནང་བོད་གཞུང་གི་མིང་བྱང་བརྗེ་བསྒྱུར་ཐད་གླེང་སློང་འདྲ་མིན་ཡོང་བཞིན་པའི་སྐོར་ལ། “ ངྷ་རམ་ས་ལར་ཡོད་པའི་སྒྲིག་འཛུཊ་འདི།  ༡༦༤༢ ལོ་ནས་དགའ་ལྡན་ཕོ་བྲང་དབུ་བཞུཊ་ཀྱིས། ལོ་རྒྱུས་དང་ཁྲིམས་མཐུན་བདག་དབང་མུ་མཐུད་དེ་མི་མང་གི་རྒྱབ་སྐྱོར་ཡོད་པ་དང་། ༸གོང་ས་མཆོག་གིས་བྱིན་གྱིས་རླབས་པའི་ཐོག་རྒྱལ་སྤྱིའི་ཁྱོན་ཡོངས་སུ་མོས་མཐུན་བྱེད་ཀྱི་ཡོད་ཀྱང་། ཐ་སྙད་གཅིག་བསྒྱུར་ཡོང་སྐབས་ལ་གཞུང་ཡོད་པ་མ་རེད་བསམ་པ་དང་། ༸གོང་ས་མཆོག་ཐུཊ་ཕམ་ཡོང་པའི་གནས་ཚུལ་བྱུང་བ་དེ་ལོ་རྒྱུས་དང་། སྤྱི་དམངས་ཡོངས་ཀྱི་ཐོག་ལེཊ་པ་ཞིག་མ་རེད། ད་ལྟའི་བོད་མིའི་རྡོག་རྩ་གཅིག་སྒྲིལ་དང་ལ་རྒྱ། བོད་ནང་གི་བོད་མིའི་སེམས་ཤུཊ་དང་རེ་བ། ༸གོང་ས་མཆོག་ལ་དད་གུས་བྱེད་སྟངས་བཅས་ལ་གཟིཊ་ན། ཉེ་བའི་ལོ་རྒྱུས་ནང་བོད་མིར་ལ་རྒྱ་ཡོད་པ་དང་རྡོག་རྩ་གཅིག་སྒྲིལ་ཡོད་པ་དེ་ཁྱད་ཆོས་ཤིག་ཆཊ་ཡོད་ལ།  དེ་ ༸གོང་ས་མཆོག་གི་ཐུཊ་རྗེ་བཀའ་དྲིན་ཡིན་པ་བསམ་ཤེས་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མ་འོངས་པར་མང་ཚོཊ་ཀྱིས་༸གོང་ས་མཆོག་གིས་ཨི་ཊ་ལི་དང་ལ་དྭཊ་བཅས་སུ་བསྩལ་བའི་བཀའ་སློབ་ལ་དོ་སྣང་བྱས་ཏེ། དེའི་རིཊ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་སེམས་ཤུཊ་ཆཊ་བྱེད་ཅིག་དང་། རྩ་དོན་ལ་གནོད་པའི་ཉེན་ཁ་ཅན་ཞིག་ཡིན་པ་མཁྱེན་དགོས་རྒྱུ་དང་། བོད་མི་ཉུང་ཤས་ཀྱིས་འགན་མ་འཁུར་བའི་ཐོག་བཀའ་མོལ་གནང་བ་དེར་མཐའ་གཅིག་ཏུ་མོས་མཐུན་མེད་པ་དེར། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་ཡང་མོས་མཐུན་ཡོད་པ་མ་རེད། ”  ཅེས་གསུངས།

དེའི་རྗེས་སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ཀྱི་གཏམ་བཤད་སྒྲོག་སྦྱངས་གནང་བའི་ནང་། “ ༢༠༠༩ ལོ་ནས་ད་ལོའི་ཕྱི་ཟླ་ ༨ ཚེས་ ༢༧ ཉིན་བར་བོད་མི་ ༥༡ གིས་རང་ལུས་མེར་བསྲེཊ་བཏང་ཡོད་པའི་ཁྲོད། མི་ ༤༡ སྐུ་གྲོངས་ཡོད་པ་དང་། བོད་མི་དེ་དག་གིས་ ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། བོད་ལ་རང་དབང་དང་ཐོབ་ཐང་དགོས་པ། བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡོད་ལ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག སྤྱི་འཐུས་ཀྱིས་སྣེ་འཁྲིད་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་དེ། ད་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་རྒྱ་གར་ས་གནས་གསུམ་ནང་མགོ་འཛུཊ་ཞུས་ཡོད་ཅིང་། དེ་རིང་རྒྱ་བལ་འབྲུག་གསུམ་ཕུད་པའི་རྒྱལ་ཁབ་ཁག་ ༣༠ ནང་སྐོར་སྐྱོད་བྱེད་ཀྱི་ཡོད་སྟབས། རྒྱལ་ཁབ་ཁག་གི་བོད་དོན་དོན་རྒྱབ་སྐྱོར་བ་དང་བོད་མི་ཚོས་མཉམ་ཞུཊ་ཡོང་བའི་འབོད་སྐུལ་ཞུ་གི་ཡོད། ”ཅེས་འཁོད་ཡོད།

སྤྱི་འཐུས་ཀྱི་གཏམ་བཤད་ནང།་ “ དེང་སྐབས་རྒྱ་གཞུང་གི་མགོ་ཁྲིད་རིམ་བཞིན་བརྗེ་ལེན་བྱས་ཏེ་རྒྱལ་ནང་བྲེལ་བ་ཆེན་པོ་ཡོད་ཀྱང་། བོད་ཀྱི་གནད་དོན་རྒྱལ་སྤྱིའི་ཐོག་སྔར་ལས་ཛ་དྲག་ཅི་ཆེར་འགྲོ་བ་ཤེས་བཞིན་སྣང་མེད་དང་། ཁྱད་གསོད་མི་གཏོང་བར་འགན་ཁུར་ཆེ་བཞེས་ཀྱིས། བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་ཐོག བོད་མིའི་དགོས་འདུན་ཁག་ལག་བསྟར་ཡོང་བར་ཞི་འགྲིག་གི་ཐབས་ལམ་འདོན་དགོས་པའི་ཛ་དྲག་གི་དྲན་སྐུལ་ཞུ་རྒྱུ་ཡིན། ད་ཆར་རྒྱལ་ཁབ་མང་པོའི་གྲོས་ཚོཊ་ཀྱིས། བོད་དོན་བདེན་རྒྱབ་ཀྱི་གྲོས་ཆོད་བཞག་པ་སོཊ་རྣམ་པ་འདྲ་མིན་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། བོད་ནང་སྔར་ལས་ལྷག་པའི་གདུག་རྩུབ་དང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་སྟབས། རྒྱལ་ཚོཊ་གཙོས་རྒྱལ་ཁབ་ཁག་དང་། རང་དབང་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་གཞུང་། མི་མང་དང་ཚོཊ་སྡེ་ཁག གནད་ཡོད་མི་སྣ། གསར་འགོད་པ་ཚོས་བོད་མིའི་དགོས་འདུན་དང་། རྒྱ་གཞུང་གིས་བོད་ནང་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཀྱི་སྲིད་བྱུས་དང་། མི་བདེན་རྫུན་སྒྲིག་གི་འཁྱོག་བཤད་བྱེད་བཞིན་པར་ཞིབ་འཇུག་གནང་སྟེ། རྒྱ་གཞུང་ལ་བོད་ཀྱི་གནས་སྟངས་སྤྱི་དང་། བྱེ་བྲག་བོད་ནང་གི་ཛ་དྲག་གནས་སྟངས་སེལ་རྒྱུའི་ཐབས་ལམ་འདོན་དགོས་པའི་དུས་ལ་བབས་ཡོད། ”ཅེས་འཁོད། 

མཇུག་ཏུ་ཚོཊ་གཙོ་མཆོག་གིས། “སྤྱི་ཚོཊ་ནང་བོད་གཞུང་གི་མིང་བརྗེ་བསྒྱུར་ཐད་གླེང་སློང་འདྲ་མིན་ཡོང་བཞིན་པའི་ཐད། “ ང་ཚོ་འགན་འཁུར་མཁན་དང་མི་མང་ཚང་མས། ༸གོང་ས་མཆོག་གིས་ད་བར་སྐུ་ལུས་བསྐྱོན་པ་དེ་བེད་མེད་དང་འཕྲོ་བརླཊ་སུ་བཏང་ན། ལས་རྒྱུ་འབྲས་ལའང་འགྲོ་གི་མ་རེད། ད་ལྟའི་དུས་སྐབས་འདི་འདྲ་ཞིག་ལ་༸གོང་ས་མཆོག་གིས། མི་མང་ལ་ཐུཊ་ཕམ་གྱི་བཀའ་སློབ་གནང་དགོས་བྱུང་བ་དེ་ཧ་ཅང་ཐབས་སྐྱོ་བོ་ཞིག་ཆཊ་འདུག་བསམ་པའི་ཚོར་བ་ཤུཊ་ཆེན་པོ་འདུག གནད་དོན་དེའི་ཐོག་སོ་སོའི་རྣམ་དཔྱོད་མཐའ་འཁྱོལ་གནང་སྟེ་ཐག་གཅོད་དགོས་པ་ལས། ཚོད་དཔག་དང་བསྒྲུབ་ཐུབ་མ་ཐུབ་ཀྱི་གནས་སྟངས་ཐོག་བསྡད་ན། ང་ཚོ་བོད་པའི་ཆིག་སྒྲིལ་དང་རྩ་དོན་ལ་དོ་ཕོག་འགྲོ་བའི་འགལ་རྐྱེན་གང་འདྲ་ཆཊ་མིན། ལས་འགུལ་སྤེལ་མཁན་དང་སྐད་ཆ་བཤད་མཁན་ཚོས་དགོངས་པ་བཞེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།”ཅེས་གསུངས།  

གསར་འགོད་པ། དོན་གོ་དང་དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༣ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༣ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 3

  1. མཇུག་མེད། says:
    ལོ་ 14 སྔོན།

    གཅིག་སྒྲིལ་དེ་བཙན་བྱོལ་ནང་ཁ་ཙམ་ལས་མེད་པ་མཐོང་གསལ་རེད། རྒྱུ་མཚན་གང་གི་ཡིན་ཞེས་ན། སྤྱི་མཐུས་འོས་བསྡུ་སྐབས་འཐེན་འཁྱེར་ག་འདྲ་འདུག དཔེ་ན་མདོ་སྟོད་དང་མདོ་སྨད་གཉིས་ཀྱི་སྤྱི་མཐུས་ཚུལ་ཁྲིམས་གཉིས་ལ་བརྒྱབ་སྐྱོར་བྱེད་སྟེང་ལ་དཔོག་ན་ཤེས་ཐུབ། ན་ཚ་འདི་བོད་ནང་མི་སྐྱར་རོགས་ཞུ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གིས་ད་བར་སྐུ་ལུས་བསྐྱོན་པ་དེ་བེད་མེད་དང་འཕྲོ་བརླཊ་སུ་བཏང་ན། ལས་རྒྱུ་འབྲས་ལའང་འགྲོ་གི་མ་རེད། ་་་་་བྲིས་པ་འདི།
    ༸གོང་ས་མཆོག་གིས་ད་བར་སྐུ་ལས་བསྐྱོན་པ་དེ་བེད་མེད་དང་འཕྲོ་བརླགས་སུ་བཏང་ན། ལས་རྒྱུ་འབྲས་ལའང་འགྲོ་བགྱི་མ་རེད། ་་་ཅེས་བྲིས་ན་གང་འདྲ་འདུག་གམ།

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ལགས་སོ། ཅི་གསུང་བཀའ་སྒྲུབ་གང་ཐུབ་ཞུའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese