མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་ཟས་བཅད་གནང་མཁན་དག་ལ་རྒྱ་གར་ཉེ་རྟོག་པས་བཀག་སྡོམ།

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

ལྡི་ལིར་གཞོན་ནུའི་དབུས་རྒྱུན་གསུམ་གྱིས་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་འཆར་ལ་རྒྱ་གར་ཉེན་རྟོག་པས་སྤེལ་མ་བཅུག་པར་ད་ཆར་ཁོང་གསུམ་བཀག་ཉར་བྱས་ཡོད་འདུག  

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འདི་ལོའི་འགན་འཛིན་ལྷན་ཚོགས་ཐེངས་ ༤༣ པའི་ཐོག  བོད་ནང་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་འབྱུང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད། རྒྱ་གར་རྒྱལ་ས་ལྡི་ལིར་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་རྒྱུའི་གྲོས་ཆོད་གཏན་འབེབས་བྱུང་བ་ལྟར། ཁ་སང་ཕྱི་ཚེས་ ༣ ཉིན་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་ས་གནས་སུ་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་པེ་རྗེ་པེ་ཆབ་སྲིད་ཚོགས་པའི་ཚོགས་གཞོན་སྐུ་ཞབས་བྷ་གྷ་སིན་ཀོ་ཤི་ཡཱ་རེ་མཆོག་གདན་ཞུའི་ཐོག གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་དང་སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་། རིག་གཞུང་འགན་འཛིན་འཇིགས་མེད་གསུམ་གྱིས་ལས་འགུལ་མགོ་འཛུགས་གནང་འཆར་ལ། ལྡི་ལི་ཉེན་རྟོག་པས་བོད་མི་འདུས་སྡོད་ས་གནས་མན་ཇི་ཊི་ལཱ་དང་རོ་ཧི་ནེ་བཅས་ས་གནས་ཁག་ཏུ་ཉེན་རྟོག་པ་འགྲེམ་འཇོག་གིས་མི་མང་མཉམ་ཞུགས་ལ་བཀག་འགོག་བྱས་ཏེ། ཟས་བཅད་ངོ་རྒོལ་ལས་འགུལ་མགོ་འཛུགས་བྱེད་པར་ཆུ་ཚོད་ ༢ ལྷག་འགོར་འགྱངས་བྱས་ཡོད་པ་མ་ཟད།  ཁ་སང་དགོང་མོ་རྒྱ་གར་ཉེན་རྟོག་པས་ཟས་བཅད་ངོ་རྒོལ་བ་གསུམ་ཇན་ཏར་མན་ཏར་ས་གནས་སུ་སྡོད་མ་བཅུག་པར་བཙན་འཁྲིད་བྱས་ཡོད་འདུག

དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་འདི་གའི་གསར་འགོད་པས་དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ་བཅར་འདྲི་ཞུས་པར། དེ་རིང་ཞོགས་པར་ཟས་བཅད་ངོ་རྒོལ་གནང་མཁན་གསུམ་ཀློད་གྲོལ་བཏང་ཡོད་ཀྱང་། ཆུ་ཚོད་ ༢ ཙམ་ཕྱིན་རྗེས་སླར་ཡང་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ད་ལྟའི་ཆར་ཀོ་ནོར་ཉེན་རྟོག་ལས་ཁུངས་སུ་བཀག་ཉར་བྱས་ཡོད་སྐོར་བརྗོད་བྱུང་།  

ཐེངས་འདིའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འདི་ནི། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནས་བཟུང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྒྱལ་ཁབ་ཁག་གི་དབུ་ཁྲིད་ལྷན་འཛོམས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐོང་བཞིན་ཡོད་པ་དེར་དམིགས་ཏེ་མགོ་འཛུགས་གནང་བ་ཞིག་ཡིན་འདུག་ལ། ལས་འགུལ་གྱི་དགེ་འདུན་གཙོ་བོ། ༢༠༡༡ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་གསུམ་དབུ་བཞུགས་ཐོག་ཇན་ཏར་མན་ཏར་ས་གནས་སུ་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྐབས། ཡུ་རོབ་གྲོས་ཚོགས་སྐུ་ཚབས་བསླེབས་ཏེ་ངོ་རྒོལ་བའི་དགོས་འདུན་ཞལ་བཞེས་གནང་བ་ཁག་དང་། འདི་ལོའི་ལོ་སར་ཚེས་ ༡ ཉིན་བཟུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཨ་མའི་མདུན་ཐང་དུ་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་སྐུ་ཚབ་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྐུ་ཚབ་བཅས་ཆེད་ཕེབས་ཀྱིས་ལས་འགུལ་བའི་དགོས་འདུན་ཐད་ཞལ་བཞེས་གནང་བ་ཁག་མཇུག་སྐྱོང་ལག་བསྟར་ཡོང་བའི་འབོད་སྐུལ་ཞུ་ཆེད་དང་།

ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་དང་བོད་མིའི་མངོན་འདོད་ཤེས་རྟོགས་ཆེད། རྒྱལ་སྤྱིའི་གཞུང་གི་དབུ་ཁྲིད་དང་ཚོགས་སྡེ་ཁག གསར་འགོད་པ་སོགས་བོད་ནང་འཕྲལ་ཏུ་གཏོང་རྒྱུ། ཆུང་སྲིད་པཎ་ཆེན་རིན་པོ་ཆེ་མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གཙོས་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་མྱུར་ཏུ་ཀློད་གྲོལ་གཏོང་རྒྱུ་དང་། ཉེ་བའི་དུས་ནས་བཟུང་རྒྱ་གཞུང་གིས་བོད་ནང་གཞས་པ་དང་རྩོམ་པ་པོ་བཅས་གནད་ཡོད་མི་སྣ་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པ་ འཕྲལ་ཏུ་མཚམས་འཇོག་བྱ་རྒྱུ། རྒྱ་གཞུང་གིས་རང་ལུས་མེ་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༥༡ ལྷག་ལ་ དྲག་སྤྱོད་པ་དང་མི་ཚེ་ཁོངས་འཁྱོལ་གྱི་མེད་པའི་དབང་གིས་ཡིན་ཚུལ་སོགས་མ་ཉེས་ཁ་གཡོག་བྱེད་ཀྱིན་པ་མཚམས་འཇོག་བྱ་རྒྱུ་བཅས་དང་། གོང་གསལ་གྱི་དགོས་འདུན་ཁག་གི་ཐད་འཛམ་གླིང་གི་གཞུང་དང་ཚོགས་སྡེ་ཁག་གིས། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ངོས་འཛིན་དང་རྒྱབ་སྐྱོར་གནང་ཡོང་བའི་འབོད་སྐུལ་ཞུ་ཆེད་བཅས་ཡིན་འདུག 

མཇུག་ཏུ་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་ཟས་བཅད་ལས་འགུལ་མགོ་བཙུགས་པའི་ཉིན་དང་པོར། རྒྱ་གར་ཉེན་རྟོག་པས་ཟས་བཅད་བ་འཛིན་བཟུང་དང་མི་མང་བཀག་ཉར་བཅས་བྱས་པའི་གནས་ཚུལ་བྱུང་ཡོད་པ་ལྟར། མུ་མཐུད་འདི་ལྟར་བྱས་ཚེ་ལས་འགུལ་མཚམས་འཇོག་བྱ་དགོས་བྱུང་མིན་དྲིས་པར་ཁོང་གིས།  “ ང་ཚོའི་ཐོག་མའི་འཆར་གཞི་ལས་འགུལ་མུ་མཐུད་འགྲོ་རྒྱུ་དེ་རེད། གལ་ཆེ་ཤོས་བོད་ནང་གི་ཛ་དྲག་གི་གནས་སྟངས་འོག་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༥༡ རང་ལུས་མེར་བསྲེཊ་བཏང་སྟེ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རླབས་ཆེན་གྱི་བློས་གཏོང་གནང་ཡོད་པ་རེད། ཛ་དྲག་གི་གནས་སྟངས་འདིའི་སྐབས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གདུང་སེམས་མཉམ་སྐྱེད་ཡོད་ཅེས་ཚིག་སྐམ་པོ་ཙམ་མིན་པར། ལག་ལེན་གྱི་ཐོག་ནས་ལས་འགུལ་སྤེལ་བ་ཞིག་དང་། ལས་འགུལ་འདི་བརྒྱུད་དེ་རྒྱལ་སྤྱིའི་ནང་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་ང་ཚོའི་དགོས་འདུན་ལྟར་འགྲོ་ཐུབ་པར་བྱ་རྒྱུ་དེ་ཡིན། ” ཞེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 15

  1. བེ་རུ་བཀྲ་ཤིས says:
    ལོ་ 14 སྔོན།

    ཡག་པོ་རེད་ཐུགས་རྗེ་ཆེ།

    Reply
  2. བཙན་ནག་པས། says:
    ལོ་ 14 སྔོན།

    བོད་ཀྱི་གཞོན་ནུ་ཚོགས་པ་འདི་བཙན་པོའི་གདུང་རབ་ངོ་མ་ཞིག་ཡིན། ཁོང་རྣམས་ཀྱིས་ལས་དོན་གང་གནང་ཀྱང་འདས་པའི་ཕ་མེས་རྣམས་ཀྱི་ཞབས་རྗེས་འཆོལ་བཞིན་ཡོད་པ་ནི་རྟག་ཏུ་ཡི་རང་དང་རྒྱབ་བསྐྱོར་ཞུ་བཞིན་ཡོད། དེ་བཞིན་དུ་རང་བཙན་སྨྲ་བ་གསུམ་ལ་ཡང་གུས་བཀུར་ཞུ་རྒྱུ་ཡིན།

    Reply
  3. ཁྲི་པ་བློ་བཟང། says:
    ལོ་ 14 སྔོན།

    ཐེངས་འདིར་གཞོན་ནུ་ལྷན་ཚོགས་ཀྱིས་སོ་སོར་ནུས་པ་ག་ཚོད་ཅིག་ཡོད་པ་ཤེས་ཡོད་ཤག་ཡིན། འདས་པའི་ལོ་ངོ་ལྔ་བཅུ་རིང་རྟ་རྒན་ཐུགས་རྗེ་བཀའ་དྲིན་ལ་བན་རྒན་དབུས་ལ་ཕེབས་ཐུབ་བྱུང་ཡོད་པ་ཤེས་ཡོད།

    Reply
  4. བཙན་པོའི་བུ། says:
    ལོ་ 14 སྔོན།

    གཞོན་ནུའི་སྒྲིག་འཛུགས་ནི་བཙན་བྱོལ་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་གཅིག་དང་སྟོབས་ཤུགས་ཆེ་ཤོས་གཅིག་ཡིན། གཞོན་ནུ་ཚོགས་པས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་མི་རིགས་འདིའི་ཆེད་དུ་ལས་འགུལ་རབས་དང་རིམ་པ་མང་པོ་སྤེལ་ཡོད། ཁོང་ཚོས་ད་བར་གནང་པའི་ལས་འགུལ་རྣམས་བོད་བསྟན་སྲིད་ཀྱི་ཆེད་དུ་རེད་ལ་བོད་མི་རིགས་ཀྱིའང་ཆེད་དུ་རེད། དེར་བརྟེན་ང་ཚོས་གཞོན་ནུ་ཚོགས་པར་ལོག་མཐོང་གནང་པ་ཡིན་ན་ཅུང་མི་འགྲིག་པར་སེམས། དེ་བས་བཞུགས་སྒར་གྱི་སྲང་ལམ་དུ་རང་བཙན་པར་འདོད་ཅིང་ཁ་བཤད་ལག་ལེན་གཅིག་ཀྱང་མེད་པའི་མི་སྣ་འགའ་ཡོད་ཅིང་མི་དེ་རིགས་ཀྱིས་གཞོན་ནུའི་ལས་འགུལ་ལ་ཞུགས་ཀྱི་མེད་ལ་དབུ་མའི་ལས་འགུལ་ལའང་ཞུགས་ཀྱི་མེད། མི་དེ་རིགས་ཀྱི་ལས་ཀ་གཙོ་བོ་ནི་བོད་རང་བཙན་ཡིན་ལུགས་དང་བོད་གཞུང་ལ་སྐྱོན་བརྗོད་ཁོ་ན་བྱ་རྒྱུ་ལས་གཞན་གང་ཡང་མེད། དེ་དག་ནི་སྲིན་བྱ་ངོ་མ་ཡིན་པ་ལས་ལག་ལེན་པ་ཞིག་གཏན་ནས་མ་རེད། དེར་བརྟེན་ཁ་བཤད་ལག་ལེན་མེད་པའི་མི་རིགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་གཞོན་ནུར་སྐྱོན་བརྗོད་དང་ལོག་མཐོང་གནང་ཚེ་ཅུང་མ་འགྲིག་པར་སེམས།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ལམ་དབུས་མའི་དགོས་དོན་བསྒྲུབས་ནས། དེ་ནས་གཞི་ནས་རང་བཙན་དགོས་ན་ཡང་སྒྲུབ་པའི་དུས་དང་གོ་སྐབས་ཡོད།
    འོནད་ཀྱང་ད་ལྟ་༸གོང་ས་ཆེན་མོ་བཅུ་བཞི་པ་བཞུགས་རིང་ལ་བོད་རྒྱའི་དཀའ་རྙོག་བསལ་བར། བོད་རང་བཙན་རྩོད་པ་འདིས། གཉིས་ཕན་དབུས་མའི་ལམ་གྱི་སྒྲུབ་འབྲས་སོན་པ་ལ་གནོད་པ་དང་། དུང་རྒྱང་འགྲོ་བ་མཐོང་མི་ཐུབ་པ། ཨ་ཡིན་ནམ།
    ངས་སྒེར་ལ་མི་དགའ་ནས་འདིར་བཤད་པ་མིནད་ཀྱང་། སྤྱི་ལ་བསམས་ནས་བཤད་ཐལ་ཤོར་བས། ཀུན་གྱིས་དཔྱད་པར་འཚལ། །

    Reply
  6. བློ་བཟང་ཚེ་རིང་། says:
    ལོ་ 14 སྔོན།

    ཆུང་མ་དང་། མི་ཚེ་བློས་བཏང་ནས་བོད་རང་གི་ཆེད་དུ་འབད་བརྩོན་གནང་མཁན་བསྟན་འཛིན་བརྩོན་འགྲུས་དང་། རང་ཉིད་སྡོད་ཁང་ཙམ་ལ་ཡང་དོན་གཉེར་མི་བྱེད་པར་མི་ཚེ་བོད་ཀྱི་ཆེད་དུ་འབུལ་མཁན་ལྷ་བཟང་ཚེ་རིང་། གཏམ་དང་སྙན་གྲགས་ལ་མི་ལྟ་བར་སུ་དང་གང་ལ་ཐུག་ཀྱང་བོད་དོན་གླིང་མཁན་འཇམས་དབྱངས་ནོར་བུ་ལགས་བཅས་ལ། ཟློག་ས་གཅིག་སྒྲིལ་མི་བྱེད་ཟེར་མཁན་དེས་སུ་དང་ལྡོག་ས་གཅིག་སྒྲིལ་བྱེད་ཀྱི་ཡིན། ཁོ་ཚོ་མ་མཐའ་ཡང་བོད་པ་ཡིན་པས། མཐུན་ལམ་བྱེད་དགོས་བསམ་པ་མེད་ན། ཁྱེད་རང་གིས་ནམ་ཡང་བོད་དང་བོད་མིར་ཕན་པའི་ལས་ཤིག་བྱེད་མི་ཐུབ་ལ། ཁྱེད་དང་འདྲ་བ་ལ་སུ་ཡང་ཡིད་ཆེས་བྱེད་མི་སྲིད། རྒྱལ་བའི་དགོངས་གཞི་སྒྲུབ་མཁན་དེ་ཁྱེད་ལྟ་བུ་ཞིག་ཡིན་མི་སྲིད།

    Reply
  7. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    དྲ་གྲོགས་དག་ལ་བསྐྱར་དུ་ཞུ་རྒྱུར།
    འཇམ་ནོར་ལ་འཁུ་སེམས་དང་འཁོན་འཛིན་བཅངས་དགོས་དོན་གང་ཡང་མེད། ཡིན་ན་ཡང་༸་གོང་ས་མཆོག་གིས་ཐུགས་ཕམ་པའི་བཀའ་སློབ་གནང་དགོས་དོན་ནི་མི་དེ་དག་གིས་འཆལ་གཏམ་དང་དཀྲུག་ཤིང་ཟུར་ཟ་སྣ་ཚོགས་བྱས་ནས་གོང་ས་མཆོག་གིས་ལམ་སྟོན་འོག་ཤར་བསྐྱོད་གནང་བཞིན་པའི་བོད་མིའི་སྒྲིག་འཛུགས་ལ་དམའ་འབེབ་དང་ཁུངས་ལུང་མེད་པའི་གཞི་མེད་ཉེས་འཛུགས་ཀྱི་ལས་འགུལ་སྤེལ་ནས་མི་མང་པོ་མགོ་རྨོངས་ཐབས་དང་།རང་ཉིད་ཆབ་སྲིད་པ་གྲགས་ཅན་ཞིག་ཡིན་ཁུལ་རྣམ་འགྱུར་གྱི་སྒོ་ནས་བོད་མི་མང་པོ་ཞིག་བསླུ་ཐབས་བྱས་པ་དང་། བྱེད་བཞིན་པ་རེད།
    བོད་མིའི་ནང་ཁུལ་གཅིག་སྒྲིལ་ལ་གནོད་པའི་ལས་འགུལ་རིམ་པ་སྤེལ་བ་ལ་བརྟེན་ནས་བྱུང་བ་རེད།མི་སྣ་གཙོ་བོ་འཇམ་ནོར་དང་ལྷག་བསམ་ཚེ་རིང་བསྟན་འཛིན་བརྩོན་འགྲུས་བཅས་རེད། རྣམ་པ་ཚོས་མ་ཤེས་པ་དང་མ་གོ་བ་ཡོང་མི་སྲིད་པ་ཞིག་པ་རེད།
    མི་ད་དག་གིས་བོད་དོན་ལ་ཕན་པའི་ལས་ཀ་སྣེ་གཅིག་བྱས་མྱོང་མེད། མི་དེ་དག་ལ་འཆར་གཞི་གང་ཡང་མེད། གྲ་སྒྲིག་གང་ཡང་མེད། དོན་དངོས་དང་མཐུན་པའི་བསམ་ཤེས་མེད།
    ཚིག་སྟོང་སྒྲོགས་པ་ཁོ་ན་རེད། གྲ་སྒྲིག་གང་ཡང་མེད་ལག་སྟོང་རེད། འཆར་གཞི་གང་ཡང་མེད་པའི་བསམ་སྟོང་རེད། མི་དེ་དག་ལ་བོད་རང་བཙན་ལེན་ཐབས་ཀྱི་དམིགས་བསལ་གྱི་འཆར་གང་ཡོད། གྲ་སྒྲིག་གང་ཡོད། ལས་འགུལ་གང་སྤེལ་མྱོང་ཡོད། ཕྱིར་མིག་བལྟས་ན་མི་ཤེས་མཁན་སུ་ཡོད།མི་དེ་དག་གིས་སྐད་ཆ་གང་བཤད་ཐམས་ཅན་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་སྲིད་བྱུས་དེ་དག་ལ་གཏོང་བ་ཤ་སྟག་རེད།
    གཞོན་ནུ་ཚོགས་པའི་ཡི་རང་དང་བསྔགས་བརྗོད་ཡོད་ཀྱང་མི་དེ་དག་གི་རྗེས་སུ་མི་འབྲང་བར་རེ་བ་ཡོད།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དགོས་པ།
    རང་བཙན་བོད་པས་སྒྲུབ་དཀའ། །
    བོད་མིར་རང་བཙན་ཕན་དཀའ། །
    ཕན་པ།
    དུས་རབས་ཉེར་གཅིག་བོད་མིར། །
    དབུ་མ་གཅིག་ཉིད་ཕན་སྲིད། །

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཚོགས་གཙོ་ཚེ་དབང་། ལྷག་བསམ་དང་འཇམ་ནོར་གསུམ་གནས་གཅིག་ཏུ་དུས་གཅིག་ལ་བོད་རང་བཙན་ཆེད་དུ་ལུས་སྲོག་ལོངས་སྤྱོད་གཏོང་ཐུབ་པའི་དུས་ཚོད་ཅིག་ཤར་སྲིད་དམ། ! ! ! ? ? ?

    Reply
  10. འབྲུག་གྲགས་རྒྱལ་པོ། says:
    ལོ་ 14 སྔོན།

    lobsang ལགས། གཞོན་ནུའི་ཚོགས་མི་རེ་ཟུང་གི་བྱེད་སྤྱོད་ནི་ཐ་དད་རེད། རྩ་བའི་གཞོན་ནུ་ཚོགས་པ་ནི་བོད་ཀྱི་བསྟན་པ་དང་ཆབ་སྲིད་ལ་འགན་འཁུར་མཁན་གྱི་ཚོགས་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་པས་གཞོན་ནུ་ཚོགས་པས་རང་གི་སྒྲིག་གཞིར་དམིགས་ཡུལ་དོན་ཚན་བཞི་ཡོད་པའི་དང་པོར། གཞིས་བྱེས་བོད་མི་ཡོངས་ཀྱི་བློ་གཏོད་རེ་ཡུལ་གཅིག་ཉིད་༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་ཡང་དག་མུན་སེལ་འོག་ཤར་བསྐྱོད་བྱ་རྒྱུ་གཞི་རྩར་བཟུང་ཐོག་བོད་གཞུང་འབངས་ཀྱི་སྤྱི་དོན་ལ་ལྷག་བསམ་འཁུར་ལེན་རྨང་གཞིར་འཁྱེར་བ། ཞེས་གསལ་བ་བཞིན་སྒྲིག་གཞི་ལ་རྩ་འཛིན་གྱིས་དུས་བསྟུན་བསམ་ཤེས་ངེས་པར་གནང་དགོས་ལ་དེ་ལྟར་གནང་ངེས་སྙམ་ཡིད་ཆེས་བརྟན་པོ་ཡོད།
    ད་ལམ་ཟས་བཅད་ལ་བར་ཆད་བྱུང་བར་བློ་ཕམ་དང་། ཟས་བཅད་དུ་བཞུགས་མཁན་དཔའ་བོ་གསུམ་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། ཁྱེད་རྣམ་པས་གཙོས་ང་ཚོ་ཚང་མས་སེམས་ཤུགས་ཆག་མི་ཉན། མིའི་ལུང་པར་རང་གི་བསམ་པ་བཞིན་བྱེད་རྒྱུ་པག་པོ་རེད། དེར་བརྟེན་ལས་དོན་གང་ཞིག་ཡིན་རུང་ང་ཚོ་མི་ཡུལ་དུ་གྱུར་ཡོད་པ་དེ་མ་བརྗེད་པར་ངེས་པར་མཁྱེན་པ་དགོས།

    Reply
  11. ཨུ་ཚུགས་ཅན། says:
    ལོ་ 14 སྔོན།

    ཟས་བཅད་གནང་མཁན་གསུམ་གྱི་ཆོད་སེམས་དང་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ།

    Reply
  12. ཐིག says:
    ལོ་ 14 སྔོན།

    མི་ཉག་བཙན་པོ་ལགས། ཁྱེད་ཀྱིས་དེ་ལྟར་བཤད་རྒྱུ་ཡོད་དམ། འཇམ་དབྱངས་ནོར་བུ་ནི་བོད་བཙོང་མཁན་མ་རེད་ལ། གནའ་ནས་ད་བར་བོད་དོན་ཁོ་ན་བསམ་ནས་ཡོང་པ་དེ་འདྲ་རེད། ལྟ་བ་མི་འདྲ་པ་ཡོད་སྲིད་མོད། ཁོང་ལ་འདི་ལྟར་གནང་པ་ནི་དྲང་བདེན་མ་རེད། མ་གཞི་ནས་གཞོན་ནུ་ལ་རྒྱབ་སྐྱོར་བྱེད་པ་དང་འཇམ་ནོར་ལ་རྒྱབ་སྐྱོར་མ་བྱེད་པ་ནི་ཁོང་ལ་འཁོན་འགྲེས་འདྲ་ཡོད་ན་མ་གཏོགས་དེ་འདྲ་བཤད་རྒྱུ་མ་རེད།

    Reply
  13. lobsang says:
    ལོ་ 14 སྔོན།

    གཞོན་ནུའི་ཟས་བཅས་ངོ་རྒོལ་གནང་མཁན་གསུམ་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། ཡིན་ན་ཡང་། ༡ ༽ ད་ནས་བཟུང་འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་སྨྱོན་པ་སོགས་ཁ་སྟོང་ནང་གི་ཚིག་སྟོང་བཤད་མཁན་ཚོས་རྗེས་སུ་མི་འབྲང་རྒྱུའི་རེ་བ་ཞུ། ༢༽ དེ་ནས་གཞོན་ནུ་ལྷན་ཚོགས་མིན་ན་ཡང་གཞོན་ནུས་ཚོགས་མི་ཁ་ཤས་ཀྱིས་༧སྐྱབས་མགོན་རིན་པོ་ཆེའི་བློ་ཕམ་བཅུག་པ་ལ་གཞོན་ནུས་ངོས་ནས་དགོངས་སེལ་ཞུ་རྒྱུའི་རེ་བ་ཞུ། ༣༽ དེ་ནས་ཁ་རྒྱག་པ་བཤད་མཁན་གྱི་འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་སོགས་མདུན་ལ་ཐོན་ནས་ལས་འགུལ་སྤེལ་རྒྱུའི་རེ་བ་བཅས་ཞུ།

    Reply
  14. བློ་བཟང་ཡར་འཕེལ། says:
    ལོ་ 14 སྔོན།

    ཟས་བཅད་ངོ་རྒོལ་གནང་ན་ཤི་ཐུབ་ན་ཡག་གི་རེད། དེ་མིན་འཁྲབ་སྟོན་རེད། འཁྲབ་སྟོན་ལ་ནི་སུན་ལ། ཞལ་འདེབས་བསྡུ་བ་ལ་ནི་དེ་བས་ཀྱང་སུན་ནོ་ཞེས་ཞུ་རྒྱུ་ཡིན།། ད་དངོས་གནས་ཤི་ན་ཤི་རན་པའི་དུས་ཚོད་ཏག་ཏག་འཁེལ་འདུག

    Reply
  15. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    གཞོན་ནུ་ནས་ཟས་བཅད་ལས་འགུལ་ཡི་རང་དང་རྒྱབ་སྐྱོར་ཡོད་ཀྱང་། ད་ནས་བཟུང་འཇམ་དབྱངས་ནོར་བུའི་རྗེས་འབྲང་དང་ཁོ་དང་མཉམ་དུ་དོན་མེད་ཀྱི་ལས་འགུལ་མ་སྤེལ་རོགས་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese