མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མང་ཚོཊ་ཀྱི་རྗེས་སུ་ལུས་པའི་ཤེས་ཡོན་པ།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་ནང་གི་ཤེས་ཡོན་པ་དག་གིས་མང་ཚོགས་དཀྱུས་མའི་བསམ་བློའི་རྗེས་ཟིན་གྱི་མི་འདུག

 

དུས་རབས་ཉེར་གཅིག་སླེབས་པ་དང་མཉམ་དུ་འུ་ཅག་གིས་ཀྱང་དུས་རབས་ཉེར་གཅིག་པའི་མི་གཞིའི་མནོ་བསམ་དང་མཐུན་པའི་མི་བུ་ཞིག་བཀའ་ཁྲིར་ཕེབས་ཐུབ་པ་ནི་བོད་མི་མང་མགོ་རྨོངས་ལས་གྲོལ་དེ་སྤྱི་ཚོགས་གསར་བའི་འཕེལ་རྒྱས་བསུ་བས་བགྲོད་ལམ་གསར་བ་ཞིག་དང་། གདོད་ནས་དར་ཞིང་བོད་པའི་སྲོལ་རྒྱུན་གྱི་ངོ་བོར་འདྲེས་པའི་རྒྱལ་རྒྱུད་བླ་རྒྱུད་ཀྱིས་བསྐྱངས་བའི་གོམས་གཤིས་ཤིག་མཇུག་བསྒྲིལ་ཏེ། དེང་རབས་དམངས་གཙོའི་ལམ་སྲོལ་དང་། ལྷག་པར་དུ་བོད་རང་གི་ཐུན་མིན་དམངས་གཙོའི་ལམ་སྲོལ་ཡང་དག་པར་སྐྱོད་མགོ་བརྩམས་པའི་སྐལ་བཟང་མངོན་དུ་འགྱུར་བ་རེད།

 

དེ་ཡང་བཙན་བྱོལ་བོད་གཞུང་ངམ་༧གོང་ས་མཆོག་གི་ཕྱག་འོག་གཞི་རིམ་སློབ་ཆུང་ནས་བཟུང་ཆེས་མཐོའི་མཐོ་སློབ་རྩེར་སོན་མཐར་ཕྱིན་དཔང་ཡིག་ཡོད་མཁན་ཞིག་གི་ལག་ཏུའང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་འགན་དབང་ཡོད་དོ་ཅོག་རྩིས་སྤྲོད་བྱེད་ཐུབ་པ་ནི་༧གོང་ས་ཡིད་བཞིན་ནོར་བུའི་གཟི་བརྗིད་ཞིག་དང་། རིང་ནས་སྙིང་དུ་བརྣགས་ཤིང་། མི་ལོ་ལྔ་བཅུ་ལྷག་གི་དམིགས་ཡུལ་ཆུད་ཟོས་སུ་མ་སོང་བའི་དཔང་རྟགས་ངོ་མ་ཞིག་ཡིན་པ་མ་ཟད། དམངས་ཚོགས་དཀྱུས་མའི་ཚོ་བའི་ཁྲོད་ནས་འཚར་ལོངས་བྱུང་བའི་མི་བུ་ཞིག་གིས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་བ་ཞིག་ཁུར་ཐུབ་པ་ནི། བོད་མིའི་རྩ་དོན་འཐབ་རྩོད་ཀྱི་རྨང་གཞི་སྔར་ལས་ལྷག་པར་རྟག་བརྟན་འགྱུར་མེད་ཀྱི་ལམ་བུ་ཞིག་ཏུ་སྐྱོད་མགོ་ཚུགས་པའི་མངོན་རྟགས་གསལ་ཤོས་དེ་རེད་སྙམ།

 

སྤྱི་ཚོགས་ཁྲོད་བཀའ་ཁྲི་མཆོག་ལ་ད་དུང་ཟུར་ཟ་དང་སྡིགས་དམོད། དམའ་འབེབ། ཕྱོགས་ལྷུང་འབུར་ཐོན་གྱི་སྐད་ཆ་བཤད་མཁན་རེ་ཟུང་བྱུང་དང་འབྱུང་བཞིན་ཡོད་ལ། ངས་ཀྱང་བཀའ་ཁྲི་མཆོག་གིས་གང་བྱས་ཐམས་ཅད་འགྲིག་པ་རེད་ཅེས་བཤད་ཀྱི་མེད་ལ་བཤད་ནའང་མི་འགྲིག་མོད། ང་ཚོས་ཤེས་དགོས་པ་ཞིག་ནི་མི་བུ་སུ་འདྲ་ཞིག་ཡིན་ནའང་ལས་མགོ་བརྩམས་མ་ཐག་གྲུབ་འབྲས་འཐོན་ཐབས་དཀའ་བའི་གནས་ལུགས་དེ་མཁྱེན་དགོས། མཁས་དབང་བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲིའི་མཛད་ཁུར་བཞེས་ཏེ་མི་ལོ་ཧྲིལ་བོ་གཅིག་ལྷག་གི་རིང་ལ་ཁོང་གིས་ཕྱག་ལས་གནང་སྟངས་ལ་མགོ་༧གོང་ས་མཆོག་ནས་བཟུང་མཇུག་མང་ཚོགས་དཀྱུས་མའི་བར་ཀྱིས་རེ་ཡིད་གང་བཞིན་པའི་སྐབས་འདིར་འོལ་ཚོད་ཀྱི་མུན་ནག་ཏུ་འདེད་རྩིས་བྱེད་པ་ནི་དམར་པོའི་རིང་ལུགས་ཀྱི་རྒྱུག་ཁྱི་ཡིན་མིན་གང་ལྟར་ཡང་། ཕྱི་ཡི་ཀུན་སྤྱོད་མི་གཙང་ཞིང་ནང་གི་ཀུན་སློང་མ་དག་པ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད།

 

ང་ཚོས་སྔོན་སོང་གི་བཀའ་ཁྲི་རིམ་བྱོན་གྱིས་བགྲོད་ལམ་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། ཁོང་ཚོའི་བགྲོད་ལམ་ནི་ཡིད་ཕམ་སྐྱོ་སྡུག་གི་ལམ་བུ་ཞིག་ལས་གསར་གཏོད་མདུན་སྐྱོད་ཀྱི་རེ་ཡིད་གང་བའི་མཛེས་སྡུག་གི་ལམ་བུ་ཞིག་བྱུང་མེད་པ་འདི། སུ་ཞིག་ལན་མིན་རྩད་ཞིབ་ཞིག་བྱས་པ་ཡིན་ན། ཕྱོགས་གཅིག་ནས་འུ་ཅག་སྐུ་ངོ་རྣམས་ལ་ཤེས་ཡོན་གྱིས་རང་ཁ་མ་སོས་བའི་དབང་གིས་རང་ཕྱོགས་ཀྱི་ཁ་དབུགས་སྟུག་དྲགས་པའི་ཡིན་སྲིད་ལ། ཕྱོགས་གཞན་པ་ནས་འུ་ཚང་གི་ཤེས་ཡོན་པ་དང་ཆབ་སྲིད་པའི་སྤྱི་སེམས་རུལ་སོང་བའི་དབང་གིས་ལན་པ་ལས་མང་ཚོགས་དཀྱུས་མ་ལན་པ་གཏན་ནས་མི་སེམས་ལ་ལན་ཡང་མི་སྲིད།

སྤྱིར་ཡིན་ན། ཤེས་ཡོན་པ་དང་ཆབ་སྲིད་པ་སྤྱི་ཚོགས་གང་དང་གང་དུ་གནས་ནའང་སྤྱི་ཚོགས་དེའི་ཁྲོད་ན་གོ་གནས་གལ་ཆེན་ཞིག་དང་མི་བུའི་མཛེས་སྡུག་གི་རིན་ཐང་ལ་གུས་བཀུར་དགོས་པ་གནད་ཀྱི་དོན་པོ་ཡིན་ཡང་། ད་ལྟ་ང་ཆེས་འཇིགས་སྣང་བྱེད་ས་དེ་གཞན་ཕྱོགས་མིན་ལ། འུ་ཚང་གི་ཤེས་ཡོན་པ་དང་ཆབ་སྲིད་པར་མི་གཞིའི་རང་ཚུགས་ཀྱི་ལྟ་བ་མེད་པ། དྲང་བདེན་འཕེལ་རྒྱས་ལ་མིག་ལོག་བྱེད་པ། སྤྱི་སེམས་ལས་སྒེར་སེམས་ཆེ་བ། དོན་དངོས་ཡོད་ཀྱི་རྒྱལ་སྤྱིའི་འགྱུར་བ་དང་བསྟུན་ཏེ་འཐབ་རྩོད་ཀྱི་ཀླད་པ་མི་དཀྲུག་པར། དགའ་ས་ཉེ་ས་དེས་ཆེད་དུ་མི་བུ་མཛེས་སྡུག་ཅན་སུ་འདྲ་ཞིག་ཡིན་ནའང་། མུན་ནག་ཏུ་འདེད་རྩེས་བྱེད་པའི་རྒྱུ་འབྲས་བློ་མིག་མི་གསལ་པ་དེ་རེད།

 

ད་ལྟ་ང་ཚོས་མིག་མཐོང་ལག་ཟིན་དུ་ཡོད་པ་ནི་བཙན་བྱོལ་ལ་སླེབས་ནས་མི་ལོ་ལྔ་བཅུའི་རིང་ལ་བཀའ་བློན་ཁྲི་པ་བརྒྱད་དགུ་ཞིག་བྱུང་ཡོད་ཀྱང་། ད་ལྟ་བཀའ་ཁྲི་རིམ་བྱུང་གི་ཤུལ་རྗེས་ལ་ཕྱིར་མིག་གིས་བསྐྱར་ཞིབ་ཅིག་བྱས་ན། ད་ལྟ་བཙན་བྱོལ་སྤྱི་ཚོགས་ཁྲོད་བཀུར་འོས་པའི་བཀའ་ཟུར་ཞིག་ནམ་མཁའི་མེ་ཏོག་དང་རི་བོང་གི་རྭ་བཞིན་མེད་སོང་བ་འདིར། མི་མང་གི་ཀུན་སློང་མ་དག་པ་ཞིག་གཏན་ནས་མིན་ལ། ཤེས་ཡོན་པ་དང་ཆབ་སྲིད་པའི་རང་ཚུགས་དང་མི་གཞིའི་སྙིང་སྟོབས་ཀྱི་ལྟ་བ་བོར་ནས་སྤྱི་གཞུང་ལ་འགན་མ་ཁུར་བས་རེད།

 

ད་ལྟ་ང་ཚོས་རེ་འདུན་འཕྱུར་བཞིན་པའི་སྲིད་སྐྱོང་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཧུར་བརྩོན་གྱི་མྱུ་གུ་ཇེ་བཟང་ཇེ་ལེགས་སུ་འགྲོ་བ་ལ་ང་ཚོས་རྟེན་འབྲེལ་ཞུ་འོས་ནའང་། འུ་ཚང་གི་སྨྱུག་འཛིན་པ་རེ་ཟུང་གིས་བཀའ་ཁྲི་མཆོག་གི་ཕྱག་ལས་གནང་སྟངས་ལ་མ་བསམ་པ་བོད་ཡིག་ཤེས་མིན་གྱི་ཐད་ལ་མཛུབ་སྟོན་བྱེད་ཀྱི་འདུག ངས་བལྟས་ན་ང་ལ་མ་བཟང་ན་སྤྱི་གཞུང་ལ་དོ་ཁུར་བྱས་ཀྱང་ཇུས་གཏོགས་མེད་ཅེས་རང་མཚང་བརྟོལ་བ་ལས་གནད་ལ་ཁེལ་བའི་སྐྱོན་བརྗོད་ཅིག་མོ་གཤམ་གྱི་བུ་བཞིན་སྣང་། སྤྱིར་ཡིན་ན་གཞུང་གི་ལས་ཀྱི་སྣེ་མོ་བ་སུ་ཡིན་ཡང་འགྲིག་མིན་མང་ཚོགས་ཀྱིས་ལབ་གླེང་བྱ་དགོས་པ་གནད་ཀྱི་ནང་གི་རྩ་བ་ཡིན་ལ་ལས་ཀྱི་སྣེ་མོ་བ་དག་གིས་ཀྱང་མང་ཚོགས་ལ་ཉན་བཞིན་རང་ཉིད་བཅོས་བསྒྱུར་བྱས་ན་མང་ཚོགས་ལ་གུས་བརྩི་མཚོན་ལ་གུ་ཡངས་ཀྱི་སྤྱི་ཚོགས་ཞེས་པ་ཡང་དེ་རེད་འདོད།

 

ཡང་བཀའ་ཁྲི་མཆོག་གིས་བོད་ཡིག་ཤེས་མིན་གྱི་ཐད་ལ་རྩོམ་ཡིག་གང་མང་ཞིག་མཐོང་སོང་ལ་དེ་དག་ཀློག་གིན་ཀློག་གིན་ཧང་སངས་དགོས་པ་ཞིག་ལ་བཙན་བྱོལ་ནང་གི་ཤེས་ཡོན་པ་དག་གིས་ཞིང་འབྲོག་མི་མང་གི་བསམ་བློའི་རྗེས་ཟིན་གྱི་མི་འདུག་བསམ་པའི་ཚོར་བ་རྣལ་མ་ཞིག་ངང་གིས་བསླེབས། གང་ཡིན་ཟེར་ན། ད་ལྟའི་ང་ཚོའི་གནས་སྟངས་འདིའི་ཐོག་ནས་བསམ་གཞིགས་བྱས་ན་བོད་རྒྱའི་ཆབ་སྲིད་འཐབ་རྩོད་བྱེད་མཁན་ཞིག་ལ་དབྱིན་ཡིག་དང་བོད་ཡིག་ལས་དབྱིན་ཡིག་ཤེས་ན་ནུས་པ་ཐོན་གྱི་ཡོད་པ་མངོན་སུམ་རེད། རྒྱ་ཆེའི་མང་ཚོགས་ཀྱིས་གནད་དེ་གསལ་རྗེན་དུ་མཁྱེན་ཏེ་ཁོང་བཀའ་ཁྲིར་ཕེབས་ཐུབ་པ་རེད་བསམ།

 

                                           རྔ་བ་བརྒྱད་གསུམ་གཅིག་དྲུག་ནས་ཕྱི་ལོ་ ༢༠༡༢ ཟླ་བ་ ༩ ཚེས་ ༠༧ ཉིན།

 

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༧ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 8

  1. ཐོ་རངས། says:
    ལོ་ 14 སྔོན།

    རྔ་བ་བརྒྱད་གསུམ་གཅིག་དྲུག་ནི་རྣམ་དཔྱོད་དང་བྲལ་བའི་མི་སྣ་ཞིག་རེད་།
    སྔར་གྱི་བཀའ་བློན་ཚོས་དཀའ་ལས་བརྒྱབས་ཏེ་ད་ལྟ་ངེད་ཚོ་ཟས་ཆོག་ཆོག་དང་བཏུང་ཆོག་ཆོག་བཟོས་པ་མ་ཟད། བློ་སེང་ཡང་སྐུབ་སྟེགས་སྒང་ལ་བསྡད་ཆོག་ཆོག་བཟོས་ཡོད། ཁྱེད་མི་མང་དཀྱུས་མའི་རྗེས་སུ་ལུས་པ་མ་ཟད། དུད་འགྲོ་རྗེས་སུ་ཡང་ལོས་འདུག

    Reply
  2. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    གང་ཞིག་གླེང་འདོད་པའི་གནད་དེ་ཁ་གསལ་ནས་མཐའ་འདེད་ཕུ་འདེད་བྱས་ན་ཡག་གི་རེད། མི་འཐད་ས་དང་མི་སྐྱིད་ས་ནི་སྲིད་སྐྱོང་བློ་སེང་མཆོག་གི་བོད་ཡིག་ཤེས་ཚད་སྐྱོ་བོ་ཡོད་པའི་ཆ་ནས་གླེང་སློང་བརྒྱུད། སྲིད་སྐྱོང་བློ་སེང་མཆོག་གི་འཇོན་ནུས་དང་སྤྱི་སེམས་ལ་སོགས་ཀྱིས་མཚོན་པའི་བྱ་ལས་གང་ལ་ཡང་ཞིབ་གཤེར་བྱེད་ལུགས་དེར་ཡིད་མ་རངས་བ་ཞིག་རེད་ལ། གང་ཞིག་གླེང་འདོད་པ་ཡང་འདི་ཙམ་རེད། སྤྱིར་གནད་དོན་འདིའི་ཐད་ནས་དཔྱད་བརྗོད་པས་ཁ་གསལ་བོ་བཟོ་ཤེས་ཀྱིན་མེད་པའམ། གནས་ལུགས་དངོས་མ་ཞིག་བཤད་རྒྱུའི་བློ་སྟོབས་མེད་པའི་ཆ་ནས། བཀའ་ཁྲི་རྒན་རབས་པ་ཚོ་ལས་སྲིད་སྐྱོངས་བློ་སེང་ཡ་མཚར་བ་ཞིག་ལ་མཐོང་ནས་འུར་རྒྱག་གྱིན་པའི་ཁུལ་འདིས་མཚོན་དོན་ཡང་། དཔྱོད་བརྗོད་པ་འདིིས་རང་ཉིད་བོར་ནས་་མི་གཤིས་ཟེར་བ་ཞིག་གླེང་གྱིན་པའི་ལྐུག་རྟགས་རང་བསྟན་པའི་བཟོ་ལས་ཅི་ཡང་མ་རེད། བཙན་བྱོལ་བོད་ཀྱི་རྒན་རབས་པ་ཚོའི་འཇོན་ནུས་དང་ལྷག་བསམ་གང་ཐད་ལ་བསམ་ནས་བཤད་རུང་། སྲིད་ཞབས་རྒན་རབས་ཚོའི་རྐང་བ་བཞག་སར་སྲིད་བློ་སེང་གི་ལག་པ་ཉོབས་ཐབས་ཡོད་བ་མ་རེད། འདི་ལྟར་བསམ་ཀྱིན་པའི་དབང་གིས་དཔྱད་བརྗོད་པ་དག་གིས་འགག་རྡོ་གང་དེ་གླེང་རུང་གནད་དེ་ཟིན་ཐུབ་པའི་རེ་བ་ཤིན་ཏུ་ནས་ཆེ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རེ་བ་རྒྱག་ས་ཡང་བཙན་བྱོལ་བོད་མི། འཕྱ་དམོད་མྱོང་མཁན་ཡང་བཙན་བྱོལ་བོད་མི། ཁ་རྡུང་གཟེད་མཁན་ཡང་བཙན་བྱོལ་བོད་མི། དེ་འདྲ་རང་མ་རབས་མ་བཤད་ན་ཨང་།

    Reply
  4. བཙན་ནག་པས། says:
    ལོ་ 14 སྔོན།

    ཁྱོད་རང་གིས་དཔྱད་རྩོམ་སྤེལ་བར་མགོ་ནས་ཞུགས་བར་ཐེངས་གཅིག་ཀློག་ནས་བསམ་བློ་ཞིག་བཏང་དུས་ཁྱོད་རང་ཡང་མང་ཚོགས་ཀྱི་རྗེས་སུ་ལུས་པའི་ཤེས་ཡོན་པ་ཞིག་དང་། མིག་ཡ་གཅིག་ལས་མེད་པའི་དཔྱད་བརྗོད་པ་ཞེ་སྡང་ཅན་ཞིག་ཡིན་པ་ངེས། རྒྱུ་མཚན་གང་ལགས་ཞེ་ན། སྔོན་བྱོན་བཀའ་ཟུར་དམ་པ་རྣམས་ཀྱིས་བོད་སྤྱི་བའི་དོན་དུ་ལས་དོན་གང་བྱས་པ་ཡོངས་རྫོགས་ནག་སུབ་བཏང་བས་སོ།

    Reply
  5. ནོར། says:
    ལོ་ 14 སྔོན།

    བཀའ་ཁྲི་བློ་སེང་ལ་ཁོང་རང་གི་ཤེས་འཇོན་དང་འབྲེལ་བའི་དགེ་མཚན་མང་པོ་ཞིག་ཡོད་པ་དངོས་བདེན་རེད། ཡིན་ནའང་། རྩོམ་འབྲི་མཁན་གྱིས་ཚོར་བས་འུར་བརྒྱབ་པ་མ་གཏོགས། དོན་གྱིས་གནས་ལུགས་རྒྱུ་མཚན་གང་ཡང་ཤོད་མི་འདུག ལྷག་པར་དུ་ཕན་ཚུན་བསྡུར་ཏེ་མི་རབས་རྒན་པ་ཡོད་ཚད་ས་ལ་གཡུགས་བཞག་པ་དེ་ནི་དགོད་བྲོ་བའི་བྱིས་བློ་ཙམ་རེད། མ་གཞི་མི་རབས་གསར་རྙིང་གང་ཡིན་ཡང་དགེ་སྐྱོན་གཉིས་ཀ་ཡོད་པ་རེད། དེ་དག་སྐྱོན་སྐྱོན་དུ་ངོས་འཛིན་གྱིས་ཐེར་འདོན་དང་། དགེ་བའི་ལས་དག་ལ་གོང་བཀུར་བརྩི་མཐོང་བྱ་དགོས་པ་དེ་ནི། མི་བུ་ངོ་མ་ཞིག་གི་སྤྱིར་བཏང་གི་འགྲོ་སྟངས་རེད།
    གཞན། ༸གོང་ས་མཆོག་གིས་ཡུན་རིང་ཡིད་ལ་བརྣག་པའི་འདོད་པའི་དོན་ནི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདིས་གཙོས་བོད་གངས་ཅན་གྱི་ལྗོངས་འདིའི་ཆབ་སྲིད་ལམ་ལུགས་དེ། མི་མང་གིས་དབང་སྒྱུར་བའི་རང་དབང་དམངས་གཙོའི་ལམ་ལུགས་ཡང་དག་པ་ཞིག་ཏུ་འགྱུར་རྒྱུ་དེ་རེད།

    Reply
  6. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    དེ་ནི་རྔ་བ་ཁུལ་གྱི་ཨ་མདོ་བ་ཞིག་འུར་རྒྱབ་སྟངས་ལ་ལྟོས། ད་བར་བཙན་བྱོལ་ནང་བཀར་ཟུར་རྣམས་པས་སྤྱི་གཞུང་འགན་འཁུར་མེད་རབས་བརྗོད་ན་ཧ་ཅང་ཐལ་ཆ་མ་ཡིན་ནམ།

    Reply
  7. བསོད་ནམས། says:
    ལོ་ 14 སྔོན།

    བརྒྱད་གསུམ་གཅིག་དྲུག་ལགས་ཀྱིས་རང་གི་བློ་མིག་དྭངས་མོ་དེ་སྤྱད་དེ་དོན་ལ་གནས་ཤིང་གནད་ལ་ཁེལ་བའི་དཔྱད་པ་ཡག་པོ་བྱས་པར་རྒྱབ་སྐྱོར་ཡོད། མ་གཞི་མཁྲིས་ནད་ཀྱིས་ཟིན་པ་དག་ལ་ཇི་ལྟར་ར་སྤྲད་ཀྱང་ཕན་ཐོག་རྒྱུར་ཁག་ཙམ་འདུག་སྟེ་ཁོང་ཚོར་ཟིན་བྱེད་ན་ཚ་མཁྲིས་ནད་ཡིན་ཕྱིར། གངས་དཀར་ལྷུན་པོ་གཞན་ཡང་དཀར་པོ་སྣང་བས་སོ།།

    Reply
  8. ཀླུ་སྨྱོན། says:
    ལོ་ 14 སྔོན།

    བཀའ་ཁྲིའི་བོད་ཡིག་ཤེས་མིན་དེ་ང་དང་འབྲེལ་བ་མེད། བཀའ་ཁྲིའི་ལས་ཀ་བྱེད་སྟངས་དེ་ང་དང་འབྲེལ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese