མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་ཚོགས་མི་གསུམ་བདག་པོ་རྒྱག་རོགས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་འདུས་མིག་ཆུ།

བོད་ཀྱི་རྒྱལ་གཅེས་དཔའ་བོ་ཡིན་ན་བོད་ནང་ལ་ཡོད་དགོས་པར་ལྟ་བ་དང་། མི་རིགས་ཀྱི་སླད་དུ་རང་ཉིད་ཡར་བར་འདོེར་ཐུབ་པའི་རྒྱལ་གཅེས་ལྷག་བསམ་པ་ཞིག་ནའང་བོད་ནང་མ་གཏོགས་མེད་པར་འདོད་པའི་ལྟ་ཚུལ་དེ་ནི། དོན་དངོས་སྟེང་ནས་ནོར་བ་དང་འཁྲུལ་བ་འབའ་ཞིག་གོ།

 

མི་རིགས་ཀྱི་སླད་དུ། སྐད་ཡིག་གི་དོན་དུ། རིག་གཞུང་གི་ཕྱིར་དུ་རང་ལུས་མེ་ལ་སྲེག་མཁན་དང་། རྒྱའི་བཙོན་ཁང་ལ་འགྲོ་མཁན་ཚོ་ཚང་མ་རྒྱལ་གཅེས་པ་དང་། ཕུགས་བསམ་པ་རྐྱང་རྐྱང་ཆགས་པ་ནི། གཙོ་བོ་རང་དོན་ཡལ་བར་དོར་ཞིང་། སྤྱི་དོན་ཁུར་དུ་འཁྱེར་བའི་རྒྱུ་མཚན་གྱིས་རེད་ལ། ཡང་ན་རང་བདེ་རྒྱབ་ལ་བསྐྱུར་ཞིང་། བོད་མི་སྤྱི་ཡོངས་ཀྱི་བདེ་བ་དོན་དུ་གཉེར་བས་ཡིན་པར་འདོད། རྡོག་རྩ་གཅིག་སྒྲིལ་ཞེས་པ་ནི། ལྟ་གྲུབ་གཅིག་མ་གཅིག་ལ་གཙོ་བོ་མི་ལྟ་ཞིང་། ཚོགས་པ་གཅིག་མི་གཅིག་ཀྱང་གཏན་ནས་མི་ལྟ། བདེན་དོན་འཐབ་རྩོད་བྱེད་པའི་སྐབས་སུ་ཚོགས་པ་ག་ཚོད་མང་ན་ཡང་རྡོག་རྩ་གཅིག་སྒྲིལ་བྱེད་མི་ཐུབ་པ་ཞིག་གཏན་ནས་ཡིན་མི་སྲིད། ལྟ་གྲུབ་མི་མཐུན་པ་ལ་བརྟེན་ནས་ཚོགས་པ་སོ་སོར་གྱེས་དགོས་པ་ཞིག་ཡིན་ཚེ། ཆོས་ལུགས་མཐུན་སྒྲིལ་ཞེས་པ་དེ་ནི་ནམ་མཁའི་པདྨོ་མ་ཡིན་ནམ། ནམ་ཡང་ལྟ་གྲུབ་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས། གཞན་གྱི་མགོ་གནོན་དང་ཡ་མེད་ཀྱི་ལས་བྱས་ཚེ། དེ་ལྟའི་བསྟན་པ་དར་བའི་སྤྱི་ཚོགས་དེ་ལ་ནམ་ཡང་བདེ་སྐྱིད་ཅིག་ཡོད་མི་སྲིད། རྒྱུ་མཚན་ནི། མཐུན་སྒྲིལ་གཏན་ནས་མེད་པས་སོ།།

 

མཐུན་སྒྲིལ་ཡོད་མེད་ནི་ལྟ་གྲུབ་མང་པོ་ཡོད་མེད་ལ་མི་ལྟ་བར་ལྟ་གྲུབ་གང་འདྲ་ཞིག་ཁྱེར་བའི་ཚོགས་པ་དེར་བརྩི་བཀུར་དང་། གདེང་འཇོག་རེ་བྱེད་ཐུབ་པའི་སྤྱི་ཚོགས་དེར་མཐུན་སྒྲིལ་ཡོད་ལ། ལྟ་གྲུབ་མི་མཐུན་པ་རྩ་མེད་བཟོ་དགོས་པར་འདོད་པའི་བྱ་ལས་སྤྱོད་གསུམ་དང་ལྡན་ལ། རང་གི་ལྟ་གྲུབ་དེ་ལས་གཞན་མི་དགོས་པར་འདོད་པའི་རང་མཆོག་གཞན་དམན་ལྟ་བའི་སྤྱི་ཚོགས་ལ་གཏན་ནས་མཐུན་སྒྲིལ་ཡོད་མི་སྲིད། དེ་ལྟ་ན་སྤྱི་ཚོགས་ཆུང་ལ་ཚོགས་པ་མང་པའི་བཙན་བྱོལ་སྤྱི་ཚོགས་འདིར་གཞོན་ནུ་ཚོགས་པ་གཙོས་བས་ལྟ་གྲུབ་ལ་ངེས་གཏན་མེད་པའི་ཚོགས་པ་ཧ་ཅང་མང་ན་ཡང་། དོན་དངོས་སྟེང་ནས་ལྟ་གྲུབ་མངོན་གསལ་དོད་ཤོས་ནི། བོད་མིའི་སྒྲིག་འཛུགས་དང་། གཞོན་ནུ་ལྷན་ཚོགས་གཉིས་ལྟ་གྲུབ་གསལ་ལ། ཕུགས་ཀྱི་དགོངས་པ་དང་། ལོ་རྒྱུས་ཀྱི་བདེན་དོན་ལ་གཞི་བཅོལ་བའི་ལྟ་གྲུབ་དང་ལྡན་པ་གཙོ་བོ་གཉིས་རེད། འདི་གཉིས་ལས་གཅིག་མེད་སོང་ན། བོད་བཙན་བྱོལ་སྤྱི་ཚོགས་ཀྱི་ཐོད་པ་ནས་མིག་གཅིག་མེད་པར་ཆགས་པ་དང་ཀུན་ནས་མཚུངས།

 

ཚོགས་པ་གཞན་ཚོར་ལྟ་གྲུབ་དང་ལངས་ཕྱོགས་འདི་ཡིན་གྱི་ངེས་གཏན་མེད་དུས། ལོ་རྒྱུས་ཀྱི་ལྟ་གྲུབ་ལ་གཞི་རྟེན་བཅོལ་བའི་གཞོན་ནུ་ལྷན་ཚོགས་དང་། ཛ་དྲག་གི་དོན་རྐྱེན་མྱུར་དུ་སེལ་བར་ཐབས་བྱུས་བླ་ན་མཐོ་བའི་བོད་མིའི་སྒྲིག་འཛུགས་གཉིས་ལ་རྒྱབ་སྐྱོར་དང་དཔུང་པ་མཉམ་འདེགས་བྱེད་དགོས་པ་ཉིད་དོ།། གཞོན་ལྷན་གྱི་ལངས་ཕྱོགས་བོད་མིའི་སྒྲིག་འཛུགས་དང་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས། ཁོང་ཅག་གིས་གང་བྱས་ཀྱི་བྱ་བྱེད་ལས་གསུམ་ཐམས་ཅད་ཆོ་མེད་དང་། དགོས་མེད། དོན་མེད་འབའ་ཞིག་ལ་བལྟས་ནས། ལེགས་ཕྱོགས་ཀྱི་ལས་དོན་ཡང་མི་དགོས་ཐན་ལྟས་ཉིད་དུ་བལྟས་ན། ཡག་རྟགས་ཤིག་དང་མཁས་རྟགས་ཤིག་ཡིན་པར་མི་འདོད་པ་མ་ཟད་། བླུན་རྟགས་འབའ་ཞིག་རེད་ཅེས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་བར་སྤོབས།

 

གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་འགའ་ཞིག་གིས་མི་རིགས་ཀྱི་བདེན་དོན་དང་། རྒྱལ་ཁབ་ཀྱི་རྩ་དོན་ཆེད་དུ་ཟས་བཅད་ངོ་རྒོལ་བྱས་ཏེ། ང་ཚོའི་ཁ་ཐོག་དང་མིག་ཐོག་ནས་མཆི་ལ་ཉེ་བཞིན་པའི་སྐབས་འདིར། བཙན་བྱོལ་ལ་མང་བའི་ཚོགས་པ་གཞན་དག་གིས་ཁོང་ཅག་གི་སླད་དུ་མར་མེ་ཁྲོམ་སྐོར་ཙམ་ཡང་མ་བྱས་པ་ནི། ངོ་མ་ཡིད་སྐྱོ་ལ་སེམས་རྨུགས་པའི་གནས་འབའ་ཞིག་རེད་ཨང་། འུ་ཅག་བཙན་བྱོལ་ཚོགས་པ་དག་གིས་བཙན་བྱོལ་ནས་ལས་འགུལ་སྤེལ་བ་དག་ལ་གདུང་སེམས་མཉམ་སྐྱེད་མི་བྱེད་པར་བོད་ནང་གཅིག་པོ་ནས་གནས་ཚུལ་ཞིག་བྱུང་བར་བསྒུགས་པ་ནི། ཅི་འདྲའི་ཐབས་རྡུགས་ཤིག་མ་རེད་དམ། བོད་ཕྱི་ནང་གཉིས་ཀ་ནས་མི་རིགས་ཀྱི་སླད་དུ་ཚེ་སྲོག་གིས་བདེན་དོན་རྩོད་ལེན་བྱེད་མཁན་མང་པོ་ཡོད་པས་འདྲ་མཉམ་གྱི་ལྟ་ཚུལ་བཟུང་ནས་ཕན་ཚུན་ལ་རྒྱབ་སྐྱོར་དང་། རོགས་འདེགས་བྱེད་ཐུབ་ན། དེ་ནི་ཁ་འཐོར་དགུ་འཐོར་དུ་གནས་བའི་མི་རིགས་འདིའི་མཐུན་སྒྲིལ་གྱི་ནུས་པ་ཐོན་པའི་གནད་གཙོ་བོ་རེད་སྙམ།

 

རྒྱལ་གཅེས་དཔའ་བོ་རུ་འབོད་འོས་ལ། མི་རིགས་བདེ་སྡུག་ལ་བློ་སེམས་མཐའ་དག་བཅོལ་བའི་ཟས་བཅད་ངོ་རྒོལ་བ་རྣམས་ང་ཚོའི་ཁ་ཐོག་མིག་ཐོག་ནས་ཤི་སོང་ན། སྐབས་དེར་ངོ་རྒོལ་འདྲ་བྱས། མིག་ཆུ་རེ་འདོན་ཁུལ་བྱས་ཀྱང་དགེ་མཚན་ག་རེ་འདུག་ཨང་། ད་ལྟའི་དཔའ་བོ་ཟས་བཅད་ངོ་རྒོལ་བ་གསུམ་གྱི་དགོས་འདུན་དེ་ཉིད་མངོན་གྱུར་ཡོང་ཐབས་སུ་ངེས་པར་མང་ཚོགས་རང་བཞིན་གྱི་ངོ་རྒོལ་ལས་འགུལ་ཞིག་སྤེལ་དགོས་ཀྱི་འདུག གཙོ་བོ་མཉམ་སྦྲེལ་རྒྱལ་ཚོགས་ལ་ཁ་གཏད་པའི་ལས་འགུལ་ཞིག་སྤེལ་ནས། ཟས་བཅད་ངོ་རྒོལ་བ་གསུམ་གྱི་ཚེ་སྲོག་སྐྱོབ་ཐབས་བྱ་དགོས་ཀྱི་འདུག

 

ཁོང་ཅག་གི་ངོ་རྒོལ་སར་ཆུ་རེ་འཁྱེར་ཁ་བཏགས་རེ་བཟུང་ནས་མིག་ཆུ་འདོན་ཁུལ་བྱེད་པ་ནི། མགོ་བདེ་དྲན་འཕྲུལ་ལ་གོམས་པའི་བྱེད་ཐབས་ཤིག་ཡིན་པ་ལས། རྒྱལ་གཅེས་པ་འདི་དག་གི་བདེ་སྡུག་ལྷག་བསམ་ངོ་ཤེས་པའི་རྒྱབ་སྐྱོར་ཞིག་རེད་གཏན་ནས་མི་འདོད། དོན་དངོས་གཞོན་ནུའི་ལངས་ཕྱོགས་གང་ཡིན་གཙོ་བོ་མ་ཡིན་པར། འདི་དག་གི་རྒྱལ་གཅེས་ལྷག་བསམ་དང་། རང་དོར་སྤྱི་ཕན་གྱི་ལས་བཟང་ལ་མཐོང་ཆེན་དང་རིན་ཐང་ཞིག་སྤྲོད་དགོས་པར་སེམས་ལ། ལྷག་པར་བལྟས་བལྟས་རིག་རིག་ལ་རྒྱལ་གཅེས་པ་འདི་དག་མཆི་ལམ་དུ་འགྲོ་མ་བཅུག་ན་མི་འགྲིག་གམ། རྒྱ་གར་ཉེན་རྟོགས་པས་འདི་དག་གི་ཚེ་སྲོག་མ་བསྐྱབས་པའི་སྔོན་ལ་ང་རང་ཚོ་རང་ཉིད་ཀྱི་ངོས་ནས་གཞོན་ནུའི་ལས་འགུལ་བ་དག་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་ཞིག་དང་། མཉམ་སྦྲེལ་རྒྱལ་ཚོགས་འགུལ་སྐྱོད་ཅིག་ཡོད་པ་ཞིག་བྱས་ནས། བླ་ན་མེད་པའི་ཚེ་སྲོག་གི་རྒྱུན་བཟང་འདི་ཉིད་སྐྱོབ་ཐབས་བྱ་དགོས།

 

ལྟ་གྲུབ་མང་པོ་ཡོད་པའི་སྤྱི་ཚོགས་དེ་ཉིད་ངན་པ་ཞིག་ཡིན་པའི་ངེས་པ་མེད་ཀྱང་། ལྟ་གྲུབ་ཕན་ཚུན་ལ་བརྩི་བཀུར་དང་། རོགས་འདེགས་མེད་ན་དེ་ནི་ངོ་མ་སྤྱི་ཚོགས་དེ་ཉིད་རྒུད་མཐར་འགྲོ་བའི་སྤྱི་ཚོགས་ཤིག་ཡིན་ངེས་ལ། ཡང་ན་ག་ཚོད་ཁ་སྙན་སྙན་དང་ངོ་འཛུམ་འཛུམ་འདྲ་བྱས་ཀྱང་རྡོག་རྩ་གཅིག་སྒྲིལ་མེད་པའི་སྤྱི་ཚོགས་ཡ་མ་བརླ་ཞིག་ཡིན་པ་ཐག་གིས་བཅད་ནས་བཤད་ཆོག དེ་ལྟ་ན་ང་ཚོའི་ཁ་ཐོག་མིག་ཐོག་ནས་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་སླད་དུ་ཉིན་གཅིག་ཙམ་མ་ཡིན་པར་དུས་ཡུན་རིང་པོའི་ནང་ཟས་བཅད་ཆུ་བཅད་ཀྱི་བགྱི་བ་དང་ལེན་བྱེད་བཞིན་པའི་གཞོན་ནུའི་ཚོགས་མི་དག་གི་དཀའ་སྡུག་ལ་གོ་ཤེས་བསམ་ཤེས་བྱ་དགོས་ཀྱི་འདུག་ལ། མ་ཟད་ཤིང་སྡོང་ཞིག་གམ་རྡོ་ལོག་ཅིག་རྒྱ་གར་རྒྱལ་ས་ལྡི་ལིར་རིལ་བསྡད་པ་མ་ཡིན་པར་ང་ཚོའི་ཤ་རུས་གདུང་རྒྱུད་གཅིག་པའི་མི་བུ་གསུམ་གྱིས་རླབས་ཆེན་ཚེ་སྲོག་བློས་གཏོང་བྱེད་བཞིན་པ་ཤེས་ན་བཟང་།

 

མདོར་བསྡུས་ན་ཁོང་ཅག་གི་ཚེ་སྲོག་སྐྱོབ་པ་ལ་ཁོང་ཚོས་གནས་སྐབས་རང་བཏོན་པའི་རྩ་དོན་གྱི་དོན་རྩ་དེ་དག་མངོན་གྱུར་ཡོང་བར་ཚོགས་པ་སྐྱིད་སྡིག་ཁག་གཙོས་པའི་བོད་མིའི་སྒྲིག་འཛུགས་དང་བཅས་པ་མཉམ་སྦྲེལ་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱལ་ཚོགས་སོགས་ལ། སྐད་འབོད་ཁྲོམ་སྐོར་དང་། སྙན་ཞུ་གཏམ་གླེང་སོགས་གང་བྱ་དགོས་སར་ཚང་མར་བྱས་ནས། གཞོན་ནུའི་རྒྱུན་ལས་གསུམ་ཤི་སོང་ནའང་འགྱོད་པ་མེད་ཅིག་ངེས་པར་བཟོ་དགོས་ཀྱི་འདུག་སྙམ་པ་དེའོ།།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 8

  1. ཨ་འདུས་མིག་ཆུ། says:
    ལོ་ 13 སྔོན།

    གྲོགས་པོ་ཕུན་ཚོགས་ལགས། སྐབས་དང་མཚམས་སུ་སླེབས་ནས་ཕྲན་ལ་ཡར་སྐུལ་དང་། རྒྱབ་སྐྱོར་གང་མང་བྱེད་བཞིན་པ་ལ་སྙིང་ཐུགས་རྗེ་ཆེ་ཞུ།

    འུ་ཚོའི་སྤྱི་ཚོགས་འདི་དང་གནའ་སྔ་མོའི་དགེ་འདུན་ཆོས་འཕེལ་སོགས་ཀྱི་སྐབས་ཀྱི་སྤྱི་ཚོགས་གཉིས་ལ་བསམ་གཞིགས་ནན་མོ་བྱས་ཚེ་ཁྱད་པར་གང་ཡང་མི་འདུག་གོ།

    སྐབས་དེར་ཡང་སྐྱོན་གཅིག་གཉིས་ཤིག་གིས་མི་དེའམ་ཚོགས་པ་གང་ཞིག་ནག་པོ་ནག་རྐྱང་དང་། དགོས་མེད་ཆོ་མེད་ཅིག་ལ་བལྟས་ན། གཅིག་སྒྲིལ་གྱི་ནུས་པ་ཕངས་མེད་དུ་དོར་པས། ད་ལྟའི་གནས་བབ་འདི་བྱུང་བ་མངོན་གསལ་རེད།།

    ད་ཡང་ཁ་ནས་དུས་རབས་ཉེར་གཅིག་པ་ཞེས་འུར་གྱིས་སྒྲོག་མོད་དོན་དམ་པར་སེམས་ལ་ལྟ་བ་མཉམ་གནས་ཀྱི་བསམ་བློ་མེད་ལ། རང་རྒྱལ་བ་གཞན་ཕན་པའི་འདུ་ཤེས་རྣལ་མ་ཞིག་སྙིང་ལ་བཅིངས་ནས། མི་རིགས་འདི་ལ་ནམ་ཡང་ཕན་པ་ལས་གནད་པའི་ལས་མང་པོ་མང་པོ་བྱེད་ཀྱི་མི་འདུག་གམ།

    Reply
  2. ཕུན་ཚོགས ། says:
    ལོ་ 13 སྔོན།

    གྲོགས་པོ་ཨ་འདུས་མིག་ཆུས་གནས་ལུགས་ཀྱི་རྒྱབ་རྩར་ལངས་ནས་སྐད་ཆ་ཁ་ཤས་བཤད་པ་ཤིན་ཏུ་ལེགས། འདི་ལ་ད་གཟོད་གནས་ལུགས་ལ་གུས་བརྩི་བྱེད་སྟངས་ཟེར་བ་རེད་ལ། གནས་ལུགས་དང་དུ་ལེན་སྟངས་ཤིག་ཀྱང་ཡིན། ངོ་མ་བཟང་གི།

    གྲོགས་པོ་འདིའི་རྩོམ་ཡིག་སྔ་ཕྱི་གང་ལ་བལྟས་ཀྱང་ཡར་རྒྱས་ཤིན་ཆེ་བ་དང་རེ་བ་ཅན་གྱི་རྩོམ་པ་པོ་ཞིག་ཏུ་འགྱུར་བའི་ཡིད་ཆེས་གཙང་མ་ཡོད་པས། མུ་མཐུད་དུ་ཤོག རེ་བས་སྒུག་ནས་འདུག

    Reply
  3. ཨ་འདུས་མིག་ཆུ། says:
    ལོ་ 13 སྔོན།

    དྲ་གྲོགས་གསེར་འབྲུག་སྡེར་ལྔ་དང་། ཡུལ་གྱར་བ། དེ་བཞིན་མི་ཆུང་། ཤར་སྐྱེས་བཅས་ཕེབས་ནས་དགོངས་ཚུལ་ཡག་པོ་རེ་གསུངས་པར་སྙིང་ཐག་པ་ནས་དགའ་བསུ་དང་། ཐུགས་རྗེ་ཆེ་ཞུ།

    སྐབས་ཐོག་འདི་འདྲའི་སྐབས་སུ་གླེང་གཞི་འདིའི་རིགས་ནི། ངོ་མ་གླེང་འོས་ལ་ཕན་ཚུན་གྲོས་བསྡུར་བྱ་ཆོག་པའི་གནས་གལ་ཆེན་ཞིག་ཡིན་པར་འདོད་མོད། མོ་ལ་དད་པ་ཆེ་ཞིང་། ཆགས་སྲིད་ལ་མགོ་བོ་འཁོར་བའི་མཆན་འདེབས་པ་དག་གིས་འདི་ཚོ་མིག་གིས་མཐོང་གི་མ་རེད་ལ། གོ་ཡང་རིན་ཐང་ཞིག་མཐོང་གི་མ་རེད།

    གང་ལྟར་འུ་ཅག་གིས་ངེས་པར་དུ་མཐུན་སྒྲིལ་ཞེས་སྐད་གང་འདྲ་ཞིག་བརྒྱབས་ཀྱང་། ཕྱོགས་གང་ཐད་ནས་མཐུན་སྒྲིལ་གྱི་ཐོག་ལ་བསམ་གཞིགས་དང་། མཐུན་སྒྲིལ་གྱི་ཁ་ཕྱོགས་གྲོས་ཁ་བསྡུར་ནས། གང་ས་གང་ནས་མི་རིགས་འདི་རྡོག་རྩ་གོང་བུར་བསྒྲིལ་བ་ཞིག་བཟོ་བར་སྒོ་གང་ཐད་ནས་འབད་པ་བྱེད་དགོས་ཀྱི་འདུག་སྙམ།

    དེ་བཞིན་དུ་ས་གནས་ལུང་ཚན་གཙོ་བོ་མ་ཡིན་པ་དང་། ཆོལ་ཁ་ཆོས་ལུགས་གནད་འགའ་མ་ཡིན་པ། ལྟ་བ་གཙོ་ཕལ་གྱི་དབྱེ་བ་མེད་པའི་ཐོག་ནས་མི་རིགས་གཅིག་དང་། རྒྱལ་ཁབ་གཅིག སྐད་ཡིག་གཅིག འཐབ་རྩོད་ཀྱི་ཁ་ཕྱོགས་གཅིག་གི་ངོ་བོ་ཐོག་ནས་མཐུབ་སྒྲིལ་དང་བྱ་དགོས་པ་དང་། མཉམ་རུབ་བྱ་དགོས་པ་འབོད་སྐུལ་དང་། སྦྱང་བཤད་བྱ་དགོས་པའི་གནས་ལ་བབ་འདུག་གོ་སྙམ།

    Reply
  4. ཤར་སྐྱེས། says:
    ལོ་ 13 སྔོན།

    གྲོགས་མིག་ཆུ་ལགས། ཁྱེད་ཀྱིས་འདི་ལྟའི་རྭ་ཅོ་ལས་གུ་དོག་པའི་སྤྱི་ཚོགས་སུ། མདུན་མཆོང་གི་སྤོབས་པ་གསོན་པོས། འདི་ལྟའི་གུ་ཡངས་རྒྱང་འབོད་དང་།
    ཡང་ན་ཚད་འགྲོ་གནད་སྨིན་གྱི་སྐད་ཆ་ཞིག་བཤད་པར་བདག་དགའ་བ་ཡིན།
    ཡིན་ན་ཡང་། ཐམས་ཅད་མཁྱེན་པར་མི་འདོད་པས།
    དཔེར་ན། ཡིག་ནོར་ཚབས་ཆེན་འགའ་ལྟ་བུ་ལ་ཡིད་གཟབ་བྱས་ན་ལེགས་སྙམ།

    Reply
  5. ཤར་སྐྱེས། says:
    ལོ་ 14 སྔོན།

    གྲོགས་མིག་ཆུ་ལགས། ཁྱེད་ཀྱིས་འདི་རྭ་ཅོ་ལས་གུ་དོགས་པའི་སྤྱི་ཚོགས་སུ། མདུན་མཆོང་གི་སྤོབས་པ་གསོན་པོས། འདི་ལྟའི་གུ་ཡངས་རྒྱང་འབོད་དང་། ཡང་ན་ཚད་འགྲོ་གནད་སྨིན་གྱི་སྐད་ཆ་ཞིག་བཤད་པར་བདག་དགའ་བ་ཡིན།
    ཡིན་ན་ཡང་། ཐམས་ཅད་མཁྱེན་པར་མི་འདོད་པས།
    དཔེར་ན། ཡིག་ནོར་ཚབས་ཆེན་འགའ་ལྟ་བུ་ལ་ཡིད་གཟབ་བྱས་ན་ལེགས་སྙམ།

    Reply
  6. མི་ཆུང་། says:
    ལོ་ 14 སྔོན།

    ཨ་འདུས་མིག་ཆུ ཁོང་ཅག་ལ་སེམས་ཁྲལ་མི་དགོས རྒྱལ་གཅེས་པའི་ཕུགས་འདུན་དེ མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་འཆི་བར་མི་སྐྲག་པའི་སྙིང་སྟོབས་དེ་རེད དུས་རབས་ཉི་ཤུ་པའི་མགོ་སྟོད་དུ་མན་ཇུ་དང་གོ་མིན་ཏང་ དེ་ནས་གོ་མིན་ཏང་དང་དམར་ཤོག དེ་ཚོའི་ལོ་རྒྱུས་ལ་ཞིག་ལྟོས་དང་ རྒྱལ་གཅེས་པ་ཞེས་པའི་ཆོས་ཉིད་དེ་ཤེས་འོང་

    ངས་བཤད་འདོད་པ་དེ འཆི་གསོན་ལ་སེམས་ཁྲལ་མ་བྱེད འགྲུབ་འབྲས་དང་མུ་འཐུད་རྒྱུར་རེ་བ་དང་ཆོད་སེམས་དགོས་པ་དེ་རེད

    Reply
  7. ཡུལ་གྱར་བ། says:
    ལོ་ 14 སྔོན།

    ཨ་འདུས་མིག་ཆུ་ཞུ་བས་རིན་ཐང་ལྡན་པའི་རྩོམ་ཡིག་སྤེལ་བར་དགའ་བསུ་ཞུ། སྤྱི་འཐུས་ཞེ་གྲངས་འདུས་པའི་གྲོས་ཚོས་སུ་སྤྱི་འཐུས་སུས་ཀྱང་འདིའི་སྐོར་གླེང་སློང་ཙམ་ཡང་གནང་མེད་བཟོ་འདུག གཞོན་ལྷན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མེད་ཀྱང་ཐ་ན་མི་གསུམ་པོའི་ཚེ་སྲོག་གི་རིན་ཐང་ལ་གུས་བརྩི་ཞུ་མཁན་ཞིག་མེད་པ་རེད་དམ། ཉེ་ཆར་ཚོགས་པ་བཅུ་གཅིག་ཟེར་བའི་སྒྲག་གཏམ་ལ་གཟིགས་དང་། གཞོན་ནུའི་སྒྲིག་འཛུགས་འདི་རྩ་གཏོར་དུ་གཏོང་རྒྱུ་ལས་བོད་པའི་རྩ་དོན་ལ་གཟིགས་བཞིན་འདུག་གམ། གང་ལྟར་སེམས་ཕམས་དགོས་པའི་གནས་ཚུལ་རེད།

    Reply
  8. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    ཨ་འདུས་ལགས། སྐུ་ཁམས་བཟང་།
    བདེན་དོན་དང་ལ་རྒྱ་དྲང་གཏམ་གྱིས་ཕྱུགས་པའི་ཁ་ཚ་དགོས་གཏུགས་ཀྱི་རྩོམ་ཡིག་ཞིག་སྤེལ་བར་དགའ་ནས་ཡོད་ལ་རྒྱབ་སྐྱོར་དང་རྗེས་སུ་ཡིད་རང་ཡོད།
    རེད་ཡ། བཙན་བྱོལ་ན་བོད་དང་བོད་མི་རིགས་ཀྱི་ལ་རྒྱ་བོར། མི་གཤིས་ཉམས། རང་ཚུགས་ཤོར། མི་རིགས་ཀྱི་ལྟ་བ་མེད་པའི་མི་བུ་ཡ་མ་བརླ་ཅན་འགས་བོད་དང་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་རང་གི་ཕ་མ་དང་སྤུན་མཆེད་ཕུ་བོ་མིང་སྲིང་བཅས་པ་དམར་གསོད་གཏོང་མཁན་དང་། ཁ་རྗེ་དབང་ཐང་དང་བཅས་པ་བཙན་ཕྲོགས་བྱེད་མཁན་དང་གཉེན་སྒྲིག་ཆེན་མོ་དང་དགའ་གྲོགས་བསྒྲིག་རྒྱུ་མ་གཏོགས་མེད་པ་རེད། བྱས་ཙང་ཡོད་ཚད་བློས་གཏོང་གིས་བོད་དང་བོད་མི་རིགས་ཀྱི་དོན་དུ་སྐུ་གཟུགས་ལེགས་སྐྱེས་སུ་འབུལ་མཁན་གྱི་དཔའ་བོ་དང་དཔའ་མོ་རྣམས་ནི་ཁོ་ཚོའི་འགལ་འདུ་ཆགས་པ་མ་ཟད། འགལ་འདུའི་འདུ་ཤེས་ཡ་མ་བརླ་དེས། ཆོས་ལུགས་མཐུན་སྒྲིལ་དང་མི་རིགས་མཐུན་སྒྲིལ་ནི་ཁ་སྟོང་ནང་གི་ཚིག་སྟོང་རེད་ལ་ནམ་མཁའི་མེ་ཏོག་ཞེས་པ་དེ་བདེན་པ་བདེན་རྐྱང་རེད་འདུག་གོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese