མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་ཟས་བཅད་པ་བཙན་ཁྲིད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་གུང་རྒྱ་གར་ཉེན་རྟོག་པས་ལྡི་ལིར་ཟས་བཅད་ངོ་རྒོལ་གནང་བཞིན་པའི་གཞོན་ནུའི་དབུས་རྒྱུན་གསུམ་བཙན་ཚུཊ་ཀྱིས་སྨན་ཁང་དུ་ཁྲིད་འདུག

ཟླ་འདིའི་ཕྱི་ཚེས་  ༣ ཉིན་ནས་བཟུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་དང་། སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་། རིག་གཞུང་འགན་འཛིན་འཇིགས་མེད་བཅས་དབུས་རྒྱུན་ལས་གསུམ་གྱིས། རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་ས་གནས་སུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ། དེ་རིང་བར་ཉིན་གྲངས་ ༢༠ འགྲོ་བཞིན་ཡོད་པ་ལྟར། དེ་རིང་ཉིན་གུང་ཆུ་ཚོད་ ༡།༤༠ ཡས་མས་སུ་ཉེན་རྟོག་པ་ཡང་བསྐྱར་ཇན་ཏར་མན་ཏར་ས་གནས་སུ་ཡོང་སྟེ། ལས་འགུལ་བ་གསུམ་བཙན་གྱིས་ (RML) རྒྱ་གར་སྨན་ཁང་དུ་ཁྲིད་ཡོད་པ་མ་ཟད། ཟས་བཅད་པའི་གུར་དང་འཕྲེད་དར་སོགས་གཞུང་བཞེས་བཏང་ཡོད་འདུག

དེའི་ཐད་གསར་འགོད་པས་ཁ་པར་བརྒྱུད་གཞོན་ནུའི་ཟུང་དྲུང་བསྟན་འཛིན་ནོར་བཟང་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ ང་ཚོས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ་དེ་རིང་བར་ཉིན་གྲངས་ ༢༠ འགྲོ་བཞིན་ཡོད་ཀྱང་། ཉིན་གུང་ཆུ་ཚོད་ ༡༢ ཡས་མས་སུ་ཉེན་རྟོག་པས་སྨན་པ་ཁྲིད་ཡོང་སྟེ་བརྟག་དཔྱད་བྱས་རྗེས། ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་གཟུཊ་པོའིོ་གནས་སྟངས་སྐྱོ་བོ་ཆཊ་ཡོད་པ་དང་། སྤེན་པ་ཚེ་རིང་ལགས་ཁྲག་ཤེད་ ༡༦༠ བརྒལ་ཏེ་ཉེན་ཁའི་གནས་སུ་གྱུར་ཡོད་ཚུལ་བཤད་དེ་མཐའ་མར་ཁོང་གསུམ་ཁྲིད་རྩིས་བྱས་སོང་། སྐབས་དེར་ཁོང་གསུམ་གྱི་འགྲོ་རྒྱུ་མིན་ཞེས་བཤད་ཀྱང་ཆུ་ཚོད་ ༡།༤༠ ཡས་མས་སུ་ཉེན་རྟོགས་པས་བཙན་གྱིས་སྨན་ཁང་དུ་ཁྲིད་སོང་བ་མ་ཟད། ཉེན་རྟོག་པ་ཚོས་ཟས་བཅད་ངོ་རྒོལ་བའི་གུར་དང་འཕྲེད་དར་ཆ་ཚང་འཁྱེར་བྱས་སོང་” ཞེས་དང་།

ཁོང་གིས་མུ་མཐུད་དུ། “ ང་ཚོའི་ངོས་ནས་སྨན་ཁང་ནང་མ་ལྷག་པར་དུ་ཟས་བཅད་ངོ་རྒོལ་མཇུག་སྒྲིལ་གྱི་མིན། སྨན་ཁང་ནང་ལྷག་པ་ཡིན་ན་མཇུག་སྒྲིལ་མིན་གྱི་གནས་ཚུལ་ཁ་ཁ་རེད། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་འདས་པའི་ཉིན་གྲངས་ ༢༠ རིང་ཟས་བཅད་ངོ་རྒོལ་བའི་དགོས་འདུན་ཁག་མཉམ་འབྲེལ་རྒྱལ་ཚོཊ་དང་ཡུ་རོབ་གྲོས་ཚོཊ། དེ་བཞིན་རྒྱལ་ཁབ་ ༥༡ ལྷག་ལ་ཡི་གེ་བཏང་བ་དང་། གྲོས་ཚོགས་འཐུས་མི་སོགས་ལ་མཇལ་འཕྲད་བྱས་པ་བརྒྱུད། ད་ལྟ་ཚོགས་བཞིན་པའི་སུད་སི་ཇི་ནེ་ཝར་མཉམ་འབྲེལ་རྒྱལ་ཚོཊ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་འདུའི་ནང་བོད་དོན་གླེང་སློང་ཤུཊ་ཆེར་བྱས་ཡོད་འདུག་ལ། ཁ་སང་ཡུ་རོབ་གྲོས་ཚོགས་ཀྱི་མི་སྣ་དང་རྒྱ་ནག་སྲིད་བློན་ཝུན་ཅཱ་པའོ་ཐུག་འཕྲད་སྐབས་བོད་དོན་གླེང་སློང་ཤུཊ་ཆེར་བྱས་འདུག གནས་སྟངས་དེ་དག་ལས་ང་ཚོས་ལས་འགུལ་གྱི་ཤུགས་རྐྱེན་ཞིག་འགྲོ་བཞིན་པ་གསལ་པོ་རེད། མ་འོངས་པར་ང་ཚོའི་ངོས་ནས་ཡུ་རོབ་གྲོས་ཚོགས་དང་། རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣར་ཡང་བསྐྱར་ཐུག་འཕྲད་བྱས་ཏེ། བོད་ནང་གི་གནས་སྟངས་དང་ཟས་བཅད་ངོ་རྒོལ་བའི་དགོས་འདུན་ཁག་ཞུ་འཆར་ཡོད། ”ཅེས་བརྗོད་བྱུང་།   

ཐེངས་འདིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་གནང་བའི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་གྱི་ཉིན་དང་པོར། རྒྱ་གར་ཉེན་རྟོག་པས་ཟས་བཅད་བ་གསུམ་བཙན་ཁྲིད་བྱས་པའི་གནས་ཚུལ་བྱུང་ཡོད་པ་མ་ཟད། ཟས་བཅད་ངོ་རྒོལ་གྱི་ཉིན་གྲངས་  ༧ འགྲོ་བའི་སྐབས་སུ། ཉེན་རྟོག་པས་ཡིག་ཐོག་ནས་ཟས་བཅད་ངོ་རྒོལ་མཚམས་འཇོག་དགོས་པའི་བརྡ་ལན་སྤྲད་ཡོད་འདུག་ལ། ཉིན་གྲངས་ ༡༧ འགྲོ་བའི་སྐབས་སུ་ཡང་བསྐྱར་སྨན་པ་ཁྲིད་ཡོང་སྟེ། ཟས་བཅད་བའི་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་སྟབས། འཕྲལ་ཏུ་མཚམས་འཇོག་བྱ་དགོས་པའི་བརྡ་ལན་སྤྲད་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༡༠ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 6

  1. ཡར་ཀླུང་པ། says:
    ལོ་ 14 སྔོན།

    ཐོག་མ་མགོ་འཛུགས་ཀྱི་ཉིན་དང་པོ་ནས་དེ་རིང་གི་ཉི་མ་འདི་འདྲ་ཞིག་ཡོད་པ་གསལ་བོར་མཐོང་གི་འདུག
    ཐེངས་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་(བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ)ཞེས་པའི་མཚན་བྱང་དེར་བདག་པོ་རྒྱག་ཐུབ་དང་མི་ཐུབ་གསལ་བོར་མིག་གིས་མཐོང་ཡོད་ཤག་ཡིན།

    Reply
  2. རིག་རྒྱམ། says:
    ལོ་ 14 སྔོན།

    གངས་ཅན་གཞོན་ནུ་བཙན་པོའི་ཕོ་ཉ་ཡིན།། གངས་ཅན་གཞོན་ནུ་གངས་རིའི་བློ་སྙིང་ཡིན།། གངས་ཅན་གཞོན་ནུ་ཁ་བའི་རླུང་རྟ་ཡིན།། གངས་ཅན་གཞོན་ནུའི་བསམ་དོན་འགྲུབ་པར་ཤོག །

    Reply
  3. ཟླ་བ་དོན་འགྲུབ། says:
    ལོ་ 14 སྔོན།

    ཁོང་རྣམས་ཀྱི་སྙིང་སྟོབས་ལ་ཡི་རངས་ཞུ། དེ་ཙམ་ལས་ཚིག་སྟོང་ཏག་ཏག་མི་བཤད།

    Reply
  4. ཀླུ་ཚང་འབྲུག་མཁར། says:
    ལོ་ 14 སྔོན།

    དེ་རིང་གཞོན་ནུའི་ཟས་བཅད་ངོ་རྒོལ་བ་གསུམ་རྒྱ་གར་སྐོར་སྲུང་བས་བཙན་ཁྲིད་བྱས་པ་དེ་ཕལ་ཆེར་རྒྱ་དམར་གྱི་དབང་ཤུགས་ཡིན་རྒྱུ་རེད།

    Reply
  5. ཀླུ་ཚང་འབྲུག་མཁར། says:
    ལོ་ 14 སྔོན།

    ལས་འགུལ་གྱི་ངོ་བོ་མི་འདྲ་ཡང་།དོན་འབྲས་ནི་བོད་རྩ་དོན་ཁོ་ན་ཡིན་རྒྱུ་རེད་བསམ་པའི་རེ་བ་བརྒྱབ་དང་རྒྱག་བཞིན་ཡོད།སོ་སོའི་ཐད་ནས་ལས་འགུལ་སྤེལ་མི་ཐུབ་ཀྱང་ལྷག་བསམ་དང་སྙིང་སྟོབས་ཅན་གྱིས་དེ་འདྲའི་རླབས་ཆེན་གྱི་ལས་འགུལ་སྤེལ་བ་ལ་རྗེས་སུ་ཡིད་རིང་བྱེད་དགོས་སོ།།

    Reply
  6. མི་ཆུང་། says:
    ལོ་ 14 སྔོན།

    གཞོན་ནུའི་ལས་འགུལ་བ་རྣམས་ལ་གུས་བཏུད་ཞུ འོན་ཀྱང་ལས་འགུལ་གྱི་མཇུག་འབྲས་ཕལ་ཆེར་མང་ཆེ་བས་ཤེས་ཀྱི་ཡོད ད་དུང་གཞན་ཞིག་ཞུ་རྒྱུར རྒྱལ་ཚོགས་ནང་བོད་དོན་གླེང་བྱུང་བ་དེ་ནི་ད་བར་བོད་ནང་གི་དཔའ་བོ་དང་དཔའ་མོ་ཚོས རང་སྲོག་འབེན་དུ་བཙུགས་ནས་དམར་པོའི་༌མེ་ལྕེར་སྒྲོན་པ་ལས་བྱུང་བ་ནི་སུ་ལ་ཡང་འགྲེལ་མི་དགོས དེས་ན་འགྲུབ་འབྲས་ལ་ང་ཡི་ཡིན་དང་ཁོ་ཡི་ཡིན་གྱི་གནད་དོན་གཙོ་བོ་མ་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese