མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོའི་མཐུན་ཚོཊ་ཀྱི་རྒྱུན་ལས་གསར་འདེམས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དགོང་དྲོ་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་གསུམ་པ་མཇུག་སྒྲིལ་ཏེ། སྐབས་བཞི་པའི་རྒྱུན་ལས་ ༡༡ གསར་འདེམས་བྱུང་སོང་།

དེ་རིང་ཕྱི་ཚེས་ ༢༣ ཉིན། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཚོམས་ཆེན་ནང་། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ ༣༠ ལྷག་འདུ་འཛོམས་ཐོག ཕྱི་དྲོ་ཆུ་ཚོད་ ༢ དང་ཕྱེད་ཀ་ནས་དགོང་མོ་ཆུ་ཚོད་ ༧ དང་ཕྱེད་ཀའི་བར་ཚོགས་པའི་སྒྲིག་གཞི་དང་། ཚོགས་ཆེན་སྐབས་གསུམ་པའི་ཐོག་བཞག་པའི་གྲོས་ཆོད་ཁག དེ་བཞིན། ལས་གཞི་གསར་བ་དང་མ་འོངས་ལས་འཆར་སོགས་ཀྱི་ཐོག་བགྲོ་གླེང་སྦྱང་བཤད་གནང་སྟེ། སྒྲིག་གཞིར་བསྐྱར་བཅོས་དང་གྲོས་ཆོད་གསར་འཇོག་བཅས་གནང་མཐར།  སྐབས་རྗེས་མའི་རྒྱུན་ལས་ ༡༡ གསར་དུ་འདེམས་ཐོན་གྱིས། ཁོང་རྣམ་པར་རྟེན་འབྲེལ་གྱི་ཁ་བཏགས་སྒྲོན་ཏེ་ཚོགས་འདུ་ཡོངས་སུ་མཇུག་སྒྲིལ་ཡོད།

འདེམས་ཐོན་བྱུང་བའི་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐབས་བཞི་བའི་རྒྱུན་ལས་རྣམས་ནི། ཆབ་བྲག་ལྷ་མོ་སྐྱབས། སྤྲོ་ཚིགས་ཆོས་གྲགས། རྫ་ཚེ་རིང་བཀྲ་ཤིས། གཅན་ཡུ་མོ། གཡུ་སྒང་འོད་ཟེར། ཨ་རིག་དགེ་མཐོང་། རྡོ་རྗེ་ཚེ་རིང་། ཁ་སྒང་བསམ་གཏན། མེ་འོད། སྨན་གཤེར་བློ་གྲོས། གཟུངས་འདུས་སྐྱིད་བཅས་རེད།   

ཐེངས་འདིའི་ཚོགས་ཆེན་ཐོག་མཐུན་ཚོགས་ཀྱི་སྒྲིག་གཞིའི་ཁྱབ་ཚད་ནི་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ལ་ཁྱབ་པ་གཏན་འབེབས་དང་། རྒྱུན་ལས་འདེམས་བསྐོ་དང་ལས་བགོ་བྱ་ཕྱོགས་ཐད། སྔོན་འགྲོ་དང་དངོས་གཞི་རིམ་པ་གཉིས་བརྒྱུད་ནས་རྒྱུན་ལས་འདེམས་དགོས་པ་དང་། ཚོགས་གཙོ་ནི་རྒྱུན་ལས་ནང་ཁུལ་ནས་འདེམས་རྒྱུ། རྒྱུན་ལས་ཚོས་རང་གི་ལས་གནས་ཁག་བགོས་ཀྱིས་དབང་ཚད་གཏན་འཁེལ་བྱ་རྒྱུ། དེ་བཞིན། མ་འོངས་པར་སྒྲིག་གཞི་བསྐྱར་བཅོས་བྱ་ཕྱོགས་ཐད་ནས། སྒྲིག་གཞི་དོན་ཚན་གང་རུང་ལ་བསྐྱར་བཅོས་དགོས་ཚེ་ཚོགས་བཅར་བ་སུམ་ཆའི་གཉིས་ཀྱི་རྒྱབ་སྐྱོར་དགོས་པ་བཅས་གསར་སྣོན་གཏན་འབེབས་བྱུང་སོང་།  

དེ་བཞིན། ཚོགས་པའི་མ་འོངས་པའི་ལས་འཆར་གྱི་ཐད་ནས། ལོ་གསུམ་རེའི་མཚམས་སུ་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་རྩོམ་པ་པོ་དང་བརྩམས་ཆོས་རྩེ་གྲས་བདམས་ཏེ་བྱ་དགའ་སྤྲོད་རྒྱུ། བོད་ནང་རྒྱའི་བཙོན་འོག་ཏུ་མནར་གཅོད་མྱོང་བཞིན་པའི་བོད་རིགས་རྩོམ་པ་པོ་རྣམས་ཀྱི་གནས་ཚུལ་སྐོར་ནས་སྙན་ཐོའི་དེབ་ཅིག་གསར་འདོན་བྱ་རྒྱུ། མ་འོངས་པར་རྩོམ་པ་པོ་མཐུན་ཚོགས་ཀྱི་དྲ་རྒྱ་དང་ཚགས་པར་སྟེང་འགོད་ཀྱིན་རྩོམ་ཡིག་དག་ལ་རྩོམ་ཡོན་སྤྲོད་ཐུབ་རྒྱུའི་ཐད་འབད་བརྩོན་ཐབས་འཚོལ་གནང་རྒྱུ་སོགས་ལས་འཆར་ཁག་ཅིག་ཀྱང་མང་མོས་གཏན་འབེབས་བྱས་ཡོད་པ་རེད།  

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 10

  1. ཟླ་བ་དོན་འགྲུབ། says:
    ལོ་ 14 སྔོན།

    དགའ་བསུ་ཞུ།

    Reply
  2. བོད་དགའ། says:
    ལོ་ 14 སྔོན།

    སྤྲོ་ཚིག་ཆོས་གྲགས་ལགས་ཕོ་གསར་རྫིག་པོ་ཞིག་ཆགས་འདུག དམིགས་བསལ་བཀྲིས་བདེ་ལེགས་ཞུ།

    Reply
  3. ཐུབ་བསྟན། says:
    ལོ་ 14 སྔོན།

    རྒན་ཆབ་བྲག་ཕོ་ཉ་གཙོ་བྱས་པའི་རྩོམ་པ་པོའི་རྒྱུན་ལས་རྣམ་པར་འཚམས་ཞུ་བཀྲ་ཤིས་བདེ་ལེགས་དང་བོད་གངས་ཅན་གྱི་རིག་གཞུང་སྔ་ན་མེད་བྱས་རྗེས་རླབས་ཆེན་འཇོག་ཐུབ་པར་ཤོག

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    རྒྱུན་ལས་གསར་པ་ཚོར་འཚམས་འདྲི་ཞུ། གསར་རྙིང་རྩིས་སྤྲོད་དང་འབྲེལ་བའི་ལས་དོན་གནང་སྐབས། ཚོགས་པའི་དམིགས་ཡུལ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་དང། གནང་ཐུབ་པ། གནང་དགོས་པ། རྩ་དོན་ལ་ཕན་ངེས་ཅན་གྱི་ལས་འཆར་སྤུས་དག་ཐད་ད་དུང་ཉིན་ཁ་ཤས་འགྱངས་དགོས་ཀྱང་རྒྱུན་ལས་ལྷན་འཛོམས་ཐོག་གནང་ཐུབ་ན་མ་འོངས་པར་ཕན་རླབས་ཆེ་བར་མཐོང་ལ། ལས་དོན་ཐོག་དུས་ཚོད་གཏོང་ཐུབ་པ་དང་འཇོན་པ། འཆར་སྣང་དང་རེ་བ། གསར་གཏོད་ཀྱི་སྤྱང་གྲུང་ལྡན་པ་བཅས་རྒྱུན་ལས་ལས་བགོས་སྐབས་སུ་རྩ་འཛིན་བྱ་དགོས་པར་བསམས་ཀྱི་ཡོད། ལས་དོན་ལམ་ལྷོང་ཡོང་བའི་སྨོན་འདུན་བཅས།།

    Reply
  5. རྟ་མགྲིན། says:
    ལོ་ 14 སྔོན།

    ཚོགས་གཙོ་རྒན་ལྷ་མོ་མཆོག་འདེམས་ན་ལེགས། རྒན་ལྷ་མོ་ནི་བོད་ཕྱི་ནང་གཉིས་ལ་རྒྱུས་མངའ་ཡོད་པའི་རྩོམ་པ་པོ་ཤེས་ཡོན་ཅན་ཞིག་ཡིན། རྩོམ་པ་པོ་མཐུན་ཚོགས་འདིའི་གཞི་རྐང་ཡག་པོ་ཞིག་ཚུགས་ཚེ་ད་གཟོད་ཚོགས་གཙོ་གཞན་ལའང་གོ་སྤྲད་ཆོག་ཀྱང་། ད་དུང་ལོ་ཁ་ཤས་ལ་རྒན་ལྷ་མོས་འཛིན་སྐྱོང་ཡོང་རྒྱུར་རེ་སྐུལ་ཞུ།

    Reply
  6. ཀུན་དགའ། says:
    ལོ་ 14 སྔོན།

    པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་སྙིང་པ་དེ་ཚོར་ལོ་དུ་མའི་རིང་གླ་ཕོགས་མེད་པར་ལྷག་བསམ་གྱིས་ཕྱག་ལས་གནང་པར་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ་རྒྱུ་དང་། རྒྱུན་ལས་གསར་པ་ཚོར་བཀྲིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་ཕྱོགས་ཡོངས་ནས་ཚོགས་པ་ཡར་རྒྱས་སུ་གཏོང་པའི་རེ་བ་དང་འབོད་སྐུལ་ཞུ།

    Reply
  7. བྱ་གཞུང་འཇམ་བྷེ says:
    ལོ་ 14 སྔོན།

    རྒྱུན་ལས་རྣམ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ལས་གཞི་གསར་བ་༼གསར་པ་༽དང་མ་འོངས་ལས་འཆར་སོགས་ཀྱི་ཐོག་བགྲོ་གླེང་སྦྱང་བཤད་གནང་སྟེ། སྒྲིག་གཞིར་བསྐྱར་བཅོས་དང་གྲོས་ཆོད་གསར་འཇོག་བཅས་གནང་མཐར། སྐབས་རྗེས་མའི་རྒྱུན་ལས་ ༡༡ གསར་དུ་འདེམས་ཐོན་གྱིས། ཁོང་རྣམ་པར་རྟེན་འབྲེལ་གྱི་ཁ་བཏགས་སྒྲོན་ཏེ་ཚོགས་འདུ་ཡོངས་སུ་མཇུག་སྒྲིལ་ཡོད།
    འདེམས་ཐོན་བྱུང་བའི་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐབས་བཞི་བའི་༼བཞི་པའི་༽རྒྱུན་ལས་་་་་་་

    Reply
  9. གནས་ཚང་། says:
    ལོ་ 14 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ལགས་ལ་མང་གཙོའི་གོ་རྟོགས་མེད་པ་རེད་དམ། ཡང་ན། རྒྱ་མིའ་སློབ་གསོ་མྱངས་ནས་ཕེབས་སྟབས་མའོ་ཙེ་ཏུང་གི་ཤན་ཤུགས་ཐེབས་དྲག་པ་རེད། གང་ལྟར་དཔོན་ས་དེ་གཏོང་ས་མ་རེད། ཨ་ལ་ཁ་མཚར་ཡིན། བཀྲ་ཤིས་བདེ་ལེགས་ཡོད།

    Reply
  10. ཀླུ་ཚང་འབྲུག་མཁར། says:
    ལོ་ 14 སྔོན།

    དེ་ཐེངས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་མང་ཆེ་བ་གཞོན་རབས་པ་རྐྱང་རྐྱང་འདེམས་ཐོན་བྱུང་འདུག་པས་དགའ་བོ་བྱུང་།ཡིན་ན་ཡང་མ་འོངས་པར་ཚོགས་པ་འདི་སྔར་ལས་ལྷག་པའི་ཡར་རྒྱས་གཏོང་རྒྱུ་དང་།ག་གོར་རྙོག་གླེང་མེད་པར་ཚོགས་པའི་ལས་དོན་མཇུག་སྐྱོང་མཐར་ཕྱིན་པ་ཞིག་བྱེད་རྒྱུ་ནི་གུས་པའི་རེ་བ་ཉག་གཅིག་ཡིན།མཐར་ཐེངས་འདིའི་ཚོགས་མི་གསར་བ་ཡོངས་ལ་མཚམས་འདྲི་བཀྲིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese