མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ངྷ་སར་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ངྷ་སྟེང་བོད་ཁྱིམ་ཚོཊ་ཁང་དུ
་བོད་ནང་གི་ཛ་དྲག་གནས་སྟངས་ཐད་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་བའི་ཐོག བཙན་བྱོལ་བོད་མིའི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོས་འཛམ་གླིང་རྒྱལ་ཁབ་ ༢༦ ནས་ཕེབས་པའི་ཚོགས་བཅར་བ་ ༤༣༢ ཙམ་མཉམ་ཞུགས་གནང་འདུག

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་འོག་བོད་གཞུང་དམངས་རྒྱལ་ཡོངས་དམིཊ་བསལ་ཚོཊ་ཆེན་ཐེངས་གཉིས་པ་དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་བཞུཊ་སྒར་ངྷ་སྟེང་བོད་ཁྱིམ་ཚོཊ་ཁང་དུ་དབུ་འཛུཊ་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གཙོས་ཁྲིམས་ཞིབ་པ་གཞན་གཉིས་དང་། སྤྱི་འཐུས་ཚོཊ་གཙོ་གཞོན་རྣམ་གཉིས་གཙོས་སྤྱི་འཐུས་རྣམ་པ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་ཕྱག་རོཊ་བཀའ་བློན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་དང་དྲུང་འཕར། སྡེ་ཚན་ཁག་གི་འགན་འཛིན། བཀའ་ཟུར་དང་སྤྱི་ཟུར། ས་གནས་མགོ་འཛིན། ས་འཐུས་མེད་པའི་སྐུ་ཚབ། ཕྱི་རྒྱལ་བོད་རིཊ་ཚོཊ་པ་དང་ཆོས་ལུཊ་ཁག་གི་སྐུ་ཚབ། རང་བདེན་ཚོཊ་ཆུང་དང་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ། དེ་བཞིན་དང་བླངས་བ་བཅས་ཁྱོན་རྒྱལ་ཁབ་ ༢༦ ནས་ཚོཊ་མི་ ༤༣༢ ཙམ་མཉམ་ཞུཊ་བྱས་འདུག

མཛད་སྒོའི་ཐོག་མར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་དང་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོཊ་ཆེན་གྱི་བཞུཊ་ཁྲིའི་སྟེང་གདན་འདྲེན་ཞུས་མཚམས། ངྷ་སྟེང་བོད་ཁྱིམ་སློབ་ཕྲུག་ཚོས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གྱེར་འདོན་དང་། བོད་བསྟན་སྲིད་ཆེད་རང་སྲོག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་ངག་བཅད་སྐར་མ་ ༡ གནང་ཡོད་ལ། ཚོཊ་ཆེན་ཐོག་བོད་ནང་མེར་བསྲེཊ་བཏང་བའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། ཚོཊ་ཁང་དེར་བོད་ཀྱི་རྒྱལ་དར་ ༥༡ སྒྲེང་འཛུཊ་བྱས་འདུག་ལ། མཛད་སྒོའི་དེར་ཐའེ་ཝན་དང་ཉི་ཧོང་། ཨ་རི་བཅས་ནས་ཡོང་བའི་རྒྱ་རིཊ་ཉམས་ཞིབ་པ་དང་རྩོམ་པ་པོ་ ༤༠ ལྷག་ཟུར་ཉན་དུ་བཅར་འདུག  

དམིཊ་བསལ་ཚོཊ་ཆེན་འདི་དེ་རིང་ཚེས་ ༢༥ ནས་ ༢༨ ཉིན་བར་ཉིན་བཞིའི་རིང་འཚོཊ་རྒྱུ་ཡིན་ཞིང་། མཛད་སྒོ་གྲུབ་རྗེས་ཚོགས་བཅར་བ་ ༤༠ རེ་བྱས་ཏེ་ཚོགས་ཆུང་ ༡༠ ལ་ཆ་བགོས་ཀྱིས་བགྲོ་གླེང་གནང་རྒྱུ་དང་། བགྲོ་གླེང་གི་བརྗོད་གཞི་གཙོ་བོ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་གནང་ཆེད། བཀའ་སྤྱི་གཉིས་ཀྱི་ལམ་སྟོན་ལྟར། འཚེ་མེད་ཞི་བ་དང་། ཡུལ་ཁྲིམས་དང་མི་འགལ་བ། ཆེ་མཐོང་དང་ལྡན་པ་གསུམ་གྱི་རྩ་དོན་གཞིར་བཟུང་ཐོག རྒྱ་གར་ནང་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་། ཨེ་ཤ་ཡའི་ནང་ལས་འགུལ་སྤེལ་ཕྱོགས། དེ་བཞིན་རྒྱལ་སྤྱིའི་སྟེང་ལས་འགུལ་སྤེལ་ཕྱོགས་བཅས་ཀྱི་ཐོག་བགྲོ་གླེང་མཐིལ་ཕྱིན་གནང་མཐར། ཚོཊ་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་གཏན་འབེབས་གནང་རྗེས། ཕྱི་ཚེས་ ༢༨ ཉིན་གྱི་ཞོཊ་པར་ཚོཊ་ཞུཊ་པ་ཡོངས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུཊ་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་དང་། ཉིན་རྒྱབ་ཐེངས་འདིའི་ཚོགས་ཆེན་གྱི་བསམ་ཚུལ་ཕྱོགས་བསྡོམས་སྙན་ཐོ་ཁྱབ་བསྒྲགས་གནང་རྒྱུ་ཡིན་འདུག

མཛད་སྒོའི་ཐོག་སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་འཛུགས་གསུང་བཤད་ནང་།  “དམིཊ་བསལ་ཚོཊ་ཆེན་ཐེངས་ ༢ པ་ཚོཊ་དགོས་དོན་ནི། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བཙན་བྱོལ་བོད་མིའི་ངོས་ནས་གདོང་ལེན་བྱ་ཕྱོཊ་ཆེད་ཚོཊ་པ་ཞིག་ཡིན། བོད་ནང་རྒྱ་གཞུང་གིས་འདས་པའི་ལོ་ ༦༠ ནང་བོད་མི་རིཊ་ཀྱི་ངོ་བོ་རྩ་མེད་དུ་བཏང་དང་གཏོང་བཞིན་པའི་མི་རིཊ་མཉམ་བསྲེས་ཀྱི་སྲིད་བྱུས་འོག མི་འབོར་སྤོ་ཤུཊ་ཀྱི་ལས་གཞི་གཙོ་བོ་གྱུར་བའི་ཆབ་སྲིད་རང་དབང་། དཔལ་འབྱོར་དང་སྤྱི་ཚོཊ། སྐད་ཡིག ཆོས་དང་རིག་གཞུང་། རང་བྱུང་ཁོར་ཡིག བོད་མིའི་འཚོ་བ་སྐྱེལ་སྟངས་བཅས་ལ་བརྩི་སྲུང་སྤུ་ཙམ་མེད་པར་གཏོར་བཤིག་གཏོང་རྐྱང་བྱས་སྟབས། བོད་ནང་བོད་མི་ཚོ་བཟོད་ཐབས་བྲལ་ཏེ་ད་བར་ང་ཚོས་ཤེས་རྟོཊ་བྱུང་བ་ཤ་ཁྲག་གཅིག་པའི་བོད་རིཊ་ ༥༡ གིས་རྩ་ཆེའི་ལུས་སྲོག་བློས་གཏོང་གིས་མི་ ༤༡ སྐུ་སྲོག་ཤོར་ཡོད་པ་དང་། མེ་མདས་དམར་གསོད་བཏང་བ། བཙན་ཤེད་ཀྱིས་གར་སོང་ཆ་མེད་དུ་གྱུར་བ། རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་ལུཊ་དང་མ་མཐུན་པའི་བོད་རིཊ་མང་དག་ཅིག་ལ་ཉེས་མེད་བཀག་ཉར་བཙོན་འཇུག་བྱས་པ་སོཊ། དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད ”ཅེས་འཁོད་འདུག

གསུང་བཤད་དེར། “༢༠༠༨ ལོ་ནས་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའིོ་ཐོག་བཀའ་སྤྱི་གཉིས་དང་། གཞུང་འབྲེལ་མིན་པའི་ཚོཊ་པ། གང་ཟག་སྒེར་སོ་སོ་རྣམ་དཔྱོད་རྩལ་དུ་བཏོན་ཏེ་ལས་འགུལ་རིམ་པ་སྤེལ་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་བ་དང་། ཞི་བ་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན། གཞུང་སྒེར་མང་པོས་ཀྱང་རྒྱབ་སྐྱོར་གྱི་རྣམ་པ་འདྲ་མིན་བཏོན་ཡོད། རྒྱ་གཞུང་གི་མགོ་ཁྲིད་ཚོར་བོད་ཀྱི་དཀའ་རྙོག་སེལ་བའི་ཆབ་སྲིད་ཀྱི་འདུན་པ་མེད་པ་དང་། བློ་སྤོབས་མི་འདང་བའི་ཁར་༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་སྐབས། བཀའ་སྤྱི་གཉིས་ཀྱིས་ལས་འགུལ་ཇི་སྤེལ་ལ་འཁྱོག་བཤད་དང་། འགོག་རྐྱེན་བཟོ་ཐབས་སུ་ནུབ་ཕྱོཊ་རང་དབང་རྒྱལ་ཁབ་ཀྱི་མགོ་ཁྲིད་དང་མི་མང་བསླུ་བྲིད་གཏོང་ཐབས་ཀྱི་ལས་གཞི་སྤེལ་བ་དང་། རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོར་ཆབ་སྲིད་དང་དཔལ་འབྱོར། དམག་མིའི་གནོན་ཤུཊ་འདྲ་མིན་སྤྲོད་བཞིན་ཡོད”  ཅེས་དང་། “ སྤྱིར་མང་ཚོཊ་ནང་དེ་སྔའི་ཚོཊ་ཆེན་ཁག་གི་རྒྱབ་གཉེར་སྙན་ཐོ་ལག་བསྟར་བྱས་ཡོད་མེད་སྐོར་དང་། དམིཊ་བསལ་ཚོཊ་ཆེན་སོཊ་ཚོཊ་ཆེན་གཞན་ཚོཊ་པའི་དགོས་པ་ཡོད་མིན་གྱི་གཏམ་གླེང་སྣ་ཚོཊ་ཡོང་བཞིན་ཡོད་སྟབས། ཚོཊ་ཆེན་སྔ་མའི་རྒྱབ་གཉེར་སྙན་ཐོ་ཁག་བཀའ་སྤྱི་གཉིས་ཀྱིས་མཇུག་སྐྱོང་ཇི་ཞུས་དང་། ཞུ་མ་ཐུབ་པའི་གནས་སྟངས་ཇི་ཆཊ་བོད་མིའི་སྒྲིག་འཛུཊ་ཀྱི་རང་དབང་གསར་ཤོག་ནང་དུས་ཐོག་གསལ་པོར་བཏོན་ཡོད། ”ཞེས་གསུངས་ཏེ། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་དེ་ཆེད་དུ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གོ་བསྡུར་ཆེད་འཚོགས་པ་ཞིག་ཡིན་སྟབས། ཚོགས་ཆུང་ཁག་གི་ནང་ནས་རང་བཙན་དང་དབུ་མ་ཟེར་བ་ལྟ་བའི་འབྲེལ་མེད་ཀྱི་གནད་དོན་རིགས་ཀྱི་ཐོག་རྩོད་པ་བརྒྱབ་ནས་ཆུ་ཚོད་འཕྲོ་བརླག་ཏུ་མི་གཏོང་རྒྱུའི་འབོད་སྐུལ་བཅས་གནང་སོང་།  

མཇུག་ཏུ་དབུས་བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འགན་དབང་མང་ཚོཊ་ཀྱིས་བདམས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་སྐབས། མང་ཚོཊ་ཁྲོིད་ཐུཊ་འཚབ་བྱེད་མཁན་མང་པོ་ཡོད་ཀྱང་ད་ཆར་མང་ཚོཊ་ལྷོད་ལ་བབས་ཡོད་སྐོར་ངོ་སྤྲོད་དང་འབྲེལ། ༢༠༠༩ ལོ་ནས་ད་བར་བོད་ནང་རང་ལུས་མེར་བསྲེཊ་གཏོང་མཁན་ ༥༡ བྱུང་བའི་ནང་མི་ ༤༡ སྐུ་གྲོངས་ཡོད་ཅིང་། དེ་དག་ལས་ཕོ་ ༤༣ ཕོ་དང་མོ་༨ ཡོད་པ་དང་། ལོ་ན་ཆེ་ཤོས་ལོ་ ༦༤ དང་ཆུང་ཤོས་ལོ་ ༡༧ ཡིན་པ། དེའི་ནང་ཨ་མདོ་རྔ་པ་ཁུལ་དུ་མེར་བསྲེཊ་གཏོང་མཁན་ ༣༠ དང་། གཞན་རྣམས་རྒྱལ་ས་གཙོས་བོད་ཀྱི་ས་ཁུལ་ཁག་ཏུ་བྱུང་ཡོད་པ། གྲྭ་ཕུན་ཚོཊ་ལཊ་ཀྱིས་མེར་བསྲེཊ་པ་དེ། ལོ་དེའི་གསུམ་བཅུའི་དུས་དྲན་ཉིན་༸གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་བའི་གསལ་བསྒྲཊ་དང་། བཀའ་སྤྱིའི་འོས་འདེམས་ཀྱི་སྐབས་དང་ཁེལ་ཡོད་སྟབས། དུས་ཚོད་ཀྱི་ཆ་ནས་ཧ་ཅང་རྙོག་འཛིང་ཆཊ་ཡོད་སྐོར་གསུངས་སོང་།

སྲིད་སྐྱོང་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བོད་མིའི་སྒྲིག་འཛུཊ་ཀྱིས་ལས་འགུལ་ཇི་སྤེལ་གསལ་བཤད་གནང་སྟེ། བཀའ་ཤག་གིས་སྔ་ཕྱིར་གནས་མཆོག་རྡོ་རྗེ་གདན་དང་བཞུཊ་སྒར་ཁུལ་དུ་མཆོད་འབུལ་སྨོན་ལམ་ཐེངས་ ༡༦ དང་། གསར་འགོད་གསལ་བསྒྲཊ་ཐེངས་ ༥༠། འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོར་ཕྱག་བྲིས་ ༥༣ ཙམ་ཕུལ་བ། ཨོ་སི་ཊོ་ལི་ཡ་དང་ཁེ་ན་ཌ། ཐའེ་ཝན། ཅེག་སྤྱི་མཐུན་རྒྱལ་ཁབ། ཡུ་རོབ་མནའ་འབྲེལ། ཧྥ་རན་སི། འཇར་མན། ཨི་ཊ་ལི། ཉི་ཧོང་། ལྷོ་ཀོ་ཡ། པོ་ལན་ཌི ལྷོ་ཨ་ཧྥི་རི་ཁ། སུད་སི། ཨ་རི། ཝེ་ཊི་ནམ་གཙོས་རྒྱལ་ཁབ་ཁག་གི་གྲོས་ཚོཊ་ནང་བོད་དོན་གླེང་སློང་དང་། དེ་དག་ཁྲོད་ཨ་རིའི་གྲོས་ཚོཊ་གོང་མ་དང་ཡུ་རོབ་གྲོས་ཚོཊ་ནང་གྲོས་ཆོད་འཇོག་ཐུབ་པ། བཀའ་ཤག་གི་ངོས་ནས་ད་ལོ་ནི་ཞུ་གཏུག་གི་ལོ་ཞིག་ལ་ངོས་འཛིན་བྱས་ཏེ། རྒྱལ་ཁབ་ཁག་གི་གྲོས་ཚོཊ་ནང་གྲོས་ཆོད་འཇོག་ཐུབ་མིན་ལ་ལྟོས་པར་བོད་དོན་གླེང་སློང་ཡོང་བར་མུ་མཐུད་ཤུཊ་སྣོན་རྒྱག་རྒྱུ་ཡིན་ཚུལ་གསུངས་བྱུང་།

སྲིད་སྐྱོང་མཆོག་གིས་བོད་ནང་གི་བོད་མིའི་མངོན་འདོད་༸གོང་ས་མཆོག་བོིད་ལ་གདན་འདྲེན་ཞུ་རྒྱུ་དང་བོད་མིར་རང་དབང་བསྐྱར་གསོ་བྱ་རྒྱུ་དེ་ཡིན་པ་དང་། འདས་པའི་ལོ་རྒྱུས་ཐོག་བོད་མི་ཚོས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག་རྒྱ་གར་ནས་ཕྱིར་བོད་དུ་གདན་འདྲེན་ཞུས་ཡོད་ཅིང་། ད་ལྟའི་མི་རབས་ཚོས་ཀྱང་༸གོང་ས་སྐུ་ཕྲེང་བཅུ་བ་མཆོག་ཕྱིར་བོད་དུ་ཇི་ལྟར་གདན་ཞུ་དགོས་མིན་ཐོག་གྲོས་བསྡུར་བྱ་དགོས་རྒྱུ་གལ་ཆེན་ཡིན་སྐོར་གསུངས་ཏེ། བོད་དོན་ལས་འགུལ་སྤེལ་ཕྱོཊ་གཞན་ཞིག་ནི། བོད་མི་སྒེར་བ་ཚོས་དུས་རྒྱུན་བོད་ཆས་གྱོན་རྒྱུ་དང་བོད་སྐད་བཤད་རྒྱུ། མ་ཎི་གསོག་སྒྲུབ་བཅས་བྱ་རྒྱུ་དང་། ཕྱོཊ་གཞན་ཞིག་ནི་བོད་དེ་རྒྱ་གར་དང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་བདེ་འཇཊ་དང་ཁོིར་ཡུག་ཐོག་གལ་གནད་ཆཊ་ཡོད་པ་དང་། ལྷག་པར་དུ་བོད་པ་ཚོས་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་དང་། རྒྱ་ནག་སྐམ་ས་ཆེན་པོའི་ནང་པ་ཚོར་འབྲེལ་བ་བྱས་ཏེ་བོད་དོན་རྒྱབ་སྐྱོར་འཚོལ་རྒྱུ་གལ་ཆེན་ཡིན་ལུཊ། ལོ་རྗེས་མར་ཨ་རི་དང་འཇར་མན། རྒྱ་གར། ཉི་ཧོང་བཅས་ཀྱི་གཞུང་ལ་འགྱུར་བ་ཐེབས་ཏེ་རྒྱབ་སྤྱིའི་ཆབ་སྲིད་གནས་སྟངས་ཐོག་འགྱུར་བ་འགྲོ་བཞིན་ཡོད་སྐོར་དང་། ད་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་མགོ་ཁྲིད་རྣམས་བརྗེ་བོ་རྒྱག་བཞིན་ཡོད་སྟབས། རྒྱ་ནག་གི་གནས་སྟངས་གང་འདྲ་ཆཊ་མིན་བཤད་ཚོད་དཀའ་ཡང་། བོད་མིའི་བོད་མིའི་སྒྲིག་འཛུཊ་ཀྱི་ལམ་དབུ་མའི་ལམ་གྱི་ལངས་ཕྱོཊ་ཐོག་ནམ་ཡང་འགྱུར་བ་མེད་པར། ས་གནས་གང་ཞིག་ཏུ་དུས་ཚོད་ནམ་ཞིག་ལ་འབྲེལ་མོལ་བསྐྱར་གསོ་བྱ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་སྐོར་ནན་བརྗོད་གནང་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༧ སྔོན་ལ།

མཆན། 12

  1. བློ་བཟང་ཚེ་རིང་། says:
    ལོ་ 13 སྔོན།

    སྐུ་མཁྱེན་མི་སུ་ཞིག་ཡིན རུང་། རང གི ཤ དང་ཁྲག་རུས་པ་བཅས་གང་ནས་མཆེད་པ་དེ་མ་བརྗེད་རོགས། མང་པོ་བཤད་ན་ཕན་ཐོག་མོ་འདུག འགའ་ཤས་རྡོ་རེད། འགའ་ཤས ཤིག རེད། བསམ བློ་གཏོང་ཐུམ་མཁན་ཉུང་ཉུང་རེད། འོན ཀྱང་སེམས་ཤུགས་མ་ཆགས་དུས་རབས་འདིར་མང་ཉུང་དབྱེ་བ་མེད།

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    དབྱིན་ཇི་བ་བློ་བཟང་།
    རྣམ་རྟོག་མ་སློང་། རྣམ་རྟོག་མེད་ན་ཀུན་རྟོག་མེད། གཙང་བཙོག་མེད་ན་སྤྱོད་པ་ཡིན། བྱས་པ་རེད།
    རྣམ་རྟོག་དགྲར་ལངས། ཁང་སྟོང་རྐུ་མས་ཁེངས། ཟེར་བ་དེ་ཤེས་ཀྱི་ཨེ་ཡོད། དུས་རབས་ག་པར་སླེབས་འདུག། གུང་ཁྲན་དེ་གཟའ་སྐར་འཕྲོད་སྦྱོར་ཟེར་བ་མིང་ཙམ་ཡང་མེད་ཀྱང་བྱ་བ་ལམ་འགྲོ་རྒྱུགས་ཐག་གཅོད་རེད་མི་འདུག་གས།

    Reply
  3. སྟག་ཚང་རིག་རྒོད་། says:
    ལོ་ 13 སྔོན།

    ཚོགས་ཆེན་ནང་གི་སྐད་ཆ་ཡིག་ཐོག་དུ་མི་ལུས་པ་ཞིག་ཡོང་བའི་རེ་བ་ཡོད་།

    Reply
  4. གངས་ལྷ་མེ་ཏོག says:
    ལོ་ 13 སྔོན།

    གསར་འགྱུར་སྤེལ་བར་དུས་ཚོད་གལ་ཆེན་དུ་འཛིན་དགོས་ལ་བརྗོད་བྱ་དེ་བས་ཀྱང་གལ་ཆེན་ཡིན་པའི་གསར་འགྱུར་སྤེལ་མཁན་དང་རྩོམ་སྒྲིག་པའི་མིང་འཁུར་གྱིན་པ་དག་གིས་ཡིག་ནོར་ལ་གཟབ་ནན་བྱ་དགོས།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དམིགས་བསལ་ཚོགས་ཆེན།
    དམིགས་བསལ་ཏན་ཏིག
    དམིགས་བསལ་དགོས་དོན།
    དམིགས་བསལ་གྲོས་གཞི།
    དམིགས་བསལ་གྲོས་ཆོད།
    དམིགས་བསལ་ལམ་འགྲོ
    དམིགས་བསལ་ལམ་ལྷོང་།
    དམིགས་བསལ་ཚོགས་དོན།
    དམིགས་བསལ་མྱུར་གྲུབ།
    དམིགས་བསལ་སྨོན་ལམ།
    དང་བཅས་བྲིས་སོ། །

    Reply
  6. sangkye says:
    ལོ་ 13 སྔོན།

    དམིགས་བསལ་ཚོགས་ཆེན་འདི་དོན་དང་ལྡན་པ་ཞིག་ཡོངས་བའི་སྨོན་འདུན་ཞུ་བཞིན་ཡོད།

    Reply
  7. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    དེ་ག་རང་ཡིན། ཚོགས་ཆེན་དང་པོའི་སྐབས་བཞིན་དམིགས་བསལ་ཚོགས་ཆེན་གྱི་ཐོག་མི་མང་གི་སྤྱི་མོས་བྱུང་བའི་གྲོས་ཆོད་བཞག་པ་ལ་གྲོས་ཚོགས་ཀྱིས་བརྩིས་མེད་གཏོང་བ་དེ་འདྲ་མི་འབྱུང་བར་གྲུབ་འབྲས་ལྡན་པ་ཞིག་འབྱུང་བའི་སྨོན་འདུན་འདུན་ཞུ།

    Reply
  8. lobsang says:
    ལོ་ 13 སྔོན།

    ད་ཐེངས་ཀྱི་ཚོགས་ཆེན་ཐེངས་གཉིས་པ་གྲུབ་འབྲས་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་ཡོད། འོང་ཀྱང་དེ་འདྲའི་གཟའ་སྐར་འཕྲོད་སྦྱོར་མི་ལེགས་པ་ཞིག་ལ་འཚོགས་དགོས་དོན་གང་ཡིན་ནམ། ང་ཚོ་ཆོས་ལྡན་གྱི་རྒྱལ་ཁབ་ཞིག་ཡིན་དུས་འཕྲོད་སྦྱོར་ལ་ལྟ་དགོས་སྙམ། ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན་ཡིན། འཕྲོད་སྦྱོར་མེ་ཆུ་འཕྲད་པ་ཞིག་རེད། མེ་ཆུ་འཕྲད་པ་འཆི་བའི་སྦྱོར།།འཆི་བའི་སྦྱོར་བའི་སྲོག་འཕྲོག་བྱེད།། ཅེས་དང། ད་དུང་དེའི་ཉིན་ལས་དང་བྱ་བ་སྤྱི་དང་ཁྱད་པར་གལ་ཆེའི་མདུན་གྲོས་རིགས་མི་རུང་། ཞེས་འཁོད་འདུག་པས་དེ་འདྲའི་གཟའ་སྐར་འཕྲོད་སྦྱོར་མེ་ལེགས་པ་ཞིག་འདེམས་དགོས་དོན་ཅི་ཡིན་ནམ།

    Reply
  9. thapkegyatso says:
    ལོ་ 13 སྔོན།

    རྔམས་བརྗིད་ལྡན་པའི་ཚོགས་ཆེན་འདི་ལ་འབྲས་བུ་གཡུར་དུ་ཟ་བ་འབྱུང་བའི་སྨོན་འདུན་ཞུ། ཞོར་དུ་དུས་བབ་ཚང་ལ་བཀའ་དྲིན་ཡང་ཡང་ཞུའོ།།ཁྱེད་ཚང་མེད་ན་ངེད་ཅག་མང་ཞིག་གི་མིག་ལོང་བའི་ཚུལ་ལས་མ་འདས་སྙམ།

    Reply
  10. རྒྱ་གྲོལ says:
    ལོ་ 13 སྔོན།

    ཚོགས་ཆེན་དོན་ཕན་ལྡན་པ་ཡོང་བའི་རེ་བ་ཡོད།

    Reply
  11. རྒྱ་གྲོལ་གངས་རི། says:
    ལོ་ 13 སྔོན།

    དོན་ཕན་ལྡན་པ་ཞིག་ཡོང་བའི་རེ་བ་ཡོད།

    Reply
  12. སངྒེ ། says:
    ལོ་ 13 སྔོན།

    ༸གོང་ས་སྐུ་ཕྲེང་བཅུ་བ་ཞེས་པ་ནོར་འདུག གཞན་ཡང་ཆད་ལྷག་ཁ་ཤས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese