མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན་དང་ལམ་དབུ་མའི་འགལ་ཟླ་ལས་ཐུཊ་ཕམ་བྱུང་བ་མ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp


ད་ནངས་བཞུཊ་སྒར་ངྷ་ས་ཐེག་ཆེན་གཙུག་ལག་ཁང་དུ
་༧གོང་ས་མཆོག་དབུ་བཞུགས་ཐོག་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་གཙོས་གཞུང་དམངས་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་དང་། དེའི་རྗེས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་གཞུང་མང་ཡོངས་ཀྱིས་ཉིན་ཕྱེད་རིང་ཟས་བཅད་ལས་འགུལ་མགོ་འཛུགས་གནང་སོང་།

བཀའ་སྤྱི་གཉིས་ཐུན་མོང་གི་གོ་སྒྲིག་འོག དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་བཞུཊ་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་། བོད་གཞུང་མང་གཉིས་ཀྱིས་༼རྒྱལ་སྤྱི་དང་བོད་ནང་ཞི་བདེ་ཡོང་བའི་ལས་འགུལ་༽ཞེས་པའི་མགོ་བརྗོད་འོག དུས་ཡུན་ཉིན་ཕྱེད་རིང་གི་ཟས་བཅད་ལས་འགུལ་ཞིག་སྤེལ་མགོ་བཙུཊ་ཡོད་ཅིང་། ཟས་བཅད་ལས་འགུལ་དེར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་ངག་དབང་འཕེལ་རྒྱས་མཆོག་གཙོས་ཁྲིམས་ཞིབ་པ་གཞན་གཉིས་དང་། བོད་མི་མང་སྤྱི་ཚོཊ་གཙོ་གཞོན་གཉིས་གཙོས་སྤྱི་འཐུས་ཡོངས། དབུས་བོད་མིའི་སྒྲིག་འཛུཊ་བཀའ་ཤག་གི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་ཕྱག་རོཊ་བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ལྷན་ཁང་ཁག་གི་དྲུང་ཆེ། དམིཊ་བསལ་ཚོཊ་ཆེན་གཉིས་པའི་ཚོཊ་ཞུཊ་པ་ཡོངས། གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ། དེ་བཞིན། ངྷ་སྟེང་བོད་ཁྱིམ་སློབ་ཕྲུག་དང་ཤེས་རབ་དགའ་ཚལ་སློབ་གླིང་སློབ་མ། ངྷ་སའི་སེར་སྐྱ་མང་ཚོཊ་དང་ཕྱི་རྒྱལ་བ་བཅས་ཁྱོན་མི་སྟོང་ཕྲག་འགའ་མཉམ་ཞུཊ་གནང་འདུག

ཟས་བཅད་ལས་འགུལ་གྱི་མཛད་སྒོ་མ་ཚོཊ་གོང་༸གོང་ས་མཆོག་དབུ་བཞུཊ་ཐོག་ཆོས་བརྒྱུད་ཁག་གི་བླ་ཆེན་གཙོས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དམིཊ་བསལ་ཚོཊ་ཆེན་སྟེང་བཅར་བའི་ཚོཊ་ཞུཊ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ། དྷ་སའི་སེར་སྐྱ་མང་ཚོཊ་བཅས་ཁྱོན་མི་ ༥༠༠༠ བརྒལ་བས་བོད་ནང་མེར་བསྲེཊ་བཏང་བའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོཊ་སོང་།

ཟས་བཅད་ལས་འགུལ་དབུ་འཛུགས་ཐོག་བོད་ཀྱི་ཟློས་གར་ཚོཊ་པས་རྔ་རོལ་དང་བཅས་ཚོཊ་ཞུཊ་པ་ཡོངས་ཀྱིས་བོད་རྒྱལ་ཆེན་པོའི་རྒྱལ་གླུ་བཏང་རྗེས། བོད་བསྟན་སྲིད་ཆེད་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གནང་ཡོད། ཐེངས་འདིའི་ཟས་བཅད་ལས་འགུལ་ཐོག་བོད་གཞུང་མང་ཚོིཊ་ཞུཊ་པ་ཡོངས་ཀྱིས་༼བོད་མིའི་སྐྱིད་སྡུག་མཉམ་མྱོང་ ༽དང་། ༼ བོད་སྐྱོབས༽ ༼ བོད་ལ་རང་དབང་དགོས༽ཞེས་པའི་འབོད་ཚིག་ཁག་སོ་སོའི་ཐོད་པ་དང་དཔུང་བའི་སྟེང་བཏེཊ་ཏེ་གདུང་སེམས་མཉམ་སྐྱེད་དང་། ས་གནས་དང་རྒྱལ་ཁབ་འདྲ་མིན་ནས་བཅར་བའི་ཚོཊ་ཞུཊ་པ་ཚོས་དབྱིན་སྐད་དང་འཇར་མན། ཨི་ཊ་ལི། ཉི་ཧོང་། ཧྥ་རན་སི་སོཊ་ཀྱི་སྐད་ཡིག་ཐོག་བོད་དོན་དང་འབྲེལ་བའི་གཏམ་བཤད་གནང་ཡོད་ཅིང་། སྐབས་དེར་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་བོ་བློ་བཟང་སྙན་གྲཊ་ལཊ་ཀྱིས་ཕྱོཊ་བསྒྲིཊ་ཞུས་པའི་བོད་ནང་གི་མེར་བསྲེཊ་སྐོར་གྱི་བོད་རྒྱ་དབྱིན་གསུམ་གྱི་དཔེ་དེབ་༼ཚེ་སྲོག་གི་འབོད་སྒྲ་༽ཞེས་པ་རིན་མེད་ཐོག་འགྲེམས་སྤེལ་གནང་འདུག

མཛད་སྒོའི་ཐོག་སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག་གིས་དམིཊ་བསལ་ཚོཊ་ཆེན་དང་བསྟུན་ཏེ། ཐེངས་འདིར༸གོང་ས་མཆོག་དབུ་བཞུཊ་ཐོག་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམ་པ་ཐུན་མོང་གིས་བོད་ནང་མེར་བསྲེཊ་བཏང་བའི་བོད་མི་ཚོར་མཆོད་འབུལ་སྨོན་ལམ་ཚོཊ་ཐུབ་པ་དེ། གོ་སྐབས་རྩ་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོར་ངོ་སྤྲོད་དང་འབྲེལ། བོད་ནང་བོད་མི་ཚོས་རྒྱ་གཞུང་གིས་སྡུག་སྦྱོང་མནར་གཅོད་ཇི་ལྟར་བཏང་མིན་ལ་མ་ལྟོས་པར། སོ་སོིའིོ་རྣམ་དཔྱོད་རྩལ་དུ་བཏོན་ཏེ། འཚེ་མེད་ཞི་བའི་ལས་འགུལ་གྱི་རྣམ་པ་དང་། ངོ་བོ་འདྲ་མིན་ཐོག་རྒྱ་གཞུང་ལ་ངོ་རྒོལ་བྱེད་བཞིན་པར་ཡི་རངས་བསྔཊ་བརྗོད་དང་། འཛམ་གླིང་འཚེ་མེད་ཞི་བའི་ཞིབ་འཇུག་པ་ཚོས་འཚེ་མེད་ཞི་བའི་ལས་འགུལ་རྣམ་གྲངས་ ༡༩༨ ཙམ་ཡོད་སྐོར་བརྗོད་ཀྱི་ཡོད་རུང་། བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཕྱོཊ་དེ་མ་འདྲ་བ་ཞིག་ཆཊ་ཡོད་སྟབས་རྣམ་གྲངས་དེའི་ནང་གསར་དུ་ཁ་སྣོན་རྒྱག་རྒྱུ་འོས་འཚམ་ཡིན་སྐོར་བཅས་གསུངས་ཏེ། “བོད་མིའི་གྲངས་འབོར་ཉུང་ཉུང་ཡིན་སྟབས་བོད་ནང་གི་ཛ་དྲག་གནས་སྟངས་འོག་བོད་མི་གཅིག་གིས་ཚེ་སྲོག་ཤོར་ན། དེར་ཕངས་སེམས་སྐྱེ་དགོས་པའི་གནས་སྟངས་ཆཊ་ཡོད། སོ་སོའི་ཚེ་སྲོག་རྩ་ཆེན་དེ་འདོར་མི་དགོས་པའི་ཐོག་མི་ཚེ་ཧྲིལ་པོ་བོད་དོན་ཐོག་ལས་ཀ་བྱ་ཐུབ་ན། བོད་དོན་ལ་ཕན་ཐོཊ་ཡོང་གི་ཡོད་པ་རེད། བཙན་བྱོལ་བོད་མི་ཚོས་བོད་ནང་བློས་གཏོང་ཆེན་པོ་བྱས་པ་དེ། རྒྱལ་སྤྱིའི་ཐོག་ཁྱབ་བསྒྲཊ་བྱས་ཏེ་བོད་དོན་ཐོག་སྔར་ལས་རྒྱབ་སྐྱོར་འཚོལ་དགོས། རྒྱབ་སྐྱོིར་འཚོལ་རྒྱུར་བོད་མི་མི་རེ་ངོ་རེར་འགན་ཡོད་པ་རེད། བོད་མིའི་སྒྲིག་འཛུཊ་དེ་མི་གཅིག་གཉིས་ལ་བདག་པ་ཞིག་མིན། བོད་མི་ཡོད་དོ་ཅོག་གིས་འགན་འཁུར་དགོས་པ་ཧ་ཅང་གལ་ཆེན་པོ་རེད་” ཅེས་གསུངས་བྱུང་།

ཚོཊ་གཙོ་མཆོག་གིས་༸གོང་ས་མཆོག་ཐུཊ་ཕམ་གྱི་བཀའ་སློབ་ཐོག་མང་ཚོཊ་ནང་འགལ་ཟླ་མི་ཡོང་ཆེད་གསལ་བཤད་གནང་དོན། “ དམིཊ་བསལ་ཚོཊ་ཆེན་སྐབས་གསལ་པོ་ཞུས་ཡོད་པ་ལྟར། ༸གོང་ས་མཆོག་གིས་ཨི་ཊ་ལི་དང་ལ་དྭཊ་སུ་ཐུཊ་ཕམ་བྱུང་བའི་བཀའ་སློབ་བསྩལ་ཡོད་པ་དེར། དམིཊ་བསལ་ཚོཊ་ཆེན་གཉིས་པའི་ཐོག་སྤྱི་མོས་གྲོས་ཆོད་བྱུང་ཡོད་པ་རེད། ༸གོང་ས་མཆོག་ཐུཊ་ཕམ་བྱུང་བ་དེ་༸གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་མེད་པ་བཟོས་སོང་ཟེར་ནས། སྤྱི་ཚོཊ་ནང་བཤད་བསྡད་མཁན་དེ་ཚོ་བློ་ཕམ་བྱུང་བ་མ་གཏོཊ། ང་ཚོའི་སྤྱི་ཚོཊ་ནང་རང་བཙན་དང་ལམ་དབུ་མའི་ལྟ་གྲུབ་ཀྱི་འགལ་ཟླའི་དབང་གིས་ཐུཊ་ཕམ་བྱུང་བ་རྩ་བ་ནས་མ་རེད། རང་བཙན་ནི་ལོ་རྒྱུས་ཐོག་བོད་ཆོལ་ཁ་གསུམ་གཅིག་ཏུ་འདུས་པའི་རང་བཙན་ཡིན་པའི་གནས་བབ་དང་། བོད་ཆོལ་ཁ་གསུམ་ཡོངས་སུ་མ་འདུས་པའི་རང་བཙན་གནས་བབ་བྱུང་ཡོད་བསྡད་པ་གསལ་པོ་རེད། དབུ་མའི་ལམ་གྱི་སྲིད་བྱུས་བོད་ཆོལ་ཁ་གསུམ་གྱི་བོད་རིཊ་ཡོངས་རྫོཊ་ལ་རང་སྐྱོང་གནས་བབ་ཚད་མཐོ་བོ་ཞིག་ཐོབ་ན། ད་ལྟའི་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ཏེ། བོད་པའི་ངོ་བོ་དང་སྐད་ཡིག ཆོས་དང་རིག་གཞུང་། ཁོར་ཡུག་བཅས་སྲུང་སྐྱོབ་ཐུབ་པའི་གནས་བབ་ཅིག་ཡོང་གི་ཡོད། དངོས་ཡོད་ལ་གཞི་བཅོལ་ཏེ་ཐབས་ལམ་དེ་བཙལ་གྱི་ཡོད་པ་རེད། རང་བཙན་རྩོད་མཁན་ཚོར་རྩོད་རྒྱུའི་ཐོབ་ཐང་ཡོད་ཀྱང་། ལས་འགུལ་སྤེལ་བའི་སྐབས་སུ། བོད་པའི་དཀའ་རྙོག་སེལ་དགོས་ན། རྒྱ་ནག་དང་མཉམ་དུ་སྐད་ཆ་མ་བཤད་ན་སེལ་མི་ཐུབ་པ་དེ་རང་བཞིན་གྱིས་ཆཊ་བསྡད་ཡོད། དེ་ཡིན་དུས་ཡིན་ང་ཚོས་ལས་འགུལ་སྤེལ་སྐབས་རྒྱ་གཞུང་ལ་ཕོག་ཐུག་འགྲོ་མིན་དང་དེའི་རྒྱབ་ལྗོངས་གནས་སྟངས་བསམ་ཞིབ་བྱ་རྒྱུ་གལ་ཆེན་རེད། དེ་མིན་གཞི་རིམ་མང་ཚོཊ་ནང་བསམ་ཚུལ་དེ་ལྟ་བུ་ཡོང་གི་ཡོད་ན། དེར་ཐུཊ་ཁྲལ་གང་ཡང་གནང་དགོས་པ་མ་རེད། ང་ཚོ་སྒང་ལ་སྡོད་མཁན་ཚོ་འཆམ་པོ་བྱས་ཏེ་བསྡད་ཡོད། གཞི་རིམ་མང་ཚོཊ་ཁྲོད་དུའང་འཆམ་པོ་བྱས་ཏེ་སྡོད་དགོས་པ་ལས། ༸གོང་ས་མཆོག་ཐུཊ་ཕམ་བྱུང་བའི་རྒྱུ་མཚན་ལ་བརྟེན་ནས་མང་ཚོཊ་ཁྲོད་བསམ་ཚུལ་མ་མཐུན་པ་དང་མ་འགྲིག་པ་བྱུང་ན། དེ་ལམ་ལོག་པ་ཞིག་ལ་འགྲོ་གི་ཡོད་པ་རེད་ ”ཅེས་གསུངས་བྱུང་།

གཞུང་མང་ཟས་བཅད་ལས་འགུལ་དེ་ཉིན་རྒྱབ་ཆུ་ཚོད་ ༣ པར་མཇུག་བསྡོམས་གནང་རྒྱུ་དང་། མཇུག་བསྡོམས་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་སྤེལ་རྒྱུ་རེད།  

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༧ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༨ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༨ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༩ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 5

  1. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    རྒྱ་ནག་གི་སེམས་ཁམས་ལ་རྒོལ་རྒྱུ་འདི་གལ་ཆེན་རེད། སྐབས་འདིའི་ཐོད་བྱང་དང་དཔུང་རྟགས་ཀྱི་མཚོན་དོན་འདི་འུ་ཅག་གི་གནས་བབ་དང་འབྲེལ་ཞིང་། པེ་ཅིན་ཕྱོགས་ཀྱི་བྱེད་ལས་ལ་རྒྱུས་མངའ་ལོན་པའི་བཟོ་ཞིག་དང་བརྡ་ལན་སྤྲོད་མཁས་བའི་ཉམས་སྣང་ཞིག་ལྡན་འདུག བཤད་སྟངས་འདི་བློ་ལ་ངེས་བྱུང་། བྱེད་སྟངས་འདིས་བློ་ཡིད་ཚིམས་སོང་།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་་་ འཛམ་གླིང་འཚེ་མེད་ཞི་བའི་ཞིབ་འཇུག་པ་ཚོས་འཚེ་མེད་ཞི་བའི་ལས་འགུལ་རྣམ་གྲངས་ ༡༩༨ ཙམ་ཡོད་སྐོར་བརྗོད་ཀྱི་ཡོད་རུང་། བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཕྱོཊ་དེ་མ་འདྲ་བ་ཞིག་ཆཊ་ཡོད་སྟབས་རྣམ་གྲངས་དེའི་ནང་གསར་དུ་ཁ་སྣོན་རྒྱག་རྒྱུ་འོས་འཚམ་ཡིན་སྐོར་བཅས་གསུངས་ཏེ། ་་་་་་་
    དང་།
    ་་་་་་་ ༸གོང་ས་མཆོག་ཐུཊ་ཕམ་བྱུང་བ་དེ་༸གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་མེད་པ་བཟོས་སོང་ཟེར་ནས། སྤྱི་ཚོཊ་ནང་བཤད་བསྡད་མཁན་དེ་ཚོ་བློ་ཕམ་བྱུང་བ་མ་གཏོཊ། ང་ཚོའི་སྤྱི་ཚོཊ་ནང་རང་བཙན་དང་ལམ་དབུ་མའི་ལྟ་གྲུབ་ཀྱི་འགལ་ཟླའི་དབང་གིས་ཐུཊ་ཕམ་བྱུང་བ་རྩ་བ་ནས་མ་རེད། ་་་་་་་ཟེར།

    Reply
  3. ངམ་རིང་བསྟན་པ། says:
    ལོ་ 14 སྔོན།

    ད་རེས་ཀྱི་དམིགས་བསལ་ཚོགས་ཆེན་དང་སྤྱི་འཐཱུས་གྲོས་ཚོགས་ཀྱི་སྔ་ཕྱིར་བོད་ཀྱི་དུས་བབ་ཚང་གིས་ཕྱག་ལས་ཧང་སང་པ་གནང་སོང་། དུས་བབ་ལས་ཁུངས་ཀྱི་ལས་བྱེད་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ལྷག་པར་དུ་རྩོམ་སྒྲིག་པ་ཆོག་གིས་བླང་དོར་ལམ་སྟོན་ཚགས་ཚུད་པོ་ཞེ་དྲག་གནང་འདུག་པར་བསྔགས་བརྗོད་གྲངས་མེད་ཡོད། ད་རེས་ཀྱི་སྤྱི་འཐུས་ཀྱི་ཚོགས་འདུ་དང་བོད་གཞུང་དམངས་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་གྱི་ཉིན་ལྟར། ཕྱོགས་མཐའ་ཁག་གི་བོད་མི་ཚོས་དུས་བབ་དྲ་རྒྱར་གཟིགས་སྡོད་མཁན་ཚོའི་རེ་བ་ཏག་ཏག་སྐོང་ཐུབ་སོང་། གསར་འགྱུར་ཁག་དུས་ཐོག་དང་ཁ་གསལ་ཁུངས་དག་ཧང་སང་པ་གནང་སོང་། སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན

    Reply
  4. ཤག་སྒང་པ། says:
    ལོ་ 14 སྔོན།

    སྤྱི་འཐུས་ཚོགས་གཙོས་ཁ་སང་གི་གསུང་བཤད་ནན་ཙམ་དེ་ལ་དེ་རིང་ཡང་ལྷན་པ་ཞིག་བརྒྱབ་པར་ཚོགས་ཚད་གྲོས་ཚད་ཚང་མ་ནུས་མེད་དུ་བཏང་འདུག་སྙམ།

    གསུང་བཤད་གཉིས་ཀྱི་ཚིག་འབྲུ་ལ་ཞིབ་བཤེར་ཞིག་བྱོས་དང་།

    Reply
  5. thapkegyatso says:
    ལོ་ 14 སྔོན།

    དུས་བབ་ཚང་དངོས་གནས་དུས་བབ་རེད་བསྟོད་པར་འོས།
    ཚོགས་གཙོའི་གཏམ་བཤད་ལ་ཉན་ཡོང་དུས།དགེ་ལྡྡནསྤྱི་ལ་ཁྱབ་པའི་བཅའ་ཁྲིམས་ཀྱི་ཁ་ཕྱོགས་ག་འདྲ་ཡིན་ནམ།དེའི་ནང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སུ་དང་གང་གིས་ཆབ་སྲིད་ཀྱི་ལས་འགུལ་གང་དང་ཅི་འདྲ་སྤེལ་ཡང་།དེ་དང་མཉམ་ཞུགས་མི་ཆོག་ཅེས་ཐ་ཚིག་བསྒྲགས་ཡོད།འདི་ལྟར་གནང་དགོས་པ་གང་གི་བཀའ་དགོངས་ཡིན་ནོ་སྐད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese