མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ཎ་ཌར་རྐུན་མ་འགའ་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌའི་ནང་གཞོན་སྐྱེས་འགས་བྱང་བུ་རྫུན་བཟོ་བརྒྱུད། དངུལ་འབོར་ཆེན་རྐུ་འཁྱེར་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཕྱི་ཚེས་ ༢ ཉིན་ཁེ་ཎ་ཌའི་ཊོ་རོན་ཊོ(Toronto) མངའ་སྡེ་ཉེན་རྟོག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ཟླ་ ༩ ཚེས་ ༢༧ ཉིན་བྱང་བུ་རྫུན་བཟོ་བྱས་ཏེ་དངུལ་འབོར་ཆེན་རྐུ་འཁྱེར་བྱེད་མཁན་མི་ ༥ འཇུ་བཟུ་བཀག་ཉར་བྱས་ཡོད་འདུལ་ལ། མི་དེ་དག་ནི་ཊོ་རོན་ཊོ་མངའ་སྡེའི་ནང་གནས་སྡོད་རང་ལོ་ ༢༣ ཡིན་པ་འཇིགས་མེད་ལྷུན་འགྲུབ་(Jigme Lhundup)དང་། རང་ལོ་ ༢༤ ཡིན་པ་བསྟན་འཛིན་རྣམ་གསལ(Tenzin Namsal)། རང་ལོ་ ༢༨ ཡིན་པ་བསྟན་འཛིན་བདེ་ལེགས(Tenzin Delek)། རང་ལོ་ ༢༦ ཡིན་པ་ཚེ་རིང་ཆོས་ལྡན(Tsering Choden)། རང་ལོ་ ༣༣ ཡིན་པ་རཱ་མཱ་སཱ་མེ་(Umasangar Ramasamy) བཅས་ཡིན་པ་དང་། རཱ་མཱ་སཱ་མེ་ཟེར་པ་དེ་ཁོང་ཚོའི་ནང་གི་གཏེ་དཔོན་དེ་ཡིན་འདུག

དོགས་ཡོད་ཉེས་ཅན་པ་དེ་དག་གིས་ཁེ་ཎ་ཌའི་མངའ་སྡེ་ཊོ་རོན་ཊོའི་ནང་གི་མེ་འཁོར་བྱང་བུ་(TTC Metro) རྫུན་བཟོ་དང་ལྐོག་བཙོང་བྱས་ཡོད་འདུག མེ་འཁོར་བྱང་བུ་ནི་དངུལ་བྱང་ལྟ་བུ་ཞིག་ཡིན་པ་དང་། མེ་འཁོར་ནང་ཕན་ཚུན་འགྲུལ་བཞུད་སྐབས་མི་རྣམས་ཀྱིས་མེ་འཁོར་འཛིན་བྱང་ཐད་ཀར་ཉོ་མི་དགོས་པར་བྱང་བུ་དེ་སྤྱད་ནས་དངུལ་སྤྲོད་ཀྱི་ཡོད་སྟབས། ཁོ་ཚོས་གློག་ཀླད་བརྒྱུད་གཞུང་གི་མེ་འཁོར་བྱང་བུའི་གསང་གནས་ཀྱི་དངུལ་ཐད་ཀར་བྱང་བུ་རྫུན་མའི་ནང་འཕོ་འགྱུར་བཏང་སྟེ་བཙོང་ཡོད་འདུག

ཊོ་རོན་ཊོ་མངའ་སྡེའི་མེ་འཁོར་དངུལ་བྱང་བརྒྱུད་འདྲེན་ལས་ཁུངས་(TTC) ཀྱིས་བརྗོད་པ་ལྟར་ན། ཁོ་ཚོས་ད་ལོའི་ལོ་སྟོད་ཙམ་ནས་མེ་འཁོར་བྱང་བུའི་དངུལ་བརྒྱུད་འདྲེན་ནང་མིང་ཁ་གསལ་མེད་པའི་བྱང་བུའི་སྟེང་འཕོ་འགྱུར་འགྲོ་ཡི་ཡོད་པའི་གནས་ཚུལ་རིམ་པར་བྱུང་རྗེས། དོགས་གཞི་ཅན་གྱི་བྱང་བུ་དང་། བྱང་བུ་བཙོང་སའི་ས་ཚུགས་ཁག་བཅས་ལ་སོ་ལྟ་དང་། པར་དང་བརྙན་རིས་སོགས་ལེན་པའི་འཕྲུལ་ཆས་བཙུགས་པ། དམིགས་བསལ་ཞིབ་བཤེར་ཚན་ཆུང་ཟུར་འཛུགས་བྱས་པ་སོགས་བྱས་ཡོད་འདུག

དོགས་ཡོད་ཉེས་ཅན་པ་དེ་དག་ནི་ཊོ་རོན་ཊོ་མངའ་སྡེའི་ནང་གཏན་སྡོད་ཁེ་ཎ་ཌའི་མི་ཟེར་རྐྱང་ཡིན་པ་དང་། ཁོ་ཚོའི་ནག་ཉེས་དང་། མིང་། ལོ་སོགས་ལས་གཞན་པའི་ཞིབ་ཕྲའི་གནས་ཚུལ་གང་ཡང་བཀོད་མི་འདུག བྱང་བུ་རྗུན་བཟོ་བརྒྱུད་རྐུ་འཁྱེར་བྱས་པའི་དངུལ་གྲངས་ཨ་སྒོར་ ༡༨༠༠༠༠ ལྷག་ཡིན་པ་མ་ཟད། དོགས་ཡོད་ཉེས་ཅན་པ་དེ་དག་ལ་ནག་ཉེས་གཞན་ཡང་ཡོད་ཚུལ་གྱི་དོགས་གཞིའི་འོག་ཞིབ་བཤེར་བྱེད་ཀྱི་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

སྐར་མ ༥༨ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༢ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧

མཆན། 12

  1. མཉམ་ཞུགས says:
    ལོ་ 13 སྔོན།

    དུག་མདོང་རྩེ་དགུས་བཤད་སྟངས་ལ་བལྟོས་ན་ཡར་རྒྱས་ཀྱི་རྣམ་པའི་ཐོག་ནས་རྐུན་ཇག་དང་མི་གསོད་ཁྲག་སྦྱོར་གང་བྱས་ཀྱང་གཟི་བརྗོད་དང་འབྱོན་ཐང་ཞིག་ལ་ངོས་འཛིན་ཞུ་བ་ལས་མ་རབས་དང་ཞབས་འདྲེན་ཞིག་རེད་ཁྱོན་ནས་བསམ་གྱི་མེད་པ་འདྲ།ཡར་རྒྱས་ཀྱི་རྣམ་པའི་ཐོག་ནས་ཕ་མ་བུ་ཕྲུག་གསོད་མཁན་རྣམས་ལའང་དུག་མདོང་རྩེ་དགུས་ཁྱེད་རྣམ་ངས་ནམ་ཡང་ཞབས་འདྲེན་ཞིག་རེད་བསམ་གྱི་མེད་ཅེས་བསྔགས་བརྗོད་བྱེད་མདོག་ཁ་པོ་འདུག།འདི་ནི་ཕལ་ཆེར་ཡར་རྒྱས་ཡོད་ཚུལ་མཆོག་ཏུ་རློམ་ཆེ་བས་ལན་པ་རེད།སྐད་ཆ་བསམ་ནས་བཤད་རྒྱུ་གལ་ཆེ་བར་སེམས།

    Reply
  2. ཀརྨ་རྒྱལ་མཚན། says:
    ལོ་ 13 སྔོན།

    རྒྱ་གར་འདི་ཚོ་ནི་ང་ཚོ་བོད་ལ་སྔ་ཕྱི་བར་གསུམ་ལ་བཀའ་དྲིན་ཤིན་ཏུ་ཆེ།ད་ཆ་དུས་རབས་ཉེར་གཅིག་པ་ལ་གློག་ཕྲུལ་གི་སློབ་དཔོན།སྔ་མོ་དུས་རབས་བརྒྱད་པར་ནང་པའི་བསྟན་བཅོས་ཀྱི་སློབ་དཔོན།
    བཀའ་དྲིན་ཆེ།བཀའ་དྲིན་ཆེ།

    Reply
  3. ཀརྨ་རྒྱལ་མཚན། says:
    ལོ་ 13 སྔོན།

    བྱུང་ཞག་འོན་ཀྱང་རྒྱ་གར་བ་དེ་ནི་ཁྱེད་རང་ཚོའི་བཤེས་གཉེན་དམ་པ་ཞིག་ཡིན་བཟོ་འདུག་པས་དེ་དང་མ་བྲལ་བ་གྱིས།རྐན་པ་གཉིས་ནས་ཡག་པོ་བྱས་ནས་འཛིན་དགོས།

    Reply
  4. ཤུལ་ལུང་རྡོ་རྗེ། says:
    ལོ་ 13 སྔོན།

    དངོས་གནས་དགའ་སོང་། དེང་རབས་ཀྱི་རྐུ་མ་དང་ཇག་པ། དགྲ་ཕར་རྒྱག་ཐུབ་མཁན་དང་ནོམ་ཚུར་ལེན་ཐུབ་མཁན་རེ་བྱུང་བར་དངོས་གནས་དགའ་ཡོད།

    Reply
  5. དུག་མདུང་རྩེ་དགུ། says:
    ལོ་ 13 སྔོན།

    འགྲིག་ཤག་གྲོགས་པོ་ཚོ་དངོས་གནས་འཇོན་ཤག། འདི་ནི་བོད་ནས་རྟ་གཡག་རྐུ་བྱས་པ་དང་མི་འདྲ་བར་དུས་རབས་ཉེར་གཅིག་པའི་རྐུན་མའི་ཀླད་རྩལ་བཀོད་སྤྱོད་བྱས་་པ་རེད། ཡར་རྒྱས་ཀྱི་རྣམ་པ་ཞིག་རེད། ངས་ཁྱེད་ཚོ་ནམ་ཡང་ཞབས་འདྲེན་རེད་བསམ་གི་མི་འདུག མུ་མཐུད་ནས་རྒྱ་ནག་གི་དངུལ་ཁང་ལ་ལག་པ་འཆང་འེ་ཐུབ་བལྟ་རོགས། འདི་ཡོན་ཏན་ཞིག་རེད།

    Reply
  6. ཨ་ཕོ་མཐུ་ཆེན། says:
    ལོ་ 13 སྔོན།

    འདིར་ཡང་གཅིག་གཟིགས།
    http://www.youtube.com/watch?v=Wc5qA6TlLys

    Reply
  7. ཨ་ཕོ་མཐུ་ཆེན། says:
    ལོ་ 13 སྔོན།

    གསར་གྱུར་དེ་ཏག་ཏག་མ་རེད། མདོ་དོན་མི་ངན་དེ་ཚོས་མི་གཞན་གྱི་དངུལ་བཅུག་འདོན་བྱེད་བྱེད་(debit Card) ཟེར་བ་དེའི་ནང་ནས་སྒེར་གནས་(personal information) གློག་རྡུལ་འཕྲུལ་ཆས་བརྒྱུད་ནས་བརྐུ་བཤུ་བྱས་རྗེས་(debit card) རྫུན་མ་བཟོས་ཏེ་སྒེར་གནས་རྣམས་ཆ་ཚང་དེའི་ནང་ཕབ་བཤུས་བྱེད་ཀྱི་ཡོད། card རྗུན་མ་དེ་བེད་སྤྱད་དེ་མེ་འཁོར་སྤ་སེ་ངོ་མ་ཉོས་ཏེ་མི་གཞན་ལ་ཁེ་པོ་བྱེད་དེ་བཙོང་གི་ཡོད་པ་རེད། ཞིབ་པ་འབྲེལ་ཐག་འདི་ནས་གཟིགས་རོགས།

    http://www.cp24.com/news/losses-in-ttc-metropass-fraud-scheme-total-180k-1.979766#ixzz28IKY4WN7

    Reply
  8. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 13 སྔོན།

    བོད་རྒྱལ་ལོ། དངོས་གནས་འབྱོན་པོ་བྱུང་ད་བོད་པ་དེ་ཚོས་ནུབ་ཕྱོགས་ནས་གཞུང་གི་གསང་བ་ཕྱིར་འདོན་ལ་འབད་ནས་ཉིན་ཞིག་རྒྱ་ནག་གི་རྒྱལ་སྤྱིའི་གནམ་གྲུས་འཛིན་བྱང་གི་གསང་བ་ཕྱིར་འདོན་ལ་འབད་དགོས་པ་དང་མ་ཟད་བཀྲས་མཐོང་གིས་གཙོར་བྱས་པའི་ལྐོག་ཟ་རུལ་སུང་ལ་དགའ་བའི་བོད་གཞུང་ལས་བྱེད་འགའ་ཡི་དངུལ་ཁང་གསང་ཨང་ཧ་གོ་བ་བྱས་ནས་མི་དམངས་ཡར་རྒྱས་གཏོང་བར་
    འབད་ཤོག།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཨ་ཁ་ཁ། བོད་པའི་ཞབས་འདྲེན་ཞུས་པ་རེད། མ་འོངས་པར་ཕྱི་རྒྱལ་ལ་ཡོང་མཁན་ཚོར་བསླབ་བྱ་དང་། གཟབ་དགོས་པ་བསྟན་མི་འདུག་གམ།

    Reply
  10. སྐར་མདའ། says:
    ལོ་ 13 སྔོན།

    ཞབས་འདྲེན་རེད། ལྷག་པར་དུ་བོད་མིང་གི་ཐོག་ནས་དེ་ལྟར་ཞབས་འདྲེན་བྱས་པ་དེས་བོད་པར་ཡིད་ཆེས་བརླག་གཞི་ཞིག་ཆགས་པ་རེད། ཁྲམ་རྫུན་དེ་ཚོ་་་་

    Reply
  11. མི་ཆུང་། says:
    ལོ་ 13 སྔོན།

    ཁ་ན་ཊའི་ནང་བོད་པ་ལས་དེ་མིན་གྱི་མི་རིགས་སྐྱབས་བཅོལ་བ་ལྡབ་ཀྱི་མང་བ་ཡོད། ཡིན་ནའང་རྐུན་ཇག་མིང་ཐོའི་ནང་ཆེས་ཉུང་བའི་བོད་པ་འདི་དག་སླེབས་དོན་ཅི་ཡིན། ད་དུང་གནས་ཚུལ་གཞན་གྱི་ཐོག་ལ། དངུལ་ལོར་ལ་དགའ་བའི་ད་ལྟའི་མི་རབས་འདིས། ང་ཚོའི་མེས་པོ་ཚོའི་མིང་རྦད་དེ་ནུབ་ཀྱིན་འདུག

    Reply
  12. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    ད་ཆ་བཙན་བྱོལ་བོད་མིས་ཐོག་མར་ཁེ་ཎི་ཀྲའི་ནང་འཛུལ་བཞུགས་སྐབས་མཐོང་ཆེན་རྫུན་བཟོ་དང། དེ་རྗེས་རང་ཉིད་ཀྱི་ལོ་རྒྱུས་རྣམས་བོད་ནང་ཆབ་སྲིད་ལས་འགུལ་བྱེད་རབ་གྱིས་ལོ་རྒྱུས་རྫུན་བཟོ་བྱས་ནས་གཏན་སྡོད་ཡིག་རེག་ཐབ། ད་ཆ་རྒྱུན་སྤྱོད་ཀྱིས་འགྲུལ་ལག་འཁྱེར་བྱང་བུ་བརྫུ་བཟོ་བྱས་པ་དེ་དག་ཚང་བོད་ནང་གནས་བཞུགས་བོད་མི་ཚོས་ཤེས་རྟོགས་བྱུང་བློ་ཕམ་ག་ཚོོད་ཡོད་དམ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese