བོད་ནས་འབྲེལ་ཡོད་བོད་མི་ཞིག་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་དགོང་མོ་རང་ལོ་ ༣༧ ཡིན་པའི་ལྷ་སའི་སེ་ར་དགོན་པའི་གྲྭ་ཤེས་རབ་མཚན་སྤེལ་འབོད་པ། རྒྱ་གཞུང་བདེ་འཇགས་ཉེན་རྟོག་པས་གསང་སྟབས་ཀྱིས་དགོན་པའི་སྔགས་པ་གྲྭ་ཚང་གི་སྤྱི་ཁང་གྲྭ་ཤག་ནང་འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག དགོང་མོ་དེར་ཁོང་འཛིན་བཟུང་བྱེད་སྐབས་གྲྭ་ཤག་གཡས་གཡོན་གྱི་གྲྭ་བ་གཅིག་གིས་ཀྱང་ཤེས་ཐུབ་མེད་ཀྱང་། ཕྱིས་སུ་དགོན་པའི་ནང་ཁོང་ཁ་པར་བརྒྱུད་ཕྱི་ཕྱོགས་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་དང་། ཁ་པར་ནང་དོགས་གཞིའི་གནས་ཚུལ་ཡོད་པའི་དབང་གིས་འཛིན་བཟུང་བྱས་སྐོར་སོགས་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ད་ཆར་དགོན་པར་དམ་དྲག་བྱས་ཏེ་གནས་ཚུལ་དེའི་སྐོར་གླེང་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་འདུག
གྲྭ་ཤེས་རབ་མཚན་སྤེལ་ལགས་ནི། ལྷ་སའི་མལ་གྲོལ་གུང་དཀར་རྫོང་གྲ་ཤོད་ཞང་གི་མི་ཡིན་འདུག་ལ། ད་ལྟའི་བར་སེ་ར་དགོན་པའི་སྔགས་པ་གྲྭ་ཚང་དུ་སློབ་གཉེར་བྱས་ཏེ། དབུ་མ་རྙིང་པའི་འཛིན་གྲྭར་བསླེབས་ཡོད་འདུག
རྒྱ་དམར་འདི་ས་བོད་མི་རིགས་རྕ་མེད་བཟོ་རྒྱུ་གོ་རིམ་འགྲིག་སྟངས་དཔེར་ན་བོད་པའི་མི་ཚང་ཞིག་ཕོ་མོ་གཉིས་ཀ་གཞུང་གི་ལས་བྱེད་ཡིན་མཁན་ཚོ་རྒྱ་ཆ་བདུན་བཅུ་དོན་ལྔ་ད་ཆ་བུ་ཕྲུག་མེད་པའི་རབ་ཆད་བཟོ་ཡོད་པ་མ་ཟད་གཞི་རིམ་མི་དམངས་ལ་ཡང་དེ་བཞིན་ལག་བསྟར་བྱས་ཡོད་པ་དང་ད་དུང་དེའི་མི་ཚད་པར་རྒྱ་ཆེ་མི་དམང་གི་སྒོ་ཕྱུགས་ཀྱང་རྩ་མེད་བཟོས་ཡོད་